པདྨ་ཚེ་བརྟན་གྱི་གློག་བརྙན་གསར་བ《དབུགས་ལྒང》ཝེ་ཉི་སིའི་གློག་བརྙན་དུས་སྟོན་དུ་གཟིགས་འབུལ་བྱས།

    པདྨ་ཚེ་བརྟན་འཕྲིན་སྟེགས།    2019-09-03

པདྨ་ཚེ་བརྟན་གྱི་གློག་བརྙན་གསར་བ《དབུགས་ལྒང》ཝེ་ཉི་སིའི་གློག་བརྙན་དུས་སྟོན་དུ་གཟིགས་འབུལ་བྱས།

《དབུགས་ལྒང》གི་བརྙན་པར།

པདྨ་ཚེ་བརྟན་གྱི་གློག་བརྙན་གསར་བ《དབུགས་ལྒང》ཝེ་ཉི་སིའི་གློག་བརྙན་དུས་སྟོན་དུ་གཟིགས་འབུལ་བྱས།

《དབུགས་ལྒང》འཛམ་གླིང་ལ་ཐོག་མའི་གཟིགས་འབུལ་མ་བྱས་པའི་སྔོན་དུ།
འཁྲབ་འཁྲིད་པ་པདྨ་ཚེ་བརྟན་གྱིས་ལྟད་མོ་བ་དག་ལ་འཚམས་འདྲི་ཞུ་བའི་ཚུལ།

པདྨ་ཚེ་བརྟན་གྱི་གློག་བརྙན་གསར་བ《དབུགས་ལྒང》ཝེ་ཉི་སིའི་གློག་བརྙན་དུས་སྟོན་དུ་གཟིགས་འབུལ་བྱས།

འཁྲབ་ཁྲིད་པ་པདྨ་ཚེ་བརྟན་དང་ཕབ་སྐྲུན་ཚོགས་པའི་གསར་སྐྲུན་པ་གཙོ་བོ་ཁག་ཅིག་
ཐོག་མའི་གཟིགས་འབུལ་གྱི་མཛད་སྒོར་ཞུགས་ཏེ་ཁ་བརྡ་བྱེད་བཞིན་པའི་ཚུལ།

པདྨ་ཚེ་བརྟན་གྱི་གློག་བརྙན་གསར་བ《དབུགས་ལྒང》ཝེ་ཉི་སིའི་གློག་བརྙན་དུས་སྟོན་དུ་གཟིགས་འབུལ་བྱས།

འཁྲབ་ཁྲིད་པ་པདྨ་ཚེ་བརྟན།

པདྨ་ཚེ་བརྟན་གྱི་གློག་བརྙན་གསར་བ《དབུགས་ལྒང》ཝེ་ཉི་སིའི་གློག་བརྙན་དུས་སྟོན་དུ་གཟིགས་འབུལ་བྱས།

འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི《དབུགས་ལྒང》འཛམ་གླིང་སྟེང་ཐོག་མར་གཟིགས་འབུལ་མ་བྱས་གོང་ལ་
ཝེ་ཉི་སིའི་གློག་བརྙན་དུས་ཆེན་གྱི་ཀྲུའུ་ཞི་ཨར་ཐའོ་པེ་ལ་ཁ་བཏགས་འཐེན་བཞིན་པའི་ཚུལ།

པདྨ་ཚེ་བརྟན་གྱི་གློག་བརྙན་གསར་བ《དབུགས་ལྒང》ཝེ་ཉི་སིའི་གློག་བརྙན་དུས་སྟོན་དུ་གཟིགས་འབུལ་བྱས།

འཁྲབ་ཁྲིད་པ་པདྨ་ཚེ་བརྟན་དང་གཙོ་འཁྲབ་པ་སྦྱིན་པ་དང་གཡང་ཕྱུག་མཚོ་བཅས་ཀྱི་མཉམ་པར།

པདྨ་ཚེ་བརྟན་གྱི་གློག་བརྙན་གསར་བ《དབུགས་ལྒང》ཝེ་ཉི་སིའི་གློག་བརྙན་དུས་སྟོན་དུ་གཟིགས་འབུལ་བྱས།

