གངས་སྐྱིད་ཀྱིས་བསྒྱུར། 2016-12-27
ཞིན་ཧྭ་གསར་འགྱུར་ཁང་ཀ་ཡ་མན་རྡུ་ནས་འབྱོར་བའི་གཏམ་གསར། 《ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ》ཞེས་པའི་ནེ་པ་ལའི་ཡི་གེའི་པར་ཕུད་དེ་ཐོག་མར་འགྲེམས་སྤེལ་བྱེད་པའི་མཛད་སྒོ་ནེ་པ་ལའི་ཙུང་ཐུང་ཕོ་བྲང་དུ་སྤེལ་བ་རེད། ནེ་པ་ལའི་ཙུང་ཐུང་པ་ཏ་ལི་དང་ཀྲུང་གོ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལིའུ་ཆིན་པའོ་རྣམ་གཉིས་ཐོག་མར་འགྲེམས་སྤེལ་བྱེད་པའི་མཛད་སྒོར་ཞུགས་ཤིང་ཤིས་ཚིག་འབུལ་བ་རེད།
པ་ཏ་ལི་ཡིས་ནེ་པ་ལར《ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ》ཞེས་པའི་ནེ་པ་ལའི་ཡི་གེའི་པར་ཕུད་དེ་ཐོག་མར་འགྲེམས་སྤེལ་བྱས་པར་བརྒྱུད། ནེ་པ་ལིའི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ལ་རྟོགས་ཐུབ་ལ། ཀྲུང་གོའི་བཅོས་བསྒྱུར་དང་འཕེལ་རྒྱས། རྒྱལ་སྐྱོང་སོགས་ལ་རྟོགས་ཐུབ་པ་དང་། ཀྲུང་གོའི་སྨོན་འདུན་དང་ཀྲུང་ཧྭའི་རིག་གནས་ལ་རྟོགས་ཐུབ་པ། ཀྲུང་གོས་འཛམ་བུ་གླིང་ལ་ངོས་འཛིན་དང་ལྟ་རྟོགས་བྱེད་པ་ལའང་རྟོགས་ཐུབ་པ་རེད་ཅེས་བརྗོད།
《ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ》ཞེས་པའི་ནེ་པ་ལའི་ཡི་གེའི་པར་ཕུད་དེ་ཀྲུང་གོའི་ཕྱི་རྒྱལ་རིག་གནས་ཅུས་དང་ནེ་པ་ལའི་ཀྲུང་གོའི་ཞིབ་འཇུག་ལྟེ་བས་མཉམ་ལས་ཀྱིས་ཡིག་བསྒྱུར་བྱས་ཏེ་པར་དུ་བསྐྲུན་པ་རེད། 2014ལོའི་ཟླ་བ9པ་ནས་བཟུང་། 《ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ》ཞེས་པའི་པར་ཕུད་དེ་ཀྲུང་གོ་དང་། དབྱིན་ཇི། ཧྥ་རན་སེ། ཨུ་རུ་སུ་སོགས་སྐད་རིགས་བཅུ་གཅིག་ཏུ་བསྒྱུར་ནས་འཛམ་བུ་གླིང་ལ་འགྲེམས་སྤེལ་བྱས་ཡོད། རྒྱལ་ཁབ་དང་ས་ཁུལ100ལྷག་ལ་པར་ཕུད་ཁྲི620འགྲེམས་སྤེལ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱས་ཡོད། 《ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ》ཞེས་པའི་ནེ་པ་ལའི་ཡི་གེའི་པར་ཕུད་དེ་འགྲེམས་སྤེལ་བྱས་པ་དེ་ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ཏེ་ལོ60འཁོར་བར་འབུལ་རྟེན་བཟང་པོ་ཞིག་ཕུལ་ཡོད་པ་རེད།
 དོ་སྣང་ཆེ་བའི་རྩོམ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་།
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་། སླར་མཇལ་བ།
 སླར་མཇལ་བ། དུར་ཁྲོད་འོག་གི་དྲན་པ།
 དུར་ཁྲོད་འོག་གི་དྲན་པ། མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར།
 མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར། ཨ་ཕ་དང་ལུག་ཁྱུ།
 ཨ་ཕ་དང་ལུག་ཁྱུ། ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ།
 ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ། གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས
 གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས ཁུ་བྱུག
 ཁུ་བྱུག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས
 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ
 ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