སི་ཁྲོན་གྱིས་སོ་ཕག་དང་རྫ་གཡམ་ལས་རིགས་དག་ཐེར་བཅོས་སྐྱོང་བྱས་ཏེ་དྭངས་གཙང་གི་ཨ་སྔོན་སྲུང་སྐྱོང་བྱས།

ཡེ་མིང་གིས་བསྒྱུར།        2019-07-08

ཞིན་ཧྭ་གསར་འགྱུར་ཁང་གི་ཁྲེང་ཏུའུ་ནས་སྤྱི་ཟླ7པའི་ཚེས3ཉིན་འབྱོར་བའི་གཏམ་གསར། དྭངས་ཤིང་གཡའ་དག་པའི་ནམ་མཁའ་སྲུང་འཛིན་བྱ་ཆེད། ཉེ་ཆར་སི་ཁྲོན་ཞིང་ཆེན་གྱིས་སོ་ཕག་དང་རྫ་གཡམ་ལས་རིགས་དག་ཐེར་བཅོས་སྐྱོང་བྱས་ཏེ་གཙོ་གནད་དུ་རྗེས་ལུས་ཀྱི་ཐོན་སྐྱེད་ནུས་པ་འདོར་བུད་དང་། སྒྲིག་ཁྲིམས་དང་འགལ་མཁན་གྱི་ཁེ་ལས་ལ་ཆད་གཅོད་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱས་པ་རེད། སི་ཁྲོན་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཐིང་། སྐྱེ་ཁམས་ཁོར་ཡུག་ཐིང་། རང་བྱུང་ཐོན་ཁུངས་ཐིང་བཅས་སྡེ་ཁག་མང་པོས་མཉམ་འདྲེས་བྱས་ཏེ་ཞིང་ཆེན་ཡོངས་སུ་དུས་ཡུན་ཟླ་བ་དྲུག་གི་རིང་ལ་སོ་ཕག་དང་རྫ་གཡམ་ལས་རིགས་ཆེད་དོན་དུ་དག་ཐེར་བཅོས་སྐྱོང་བྱས་པའི་བྱ་སྤྱོད་སྤེལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་སི་ཁྲོན་ལ་སོ་ཕག་དང་རྫ་གཡམ་བདག་གཉེར་བྱེད་མཁན་གྱི་ཁེ་ལས1934ཡོད་པར་བརྟེན། ཁེ་ལས་འདི་དག་གིས་བཙོག་ཆུ་གཏོང་ཚད་ཅུང་མང་བ་དང་རྗེས་ལུས་ཀྱི་ཐོན་སྐྱེད་ནུས་པ་རྦད་དེ་འདོར་བུད་བྱས་མེད་ལ། སྒྲིག་སྲོལ་དང་འགལ་ནས་ཐོན་སྐྱེད་ནུས་པ་གསར་སྣོན་བྱས་ཤིང་། ཁེ་ལས་ཀྱི་ཆོག་འཐུས་འགྲོ་ལུགས་ཆ་མི་ཚང་བ། ཁོར་ཡུག་གི་སྒྲིག་བཀོད་ཚད་གཞིའི་ཐོག་ལོན་མེད་ལ་རང་མོས་གང་བྱུང་གིས་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་བཀོད་སྤྱོད་མཚམས་འཇོག་པའི་གནད་དོན་ཡོད་པ་རེད། སི་ཁྲོན་ཞིང་ཆེན་གྱིས་ས་གནས་སོ་སོར་གསར་སྐྲུན་དང་ལག་རྩལ་ལེགས་སྒྱུར། རྒྱས་སྐྲུན་བཅས་བྱ་རྒྱུའི་སོ་ཕག་དང་རྫ་གཡམ་བདག་གཉེར་བྱེད་མཁན་ཁེ་ལས་ཀྱི་ཁོར་ཡུག་ཤུགས་རྐྱེན་གྱི་དཔྱད་བསྡུར་ལམ་ལུགས་ལག་ལེན་ནན་པོ་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་བཀོད་རྣམས་གཙོ་གནད་ལས་གྲྭ་དང་དུས་ཅིག་ཅར་དུ་ཇུས་འགོད་དང་སྒྲིག་སྦྱོར། དུས་ཅིག་ཅར་དུ་ཐོན་སྐྱེད་དང་བཀོལ་སྤྱོད་བྱེད་པའི་ལམ་ལུགས་ལག་ལེན་ནན་པོ་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད། 

ཆོག་འཐུས་ཀྱི་འགྲོ་ལུགས་ཆ་མི་ཚང་བ་དང་འཛུགས་སྐྲུན་གྱི་བརྒྱུད་རིམ་ཚད་ལྡན་མིན་པ། ཆོག་འཐུས་མེད་པར་སྐྲུན་པ་དང་ཆོག་ཆུང་ཆེ་སྐྲུན་བྱེད་པ། ཁོར་ཡུག་སྒྲིག་བཀོད་ཚད་གཞིའི་ཐོག་ལོན་མེད་པ། རང་དགར་གྱིས་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་བཀོད་རྒྱུན་ལྡན་མིན་པ་བཀོལ་སྤྱོད་བྱས་པའི་ཁྲིམས་འགལ་ཁེ་ལས་རྣམས་བཅའ་ཁྲིམས་ལྟར་རྩད་གཅོད་དང་དེ་མ་ཐག་ཏུ་ཐོན་སྐྱེད་བྱེད་མཚམས་བཞག་ནས་དུས་བཀག་ནང་དག་ཐེར་བཅོས་སྐྱོང་བྱེད་བཅུག་ཡིན་པ་རེད།།

  • ལེ་ཚན་སྔོན་མ།:ཚན་རྩལ་ལ་བརྟེན་ནས་བོད་རིགས་ས་ཁུལ་གྱི་འབྲོག་པའི་དབུལ་ཐར་ཕྱུག་འགྱུར་ལ་རམ་འདེགས་བྱས།
  • ལེ་ཚན་རྗེས་མ།:བོད་ལྗོངས་ནོར་བུ་གླིང་ཁའི་དཔེ་ རྙིང745ཡི་ཡོངས་བཤེར་ལས་དོན་ལེགས་གྲུབ་བྱུང་ཡོད།
  • དོ་སྣང་ཆེ་བའི་རྩོམ།