《དབུགས་ལྒང》ཁྲོད་ཀྱི་སྒྲོལ་དཀར་སྤྲས་པའི་བསོད་ནམས་དབང་མོ།

     དབྱི་ཐ་ལིའི་ས་གནས་དུས་ཚོད་དེ་སྤྱི་ཟླ8པའི་ཚེས30ཉིན། ཡིད་དུ་འོང་པའི་ཝེ་ཉི་སིའི་ཆུ་ཡི་གྲོང་ཁྱེར་དུ་གྲགས་པའི་ལི་ཏུའུ་གླིང་ཕྲན་སྟེང་བོད་སྐད་གློག་བརྙན་གྱི་སྣེ་ཁྲིད་པ་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་བརྩམས་ཆོས་གསར་བ་སྟེ《དབུགས་ལྒང》ཞེས་པ་ཐོག་མར་གཟིགས་འབུལ་བྱས་ཤིང་། ལྟ་མཁན་ཆིག་སྟོང་བཞི་བརྒྱ་ལྷག་ཤོང་བའི་གློག་བརྙན་ཕོ་བྲང་དུ་བཞུགས་གྲལ་གཅིག་ཀྱང་ཆད་ལྷག་མེད་པར་འདུས་ཡོད།འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གཙོས་གསར་སྐྲུན་གཙོ་བོ་ཁག་ཅིག་ཐེངས་འདིའི་མཛད་སྒོར་ཞུགས་ཤིང་། རྒྱལ་སྤྱིའི་བརྙན་ཞེན་པ་དག་དང་ལྷན་དུ་གློག་བརྙན་ལ་བལྟས་ཤིང་། ཕུལ་དུ་བྱུང་བའི་གློག་བརྙན་བརྩམས་ཆོས་འདི་ཉིད་འཛམ་གླིང་ལ་ཐོག་མར་སྐྱེས་སུ་ཕུལ་བའི་གོ་རིམ་ཆ་ཚང་ལ་བདེན་དཔང་བྱས།

     གློག་བརྙན་མཇུག་རྫོགས་པའི་རོལ་དབྱངས་ཀྱི་འགྱུར་ཁུགས་དང་བསྡོངས་ནས།ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་ཀྱིས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་བར་མ་ཆད་པར་གྲགས་ལ།བསྟོད་བསྔགས་དང་གདེང་འཇོག་ཀྱང་བླ་ལྷག་ཐོབ། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གཙོས་གློག་བརྙན་གྱི་གསར་སྐྲུན་པ་གཙོ་བོ་དག་གར་སྟེགས་སུ་བུད་ནས།ལྟད་མོ་བ་དང་མཉམ་དུ་གློག་བརྙན་གྱི་བྱ་བའི་མགོ་མཇུག་བར་གསུམ་ཐད་ནས་ཁ་བརྡ་བྱས།

     འཛམ་གླིང་ལ་ཐོག་མར་གཟིགས་འབུལ་བྱས་པ་དང་བསྟུན་ནས་གློག་བརྙན་ལ་གདེང་འཇོག་རབ་དང་རིམ་པར་བྱུང་ཞིང་། རྒྱལ་སྤྱིའི་སྨྱན་སྦྱོར་དང་ལྟད་མོ་བ་རྣམས་ཀྱིས་ཀྱང་གདེང་འཇོག་ཧ་ཅང་མཐོན་པོ་གནང་བཞིན་ཡོད།《རྒྱལ་སྤྱིའི་བརྙན་ཡོལ》ཞེས་པའི་དུས་དེབ་སྟེང“བོད་ཀྱི་ཟློས་གར་རང་བཞིན་ལྡན་པའི་གློག་བརྙན་འདི་ལས་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ནི། ཆེད་ལས་དང་ཆེད་ལས་མ་ཡིན་པའི་འཁྲབ་སྟོན་པ་གང་ཡིན་རུང་ཕུལ་དུ་བྱུང་བའི་མཛུབ་སྟོན་གྱི་ནུས་པ་ལྡན་པ་རྟོགས་ཐུབ་ལ། འབྲོག་པའི་ཁྱིམ་མིའི་བར་དང་ཕོ་མོའི་བར་གྱི་འབྲེལ་བ་གང་དེ་མངོན་ལྐོག་གང་རུང་ནས་བསྟན་ཡོད་པ་མ་ཟད། གློག་བརྙན་འདིའི་ནང་དུ་ཕུན་སུམ་ཚོགས་པའི་དོན་སྙིང་སྣ་མང་མཆིས་པས་མི་སེམས་རབ་ཏུ་འགུག་ཐུབ་པའི་གློག་བརྙན་བརྩམས་ཆོས་ཤིག་གོ །

