ཞི་ཅིན་ཕིང་གིས་ཀན་སུའུ་ཞིང་ཆེན་དུ་གཟིགས་ཞིབ་གནང་སྐབས་ཡིད་ཆེས་བརྟན་པོས་གསར་སྤེལ་གསར་སྐྲུན་བྱས་ནས་རྡོག་རྩ་གཅིག་སྒྲིལ་གྱིས་མི་དམངས་ཕྱུག་ཅིང་ཀན་སུའུ་དར་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་སྐྱོང་བྱ་དགོས་གསུངས།

ལྷ་འཛོམས་ཀྱིས་བསྒྱུར།        2019-08-26

   

ཞི་ཅིན་ཕིང་གིས་ཀན་སུའུ་ཞིང་ཆེན་དུ་གཟིགས་ཞིབ་གནང་སྐབས་ཡིད་ཆེས་བརྟན་པོས་གསར་སྤེལ་གསར་སྐྲུན་བྱས་ནས་རྡོག་རྩ་གཅིག་སྒྲིལ་གྱིས་མི་དམངས་ཕྱུག་ཅིང་ཀན་སུའུ་དར་རྒྱས་ཀྱི་རྣམ

   ཞིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། སྤྱི་ཟླ8པའི་ཚེས19ནས22ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀན་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིན་ཧྥུང་དང་ཞིང་དཔོན་ཐང་རེན་ཅན་གྱིས་ལྷན་ཕེབས་འོག སྔ་རྗེས་སུ་ཀན་སུའུ་ཞིང་ཆེན་གྱི་ཅིའུ་ཆོན་དང་ཅ་ཡུས་ཀོན། ཀྲང་ཡེ། ཝུའུ་ཝེ། ལན་ཀྲོའུ་བཅས་ས་གནས་སུ་རིག་གནས་དངོས་རྫས་སྲུང་སྐྱོང་སྡེ་ཚན་དང་ཞིང་སྡེ། སློབ་གྲྭ རྩྭ་ར། ནགས་ར། གསར་བརྗེའི་དྲན་གསོ་ཁང་། རྨ་ཆུ་བཅོས་སྐྱོང་དང་ཆུ་འགོག་ཨར་ལས། རིག་གནས་ཁེ་ལས་སོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཐོག་མའི་བསམ་འདུན་མི་བརྗིད་ཅིང་འགན་འཁྲི་སེམས་ལ་བརྟན་པོ་འཆང་བའི་བརྗོད་དོན་གཙོ་བོའི་སློབ་གསོ་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།

    ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་ལག་བསྟར་མཐའ་ཕྱིན་པ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། ཡིད་ཆེས་བརྟན་པོ། གསར་གཏོད་གསར་སྐྲུན། ནན་འཛིན་དངོས་སྒྲུབ། མཐུན་སྒྲིལ་གཅིག་སེམས་བཅས་བྱས་ཏེ་ཁྱོན་ཡོངས་ནས་འཕར་སྣོན་བརྟན་པོ་ཡོང་བ་དང་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། གྲུབ་ཚུལ་ལེགས་སྒྲིག དམངས་འཚོ་ཕན་པ། ཉེན་ཁ་འགོག་པ། བརྟན་བརླིང་སྲུང་སྐྱོང་སོགས་ཀྱི་ལས་ཀ་ཁག་ཡག་མོ་བསྒྲུབ་དགོས། དེ་བཞིན་དུ་དབུལ་ཐར་འགག་སྒྲོལ་ཇེ་ཟབ་ཏུ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱག་པ། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ་བཅས་བྱས་ནས་བདེ་སྐྱིད་མཛེས་སྡུག་ལྡན་པའི་ཀན་སུའུ་གསར་པ་ཇེ་མགྱོགས་སུ་སྐྲུན་པ་དང་རྒྱུད་ཆད་མེད་པར་མི་དམངས་ཕྱུག་ཅིང་ཀན་སུའུ་དར་རྒྱས་ཡོང་བའི་རྣམ་པ་གསར་པ་འཛུགས་སྐྱོང་བྱ་དགོས།།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས“གསར་འགོད་པ་སླར་ཡང་རྒྱང་སྐྱོད་ལམ་བུར་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོར་མཛུབ་སྟོན་དང་ནན་བཤད་གལ་ཆེན་གནང་།
  • ལེ་ཚན་རྗེས་མ།:སི་ཁྲོན་བོད་ཁུལ་གྱིས“སྒྲ་དབྱངས་དངོས་མང་འགྲེམས་ཁང”བསྐྲུན་ནས་བོད་ཀྱི་རིག་གནས་དྲན་གསོ་ཉར་ཚགས་བྱས།
  • དོ་སྣང་ཆེ་བའི་རྩོམ།