བོད་ཀྱི་པར་རྐོས་ལག་རྩལ་གྱི་གསོ་སྐྱོང་འཛིན་གྲྭ་འགོ་ཚུགས།

    གངས་ལྗོངས་ཉི་གཞོན་འཕྲིན་སྟེགས།    2019-05-23

བོད་ཀྱི་པར་རྐོས་ལག་རྩལ་གྱི་གསོ་སྐྱོང་འཛིན་གྲྭ་འགོ་ཚུགས།


     སྤྱི་ཟླ5པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩ་ཚོགས་པའི2019ལོའི་སྒྱུ་རྩལ་སྐོར་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་རོགས་སྐྱོར་ལས་གཞི་ལས་བོད་ཀྱི་པར་རྐོས་ལག་རྩལ་གྱི་སྒྱུ་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་གི་འགོ་བཙུགས་མཛད་སྒོ་དེ་ཁྲེན་ཏུའུ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་འཚོགས། མཛད་སྒོའི་ཐོག་ཆེད་མཁས་པ་དང་པར་རྐོར་ལག་རྩལ་པ། གསོ་སྐྱོང་ལ་ཞུགས་པའི་སློབ་མ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་མ་སོགས་མི་སྣ་བརྒྱ་ཕྲག་ལྷག་ཞུགས་ཡོད།

བོད་ཀྱི་པར་རྐོས་ལག་རྩལ་གྱི་གསོ་སྐྱོང་འཛིན་གྲྭ་འགོ་ཚུགས།
ལས་གཞིའི་གཙོ་སྐྱོང་པ་དཔལ་རྡོས་ལས་གཞིའི་རྒྱབ་ལྗོངས་དང་པར་རྐོས་ལག་རྩལ་གསོ་སྐྱོང་སྐོར་ངོ་སྤྲོད་བྱེད་བཞིན་པ

     མཛད་སྒོའི་ཐོག་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྔོན་གྱི་སྤྱི་ཁྱབ་ལས་འཛིན་པ་གཞོན་པ་དང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་མཛུབ་སྟོན་སློབ་དཔོན་དགེ་ལེགས་སོགས་ཀྱིས་མཛད་སྒོའི་ཐོག་རང་གི་ཆེད་ལས་དང་ཉམས་མྱོང་སོགས་གཅིག་ཏུ་འབྲེལ་ནས་པར་རྐོས་ལག་རྩལ་གྱི་སྒྱུ་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་བཞེད་ཚུལ་ལྷུག་པོར་བརྗོད་ཅིང་། པར་རྐོས་ལག་རྩལ་གྱི་མ་འོངས་པ་དེ་འོད་སྣང་ལྡན་པ་ཞིག་ལ་འགྱུར་བའི་ཡིད་ཆེས་དང་རེ་བས་ཁེངས། མཇུག་མཐར་ལས་གཞིའི་གཙོ་སྐྱོང་པ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་དཔལ་རྡོས་ལས་གཞིའི་རྒྱབ་ལྗོངས་དང་པར་རྐོས་ལག་རྩལ་གསོ་སྐྱོང་སོགས་ཀྱི་སྐོར་ལ་ངོ་སྤྲོད་གནང་།

བོད་ཀྱི་པར་རྐོས་ལག་རྩལ་གྱི་གསོ་སྐྱོང་འཛིན་གྲྭ་འགོ་ཚུགས།
བོད་ཀྱི་པར་རྐོས་ལག་རྩལ་གྱི་གསོ་སྐྱོང་འཛིན་གྲྭ་འགོ་ཚུགས།
བོད་ཀྱི་པར་རྐོས་ལག་རྩལ་གྱི་གསོ་སྐྱོང་འཛིན་གྲྭ་འགོ་ཚུགས།

མཛད་སྒོ་ལ་ཕེབས་པའི་ཆེད་མཁས་པ་དང་དགེ་རྒན་རྣམ་པ།

    བོད་ཀྱི་པར་རྐོས་ལག་རྩལ་གྱི་སྒྱུ་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་ཅེས་པ་འདི་ནི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ལ2019ལོའི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩ་ཚོགས་པའི་རོགས་སྐྱོར་ཐོབ་པའི་ལས་གཞི་ཞིག་ཡིན་ལ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོས་གཙོ་སྒྲུབ་དང་། སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་དང་སྡེ་དགེ་རྫོང་མི་རིགས་ལག་ཤེས་བཟོ་རྩལ་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གིས་རོགས་སྒྲུབ་བྱས་ཤིང་། རྒྱལ་ཡོངས་ལ་ཁ་ཕྱོགས་ནས་སློབ་མ་ཉི་ཤུ་དངོས་སུ་བསྡུས་ཡོད། ཐེངས་འདིའི་གསོ་སྐྱོང་གི་དུས་ཡུན་ནི་ཉིན85ཡིན་ལ། དེ་ལས་གཅིག་གྱུར་གསོ་སྐྱོང་གི་དུས་ཡུན་ནི་ཉིན45ཡིན་པ་རེད། དེ་ལས་བོད་ཀྱི་པར་རྐོས་ལག་རྩལ་འདི་ཉིད་གོམ་གང་མདུན་སྤོས་ཀྱིས་འཕེལ་རྒྱས་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ལ་ཚོན་མདངས་རྣམ་པ་བཀྲ་བའི་མཛེས་རྒྱན་སྤྲས་པར་མཚོན་ནོ།།

བོད་ཀྱི་པར་རྐོས་ལག་རྩལ་གྱི་གསོ་སྐྱོང་འཛིན་གྲྭ་འགོ་ཚུགས།
བོད་ཀྱི་པར་རྐོས་ལག་རྩལ་གྱི་གསོ་སྐྱོང་འཛིན་གྲྭ་འགོ་ཚུགས།
བོད་ཀྱི་པར་རྐོས་ལག་རྩལ་གྱི་གསོ་སྐྱོང་འཛིན་གྲྭ་འགོ་ཚུགས།

ཚོགས་རའི་ཡུལ་དངོས།

བོད་ཀྱི་པར་རྐོས་ལག་རྩལ་གྱི་གསོ་སྐྱོང་འཛིན་གྲྭ་འགོ་ཚུགས།




  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཀྲུང་དབྱང་དམར་དམག་རྒྱང་སྐྱོད་ཀྱི་དྲན་གསོའི་རྡོ་རིང་ལ་མེ་ཏོག་ཕུལ།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར19.85བཏང་ནས་ས་གནས་ཀྱིས་རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས།
  • དོ་སྣང་ཆེ་བའི་རྩོམ།