     《དབུགས་ལྒང》ཞེས་པའི་གློག་བརྙན་འདི་ནི་པེ་ཅིང་ཧྲིན་ཐང་དུས་རབས་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་ཟི་དང་གུང་ཁྲང་ཏཱ་མིན་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི། མཚོ་སྔོན་མ་ཎི་རྡོ་འབུམ་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི།པེ་ཅིང་ཅིའུ་ཀྲོའུ་དབུས་ཁུལ་གྱི་ཨང་ཀིའི་གློག་བརྙན་ཁང་ཚད་ཡོད་ཀུང་ཟི། ཨའེ་ཆིའི་སྒྱུ་རྩལ་ལས་རིགས་ཚད་ཡོད་ཀུང་ཟི་བཅས་ཀྱིས་མཉམ་འབྲེལ་ཐོག་བསྐྲུན་ཞིང་།ཁྲི་ཅོས་ཕྱི་གླིང་དུ་འགྲེམ་སྤེལ་བྱས་པ་ཡིན། 《དབུགས་ལྒང》ཞེས་པའི་གློག་བརྙན་འདིའི་ཁྲོད་དུའང་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་འདས་མ་འོངས་ད་ལྟ་གསུམ་ལ་བརྟན་སྲུང་བྱས་པའི་མི་ཆོས་སྙིང་སྟོབས་དང་བོད་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་མཛེས་སྡུག་གི་ཆ་དེ་མངོན་པར་བྱས་ཡོད།གློག་བརྙན་ཁྲོད་དུ་མི་སྣ་གཙོ་བོ་དར་རྒྱས་ཀྱི་ཁྱིམ་མི་གང་བོར་སྤྱིར་བཏང་གི་སྦྲུམ་འགོག་སྲུང་ཤུབས་ཤིག་གིས་ཅི་བྱ་གཏོལ་བྲལ་དང་གདམ་ཀ་བྱེད་དཀའ་བའི་དོན་དག་རབ་དང་རིམ་པར་འཕྲད་དུ་བཅུག་ཅིང་།ལར་ལྷིང་འཇགས་སུ་གནས་པའི་ཁོ་ཚོའི་འཚོ་བ་རྦད་དེ་དཀྲོགས། སྐྱེ་རྒ་ན་འཆི་ནི་ཉི་ཟླ་རེས་མོས་སུ་འཁོར་བ་འདྲ་བས། མི་རྣམས་ཀྱིས་རྣམ་ཤེས་དང་དངོས་ཡོད་བར་ནས་གདམ་ཀ་ཇི་ལྟར་བྱའམ།འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་ཁོང་གིས་རྣམ་ཤེས་དང་དོན་དངོས་བར་གྱི་ཛ་དྲག་གི་འབྲེལ་བ་བརྗོད་པར་བརྟེན་ནས།མི་སེར་གྱི་གནས་སྟངས་དང་དཀའ་ངལ་འཚོལ་ཞིབ་བྱས་ཡོད་པས།གཟིགས་མོ་བ་དག་ལ་སྔ་ན་མ་མཆིས་པའི་བརྩེ་སེམས་ཐད་ཀྱི་མཉམ་འུར་ཐེངས་ཤིག་བསླངས་ཡོད་ཟེར།

