ཁྲིམས་སྐྱོང་གི་དར་ཆེན་མཐོན་པོར་བསྒྲེངས་ནས་ཁྲིམས་ལྟར་བཅོས་སྐྱོང་རྒྱུན་ལྡན་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2019-09-09

ཁྲིམས་ལྟར་ཁུལ་སྐྱོང་བའི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་སྲིད་ཁྲིམས་ལས་ཁུངས་ཀྱི་འགན་འཁྲིའི་འགན་ནུས་ཁྱོན་ཡོངས་ནས་འདོན་སྤེལ་བྱེད་ཅིང་། ཁྲིམས་སྐྱོང་དབུལ་སྐྱོར་ལ་བརྟེན་ནས་དབུལ་ཐར་འགག་སྒྲོལ་ལས་ཀར་སྐུལ་འདེད་ཏན་ཏིག་གཏོང་ཆེད། ཁུལ་ཨུའི་བཀོད་སྒྲིག་གཞིར་བཟུང་ནས་ཟླ་བ8པའི་ཚེས30ཉིན། ཁུལ་ཨུས་སེར་ཤུལ་རྫོང་ཁྲོ་ཤུལ་གོང་མ་ཤང་དུ་ཉག་ཆུ་སྟོད་རྒྱུད་རྫོང4ཡི་གྲོང་རྡལ་དང་ཡུལ་ཤོག་ཤིན་ཏུ་དབུལ་ཕོངས24ཁྲིམས་ལྟར་བཅོས་སྐྱོང་གི་ཡུལ་དངོས་སྐུལ་འདེད་ཚོགས་འདུ་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གི་མངགས་བཅོལ་ལྟར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལུའོ་ཀྲེན་ཧྭ་ཚོགས་འདུར་ཞུགས་པར་མ་ཟད། ཉག་ཆུ་སྟོད་རྒྱུད་རྫོང4ཡི་གྲོང་རྡལ་དང་ཡུལ་ཤོག་ཤིན་ཏུ་དབུལ་ཕོངས24ཁྲིམས་ལྟར་བཅོས་སྐྱོང་གི་ཡུལ་དངོས་སྐུལ་འདེད་ཚོགས་འདུར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། ཁུལ་ཞིབ་དཔྱོད་ཁང་གི་འགོ་འཛིན་ལེའོ་ཞུའེ་ཏུང་གིས་ཚོགས་འདུའི་གཙོ་འགན་བཞེས་པ་རེད།

ཚོགས་འདུའི་ཐོག་ནན་གསུང་གནང་དོན། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བའི་ལོ་ཡིན་པས། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ནི་ལས་ཀ་མཐའ་དག་གི་སྔོན་འགྲོའི་ཆ་རྐྱེན་དང་སྲོག་ཤིང་ཡིན་ཞིང་། རྫོང4ཡི་གྲོང་རྡལ་དང་ཡུལ་ཤོག་ཤིན་ཏུ་དབུལ་ཕོངས24ཁྲིམས་ལྟར་བཅོས་སྐྱོང་མགྱོགས་མྱུར་སྐུལ་འདེད་གཏང་རྒྱུར་བརྟན་ཐོག་ཡར་བརྩོན་དང་ཞན་ཆ་ཁ་གསབ། འབྱུང་རྩ་བཅོས་སྐྱོང་བཅས་རྒྱུན་འཁྱོངས་བྱ་དགོས་པ་དང་ཁྲིམས་སྐྱོང་གི་ཚད་གཞིར་དམིགས་ཏེ། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱ་ཐབས་སྤྱད་དེ་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་ཡོང་བར་བཀག་སྡོམ་བཟོ་བའི་འབྱུང་རྩ་དང་གནད་དོན་གཏིང་ཟབ་ཐག་གཅོད་བྱ་དགོས། འགན་འཁྲི་དོན་འཁྱོལ་བྱ་རྒྱུར་རྒྱུན་འཁྱོངས་བྱས་ཏེ་རིམ་པ་བཞིན་ལས་ཀ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་ལས་ཀའི་ཕན་འབྲས་དངོས་ཐོན་པར་འགན་ལེན་ཏན་ཏིག་བྱ་དགོས།། 


  • ལེ་ཚན་སྔོན་མ།:བོད་ལྗོངས་ནོར་བུ་གླིང་ཁས་སྤོ་ཁྱེར་རུང་བའི་རིག་དངོས་ཁྲི1.6ཡོངས་བཤེར་བྱས་ཡོད།
  • ལེ་ཚན་རྗེས་མ།:གཡག་མདོ་མྱུར་བགྲོད་གཞུང་ལམ་གྱི་རྟིང་མའི་སྤྱི་ལེ་གཅིག་དེ་ད་ལོའི་རྒྱལ་སྟོན་དུས་ཆེན་སྐབས་སུ་རླངས་འཁོར་ཤར་གཏོང་ཐུབ་རེ་ཡོད།
  • དོ་སྣང་ཆེ་བའི་རྩོམ།