སྐབས་བཅུ་གཅིག་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཧེ་ནན་ཀྲེན་ཀྲའུ་གྲོང་ཁྱེར་དུ་མཇུག་སྒྲིལ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2019-09-19

   སྤྱི་ཚེས16ཉིན་གྱི་དགོང་མོ། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཧེ་ནན་ཀྲེན་ཀྲའུ་གྲོང་ཁྱེར་དུ་མཇུག་སྒྲིལ་ཡོད། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡོའུ་ཆོན་མཇུག་སྒྲིལ་མཛད་སྒོར་ཞུགས་པ་མ་ཟད་ལུས་རྩལ་འགྲན་ཚོགས་མཇུག་སྒྲིལ་བ་ཁྱབ་བསྒྲགས་ཀྱང་གནང་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་པ་ཐེར་མཇུག་འགྲིལ་མཛད་སྒོར་ཞུགས་གནང་ཡོད།

        དགོང་མོའི་ཆུ་ཚོད8པར། ཀྲེན་ཀྲའུ་གྲོང་ཁྱེར་ཨོ་ལིན་ཕིག་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཐང་དུ་གློག་འོད་རྣམ་པར་བཀྲ་ཞིང་། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་མཇུག་འགྲིལ་མཛད་སྒོ་དེ་གར་གཉེར་ཡོད་པ་རེད། རྒྱལ་ཡོངས་ས་གནས་ཁག་ནས་ཕེབས་པའི་མི་རིགས་ཁག་གི་ལུས་རྩལ་པ་དང་། རྩལ་སློབ་པ། སྐུ་མགྲོན་སོགས་ཀྱིས་སྤྲོ་སྣང་དང་། བཀྲིས་པའི་རྣམ་པའི་ཁྲོད་ཐུན་མོང་ཐོག་སྐབས་འདིའི་ལུས་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་མཇུག་འགྲིལ་བར་རྟེན་འབྲེལ་ཞུས་ཡོད། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུད་ཀྱི་ཅུད་ཀྲང་ཀོའུ་ཀྲུང་ཝེན་གྱིས་མཇུག་སྒྲིལ་ཤིས་ཚིག་སྒྲོན་གནང་ཡོད། མཇུག་སྒྲིལ་མཛད་སྒོ་དེ་ཧེ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡུས་ཧུང་ཆིའུ་ཡིས་གཙོ་སྐྱོང་གནང་ཡོད།     

སྐབས་བཅུ་གཅིག་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཧེ་ནན་ཀྲེན་ཀྲའུ་གྲོང་ཁྱེར་དུ་མཇུག་སྒྲིལ།

སྐབས་བཅུ་གཅིག་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཧེ་ནན་ཀྲེན་ཀྲའུ་གྲོང་ཁྱེར་དུ་མཇུག་སྒྲིལ།

སྐབས་བཅུ་གཅིག་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཧེ་ནན་ཀྲེན་ཀྲའུ་གྲོང་ཁྱེར་དུ་མཇུག་སྒྲིལ།


        མཇུག་སྒྲིལ་མཛད་སྒོའི་ཐོག སྐབས་བཅུ་གཅིག་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་ཀུན་སྤྱོད་དར་སྲོལ་བྱ་དགའ་ཐོབ་མཁན་འཐུས་མི་ཚོགས་པའི་མིང་ཐོ་ཁྱབ་བསྒྲགས་བྱས་ཡོད། མཇུག་སྒྲིལ་མཛད་སྒོའི་ཐོག་ད་དུང་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་སྤྲོད་ལེན་མཛད་སྒོ་གཉེར་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་བརྒྱུད། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྤྱི་ལོ2023ལོར་ཧའེ་ནན་ཞིང་ཆེན་དུ་གཉེར་རྒྱུ་ཡིན་པ་རེད།

སྐབས་བཅུ་གཅིག་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཧེ་ནན་ཀྲེན་ཀྲའུ་གྲོང་ཁྱེར་དུ་མཇུག་སྒྲིལ།

སྐབས་བཅུ་གཅིག་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཧེ་ནན་ཀྲེན་ཀྲའུ་གྲོང་ཁྱེར་དུ་མཇུག་སྒྲིལ།

སྐབས་བཅུ་གཅིག་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཧེ་ནན་ཀྲེན་ཀྲའུ་གྲོང་ཁྱེར་དུ་མཇུག་སྒྲིལ།

        སྐབས་འདིའི་ལུས་རྩལ་འགྲན་ཚོགས་ནི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་དབུས་རྒྱུད་ཞིང་ཆེན་དུ་གཉེར་ཐེངས་ཐོག་མ་དེ་ཡིན་པ་དང་། རྒྱལ་ཡོངས་ཀྱི་ཞིང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར31དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། བཅིངས་འགྲོལ་དམག དེ་བཞིན་ཐའེ་ཝན་བཅས་ཁྱོན་འཐུས་མི་ཚོགས་པ34ནས་ཡོང་བའི་ལུས་རྩལ་པ7009ཐུན་མོང་ཐོག་འགྲན་བསྡུར་རྣམ་གྲངས17དང་འཁྲབ་སྟོན་རྣམ་གྲངས194འགྲན་རྩོད་བྱས་ཡོད་པ་རེད། ལུས་རྩལ་འགྲན་ཚོགས་རིང་། ད་དུང་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་འགྲེམ་སྟོན་དང་། མི་རིགས་མཉམ་སྤྲོ་སོགས་ཀྱི་བྱེད་སྒོ་སྤེལ་ཡོད་པ་རེད།

སྐབས་བཅུ་གཅིག་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཧེ་ནན་ཀྲེན་ཀྲའུ་གྲོང་ཁྱེར་དུ་མཇུག་སྒྲིལ།

སྐབས་བཅུ་གཅིག་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཧེ་ནན་ཀྲེན་ཀྲའུ་གྲོང་ཁྱེར་དུ་མཇུག་སྒྲིལ།

སྐབས་བཅུ་གཅིག་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཧེ་ནན་ཀྲེན་ཀྲའུ་གྲོང་ཁྱེར་དུ་མཇུག་སྒྲིལ།

སྐབས་བཅུ་གཅིག་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཧེ་ནན་ཀྲེན་ཀྲའུ་གྲོང་ཁྱེར་དུ་མཇུག་སྒྲིལ།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཤིན་རྫོང་ཐན་ཕུ་ཏ་དབན་དུ་རྟོག་ཞིབ་གནང་བ།
  • ལེ་ཚན་རྗེས་མ།:ཨ་ལེའི་བརྩམས་ཆོས་གསར་པ《རི་འཛེག་པ》སྤེལ་ཤིང་། གློག་བརྙན་ཡང་ཟླ་9ཚེས་30ཉིན་རྒྱལ་ཡོངས་སུ་སྟོན་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།