     རྒྱུས་ལོན་བྱུང་བ་བསྟར་ན།ཐེངས་འདིར《དབུགས་ལྒང》ཕབ་སྐྲུན་ཐད་འཇོན་ཐང་ཅན་གྱི་གསར་རྩོམ་མཁན་མང་པོ་ཞིག་བསྡུ་རུབ་བྱས་ཡོད་ལ།འཁྲབ་སྟོན་པའི་ངོས་ཐད་ནས་བཤད་ན། གཙོ་འཁྲབ་པ་བསོད་ནམས་དབང་མོ་དང་སྦྱིན་པ། གཡང་ཕྱུག་མཚོ་སོགས་ཡར་སྔོན་ནས་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལ་མཉམ་འབྲེལ་གང་མང་བྱས་མྱོང་བའི་ནུས་ལྡན་གྱི་འཁྲབ་སྟོན་པ་རྒྱུས་ཡོད་དག་སྔར་བཞིན་ཟབ་ཞུགས་བྱས་ཤིང་།《ཐར་ལོ》ཞེས་པའི་གློག་བརྙན་གྱི་གཙོ་འཁྲབ་པ་ཞི་བདེ་ཉི་མས་ཀྱང་གློག་བརྙན་འདིའི་ཁྲོད་དུ་དམིགས་བསལ་གྱིས་འཁྲབ་སྟོན་བྱས་ཡོད།རྒྱབ་ཕྱོགས་ངོས་ཐད་ནས་བཤད་ན། བརྙན་ལེན་མཛུབ་སྟོན་པ་ལེའུ་སུང་ཡའེ་དང་སྒྲིག་སྦྱོར་མཛུབ་སྟོན་པ་ལོའུ་ཆིན་སུང་།ཅིན་ཏེས། སྒྲ་ལེན་མཛུབ་སྟོན་པ་ཏའོ་ཏུའུ་ཀྲི་སོགས་ལས་རིགས་ཁོངས་གཏོགས་ཀྱི་ཆེད་མཁས་མི་སྣ་དག་རང་ནུས་ཅི་ལྕོགས་སྒོས་ཟབ་ཞུགས་བྱས་ཤིང་།དེ་བས་ཀྱང་ཐེངས་འདིའི་གློག་བརྙན་གྱི་རམ་འདེགས་རོལ་དབྱངས་སྦྱོར་མཁན་ནི་འདས་ཟིན་པའི་དབྱི་ལང་གི་གློག་བརྙན་མཁན་པོ་ཨ་པཱ་ཟིའི་ཆེད་ཞུའི་དབྱངས་རྩོམ་མཁན་ཕཱེ་མིན་ཡཱ་ཚི་ཏཱ་ཉི་ཨན(Peyman Yazdanian)ལགས་ཡིན།

     འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་ཁྲིད་པའི་དབུགས་ལྒང་གི་གསར་སྐྲུན་པ་གཙོ་བོ་ཁག་ཅིག་འཛམ་གླིང་ལ་ཐོག་མར་གཟིགས་འབུལ་བྱ་བའི་མཛད་སྒོར་ཞུགས་པ།གཡོན་ན་རྩིས་ན་དང་པོ་ནི་བརྙན་ལེན་མཛུབ་སྟོན་པ་ལོའུ་སུང་ཡེ་དང་མཉམ་འབྲེལ་བཟོ་སྐྲུན་པ་ལང་ཡའེ།འཇིག་མེད་འཕྲིན་ལས། སྐྲུན་མཁན་ཀྲའོ་ཞོ་ཝུན། འཁྲབ་ཁྲིད་པ་པདྨ་ཚེ་བརྟན། སྐྲུན་མཁན་དང་བཟོ་སྐྲུན་པ་ཧུང་ཞའོ་ཧྥིན། གཙོ་འཁྲབ་པ་སྦྱིན་པ་དང་གཡང་ཕྱུག་མཚོ། ལིའུ་མའོ་དབྱང་བཅས་ཀྱི་མཉམ་པར།

