ཉེ་བའི་ལོ་ཤས་རིང་། ཧོ་ནན་ཞིང་ཆེན་ཆིན་ཧོང་ཏའོ་གྲོང་ཁྱེར་ཧའེ་དབྱང་གྲོང་རྡལ་སྲིད་གཞུང་གིས་ཞིང་པར་སྣེ་ཁྲིད་ཧུར་ཐག་བྱས་ཏེ་དྲོན་ཁང་ཆེན་པོར་ཁམ་བུ་དང་། རྒུན་འབྲུམ། སྲེའུ་སོགས་ཁྱད་ཆོས་ལྡན་པའི་ཤིང་ཏོག་འདེབས་འཛུགས་བྱས་པ་དང་། དུས་མཚུངས་སུ་ཆེད་རམས་པ་གདན་འདྲེན་ཞུས་ཏེ་དུས་བཀག་ཏུ་ལག་རྩལ་ཐད་ཀྱི་ཁྲིད་སྟོན་བྱས་ཡོད། ཤིང་ཏོག་སྨིན་རྗེས་ཡུལ་མི་རང་ཉིད་ཀྱིས་བཏོགས་ཏེ་ཉོས་ཆོག་པས་། དཔལ་འབྱོར་གྱི་ཕན་ནུས་ཡག་པོ་ཐོབ་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་གྲོང་རྡལ་དེའི་དྲོན་ཁང་ཆེན་མོར་ཁྱད་ཆོས་ལྡན་པའི་ཤིང་ཏོག་འདེབས་ཁྱོན་མུའུ1000ལྷག་ཟིན་ཏེ་འདེབས་འཛུགས་བྱེད་མཁན་དུད་ཚང་ལ་ལོ་རེར་མུའུ་རེར་ཡོང་འབབ་སྒོར་ཁྲི3ཐོབ་པ་རེད།