བོད་ལྗོངས་ཀྱིས་རིག་ནུས་ཅན་གྱི་སྨན་བཅོས་བྱེད་སྟངས་འཛུགས་སྐྱོང་བྱས།

ཡེ་ཤེས་ཀྱིས་བསྒྱུར།        2019-06-06

   

བོད་ལྗོངས་ཀྱིས་རིག་ནུས་ཅན་གྱི་སྨན་བཅོས་བྱེད་སྟངས་འཛུགས་སྐྱོང་བྱས།

   ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་སྤྱི་ཟླ5པའི་ཚེས26ཉིན་འབྱོར་བའི་གཏམ་གསར། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིདངུལ་ཁང་དང་སྨན་ཁང་བར་མཉམ་ལས་བྱེད་པའིཆ་འཕྲིན་ཅན་གྱི་དྲ་བའི་འཛུགས་སྐྲུན་ལས་གཞི་དེ་ཚེས26ཉིན་སྤྱོད་འགོ་བཙུགས་པར་བརྟེན། རང་བྱེད་ཨང་ཐོ་འགོད་པ་དང་གྲོན་དངུལ་སྤྲོད་སའི་གཅིག་འདུས་འཕྲུལ་ཆས་དང་ལག་ཐོག་གི་སྨན་ཁངགི་སྐད་འཕྲིན་ཞབས་ཞུ་ཨང་རྟགས་སོགས་ཀྱི་མ་ལག་ལ་བརྒྱུད་ནས། མི་སེར་ཚོས་སྨན་བཅོས་བྱེད་སྐབས་ཀྱི་ཨང་ཐོ་འགོད་པའི་གྲལ་ཡུན་རིང་སྒྲིག་དགོས་པ་དང་། སྨན་ཡོན་སྤྲད་དུས་གྲལ་ཡུན་རིང་པོ་སྒྲིག་དགོས་པ། སྨན་བཅོས་སྒུག་ནས་གྲལ་ཡུན་རིང་པོ་སྒུག་དགོས་པ། སྨན་བཅོས་དུས་ཚོད་ཐུང་བ་བཅས་ཀྱི་ཡུན་རིང་བསྒུག་དགོས་པ་གསུམ་དང་སྨན་བཅོས་བྱེད་ཡུན་ཐུང་བའི་གནད་དོན་ཐག་གཅོད་བྱས་ནས་སྨན་བཅོས་ཀྱི་སྤུས་ཚད་དང་སྨན་བཅོས་བྱེད་ནུས་ཆེས་ཆེར་མཐོ་རུ་ཕྱིན་པ་རེད།

     ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་ལས་གཞི་ནི་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ཀྲུང་གོའི་དངུལ་ཁང་། འཛུགས་སྐྲུན་དངུལ་ཁང་བཅས་ཀྱིས་མཉམ་དུ་བཏོད་པ་རེད། སྨན་བཅོས་བྱེད་དུ་ཡོང་མཁན་གྱི་ནད་པ་ཚོས་རང་བྱེད་ཀྱིས་ཨང་ཐོ་འགོད་པ་དང་གྲོན་དངུལ་སྤྲོད་པའི་གཅིག་འདུས་འཕྲུལ་ཆས་སྤྱད་དེ་རང་གི་སྨན་བསྟེན་སའི་བྱང་བུ་དང་། ཨང་ཐོ་འགོད་པ། སྨན་རིན་སྤྲོད་པ། སྨན་བཅོས་ཟིན་ཐོ་ལྟ་ཞིབ་དང་གྲོས་དྲིས། སྙན་ཞུའི་ཤོག་བུ་ལྕགས་པར་བསྒྲིགས་ཐོག་སྣུམ་པར་རྒྱག་པ། སྨན་རིན་གྲོས་དྲིས་སོགས་ཀྱི་བརྒྱུད་རིམ་ལེགས་འགྲུབ་བྱ་ཐུབ་པ་དང་། “ལག་ཐོག་སྨན་ཁང”གི་སྐད་འཕྲིན་སྤྱི་རྟགས་བརྒྱུད་ནས་ཐོ་འགོད་ཁ་དན་བྱེད་པ་དང་། སྨན་བཅོས་དུས་ཡུན་ལ་དྲན་སྐུལ། སྨན་བཅོས་ཆ་འཕྲིན་གྲོས་དྲིས་བྱེད་པར་བརྒྱུད་དེ་སྲོལ་རྒྱུན་གྱི་སྨན་བཅོས་བྱེད་སྟངས་འགྱུར་ལྡོག་བྱས་ཡོད་ཅིང་། ནད་པས་གྲལ་བསྒྲིག་པའི་དུས་ཚོད་ཉུང་དུ་གཏང་ཆོག་པ་རེད།

     བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་འགོ་འཛིན་གཞོན་པ་སྐལ་བཟང་ནོར་བུས་ལས་གཞི་དེ་བེད་སྤྱོད་བྱེད་འགོ་ཚུགས་རྗེས་སྨན་ཁང་གི་སྒོ་བསྟེན་སྨན་བཅོས་དང་། འཕྲལ་བཅོས་སྨན་བཅོས། སྨན་ཁང་དུ་བསྡད་དེ་སྨན་བཅོས་བྱེད་པ། གཟུགས་པོར་ནད་བརྟག་བྱེད་པའི་སྒེའུ་ཁུང་སོགས་ཚང་མ་དངུལ་བྱང་བུ་དང་། སྐད་འཕྲིན། གཏོང་སྤྲོད་ནོར་བུ། དངུལ་ཁང་གིAPPསོགས་གཏོང་སྤྲོད་བྱེད་སྟངས་སྣ་ཚོགས་སྤྱད་ཆོག་པས་མི་རྣམས་ཀྱིས་གྲངས་འཛིན་སྤྱི་ཚོགས་ནང་གི་འཛད་སྤྱོད་དང་གཏོང་སྤྲོད་བྱེད་པའི་གོམས་གཤིས་སྐོང་ཐུབ་པ་རེད་ཅེས་བཤད། །


  • ལེ་ཚན་སྔོན་མ།:ད་ལོ་རང་རྒྱལ་གྱི་ཞིང་ལས་ཐོན་རྫས་མཁོ་སྤྲོད་ཀྱི་བསྡོམས་འབོར་སྔར་བཞིན་འདང་ངེས་ཡིན་པ།
  • ལེ་ཚན་རྗེས་མ།:སྤྱི་ཟླ4པའི་ནང་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་འགལ་མཁན་གྱི་མི5700ལ་ཆད་གཅོད་བྱས།
  • དོ་སྣང་ཆེ་བའི་རྩོམ།