     གློག་བརྙན་འདིའི་ཁྱད་ཆོས་གཙོ་བོ་གཅིག་ནི།འཁྲབ་ཁྲིད་པ་དང་བརྙན་ལེན་པ་གཉིས་ཀྱིས་མཉམ་འབྲེལ་སྒོས་མངོན་པའི་བོད་ཀྱི་ཡིད་བརྙན་དང་།ལྷག་པར་དུ་བྱིས་པ་གཉིས་ཀྱི་ལག་ཏུ་གཡོ་འགུལ་བྱེད་བཞིན་པའི“དབུགས་ལྒང”དཀར་པོ་དང་གནམ་སྔོན་པོའི་འོག་ཏུ་ལྷབ་ལྷུབ་ཏུ་གཡོ་བའི་དབུགས་ལྒང་དམར་པོ་གཉིས་ཕན་ཚུན་བསྡུར་བ་བྱས་ཡོད་ལ།རིམ་བཞིན་ཞི་བར་གྱུར་པའི་མཆོད་མེ་དང་བུ་མོ་ཚོའི་གདོང་ན་འཛུམ་པའི་ཆུ་རྡུལ་དག་སྐབས་བསྟུན་བྱས་ཡོད།གློག་བརྙན་གྱི་ཚོན་མདོག་བསྡེབས་སྟངས་ཀྱི་ཆ་ནས་མདོག་སྔོ་སྐྱ་བཀོལ་ཞིང་རྒྱབ་ལྗོངས་ཕལ་ཆེ་བ་འཁྲུལ་སྣང་ཅན་དུ་བསྒྱུར་ནས།མི་སྣའི་སེམས་ཁམས་དེ་འཚོ་བའི་དཀའ་སྡུག་ལས་ཐར་བར་བྱས་པའི་རྣམ་པ་མངོན་ཡོད། བརྙན་རིས་ལས་མི་རྣམས་ལ་བློ་བདེ་བག་ཕེབས་ཡོང་བ་བྱེད་པ་ནི་འཁྲབ་ཡུལ་ཁ་ཤས་ཀྱི་ཁྲོད་དུ་མངོན་པའི་ཁང་བའི་ནང་མེ་འོད་ལམ་ལམ་དུ་མཆེད་ཅིང་དྲོ་སྐྱིད་ལྡན་པའི་རྣམ་པ་དེ་ཡིན།

     ཐེངས་འདིར་ཆེད་དུ་བསྟོད་བསྔགས་བྱེད་རིན་ཡོད་པ་ཞིག་ནི།གློག་བརྙན་ཁྲོད་ཀྱི་སྐྱེས་མ་རྣམས་ཀྱིས་གཏམ་རྒྱུད་ལ་སྐུལ་འདེད་བཏང་བའི་ཚད་ནི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་སྔོན་མའི་བརྩམས་ཆོས་དག་དང་བསྡུར་ན་ཐག་གཅོད་ཀྱི་རང་བཞིན་ལྡན་པའི་ནུས་པ་ཡོད།ཁྱིམ་ཐབ་བཟུང་ཟིན་པའི་ཨ་ཅེ་སྒྲོལ་དཀར་དང་རབ་བྱུང་བསྒྲུབས་ཟིན་པའི་ནུ་མོ་བྱང་ཆུབ་སྒྲོལ་མ་གཉིས་ཀྱིས་སེམས་ཁམས་ཅི་འདྲ་ཞིག་བཅངས་ནས་རང་ཉིད་ཀྱི་ལས་དབང་ལ་གདམ་ག་བྱས་ཡོད།

     འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གསར་རྩོམ་གྱི་རྗེས་ཤུལ་ལ་བལྟས་ན། ང་ཚོས་ཁོའི་གློག་བརྙན་བརྩམས་ཆོས་ལ་འགྱུར་བ་མང་པོ་བྱུང་བ་མཐོང་ཐུབ་པ་དང་། དེ་སྔའི་ཕ་ཡུལ་གྱི་གཏམ་རྒྱུད་ཁག་གསུམ་དུ་བགྲངས་པའི《ལྷིང་འཇགས་མ་ཎི་རྡོ་འབུམ》(2005ལོར)དང《འཚོལ》(2007ལོར)དང《ཁྱི་རྒན》(2009ལོར་)སོགས་ནང་བཞིན་དངོས་བཤུས་གློག་བརྙན་ལུགས་ཀྱི་ཐབས་ཤེས་མི་འདྲ་བར།ཉེ་བའི་ལོ་འདི་འགར་ཕབ་པའི་བརྩམས་ཆོས་དག་ནི་གློག་བརྙན་སྐད་བརྡ་དང་རྣམ་པ་གང་གི་ཆ་ནས་ཀྱང་ཐོལ་བརྒལ་བྱུང་ཡོད།《ཐར་ལོ》(2015ལོ)ཡི་དོ་མཉམ་རང་བཞིན་མིན་པའི་བརྙན་རིས་ཀྱི་གྲུབ་ཚུལ་དང་ཚོན་མདོག་དཀར་ནག དེ་མིན་མེ་ལོང་ལས་མངོན་པའི་ལུགས་ལྡོག་རང་བཞིན་གྱི་མཚོན་སྟངས་སོགས་སྤྱད་ནས།མི་སྣ་གཙོ་བོ་ཐར་ལོ་ཞེས་པ་འཇིམ་སྐུ་ནང་བཞིན་གསར་བཞེངས་བྱས་ཡོད།《ལག་དམར》ལ(2018)ནུབ་རྒྱུད་གློག་བརྙན་གྱི་ཁྱད་ཆོས་མངོན་པར་གསལ་ཞིང་། ཟློས་གར་ལ་སྐུད་ཐིག་ཟུང་ལྡན་གྱི་སྒྲིག་གཞི་དང་།བརྙན་ལེན་བདེན་རྫུན་གྱི་བརྗེ་སྤོར། ཕྱི་ནང་ལྗོངས་རྣམ་གྱི་བར་སྟོང་བཅས་ཕན་ཚུན་བསྣོལ་མར་བསྲེས་ཡོད་པས།གློག་བརྙན་ལ་རྨི་ལམ་ལྟ་བུའི་འཕྲུལ་སྣང་གི་ཕན་འབྲས་བྱུང་ཡོད།ཐེངས་འདིའི་བརྩམས་ཆོས་གསར་བ《དབུགས་ལྒང》ཕབ་སྐྲུན་བྱས་པའི་ངོས་ཐད་ནས་བལྟས་ན། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་གཏམ་རྒྱུད་འབྲི་སྟངས་ཀྱི་ཆ་ནས་དངོས་བྲིས་རིང་ལུགས་ཀྱི་བགྲོད་ལམ་ཐོག་ཕྱིར་ལོག་ཡོད་ནའང་།ཡར་སྔོན་གྱི་དངོས་བཤུས་གློག་བརྙན་ལྟ་བུའི་བྱེད་ཐབས་སྤྱད་མེད་པར། ཁོང་གིས་བརྙན་ལེན་མཛུབ་སྟོན་པ་ལིའུ་སུང་ཡེ་དང་གཞོགས་འདེགས་གང་ལེགས་བྱས་ཏེ།འབྲོག་པ་ཞིག་གི་དུས་རྒྱུན་གྱི་འཚོ་བའི་གནས་ཚུལ་ཞིབ་ཅིང་ཕྲ་བ་དེ་སླར་གསོ་བྱེད་སྐབས།མི་སྣ་གཙོ་བོའི་ནང་སེམས་ལས་བརྡོལ་བའི་དགའ་སྐྱོ་ཆགས་སྡང་གི་ཉམས་འགྱུར་སྣ་ཚོགས་བརྙན་རིས་ངོས་སུ་ཕབ་ནས།མཇུག་མཐར་ཡངས་ཤིང་རྒྱ་ཆེ་བའི་དཀར་མདོག་གི་བརྙན་ཡོལ་ངོས་སུ་བསྐྱལ་ཡོད།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་ལག་རྩེད་སྤོ་ལོའི་མཉམ་འབྲེལ་ཚོགས་པའི་ཀྲུའུ་ཞི་མུ་ལ་ཐོ་ལེ་དང་མཇལ་འཛོམས་གནང་བ།
  • ལེ་ཚན་རྗེས་མ།:“འཛམ་གླིང་སྟེང་ཆེས་ཆེ་བའི་མིས་འདེབས་སྟར་བུའི་ཚལ་ཆེན་པོ”ལྷོ་ཁ་རུ་ཡོད་པ་བདེན་དཔང་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།