གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས《ལག་དམར》གྱིས་བོད་སྐད་གློག་བརྙན་འཕེལ་རྒྱས་ལ་སྐུལ་མ་བཏང་ཡོད་ཟེར།

མི་དམངས་དྲ་བ།        2019-05-17

    མི་དམངས་དྲ་བའི་འཕྲིན། བོད་སྐད་གློག་བརྙན《ལག་དམར》གྱི་གློག་བརྙན་ཁང་གི་སྤ་སེའི་ཡོང་འབབ་སྒོར་བྱེ་བ་(མི་དམངས་ཤོག་སྒོར)ལས་བརྒལ་ཡོད་ཅིང་། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་ཚེས13ཉིན་བསྟན་དོན། སྒྱུ་རྩལ་གློག་བརྙན་འདི་འདྲའི་རིགས་ལེགས་འགྲུབ་བྱུང་བ་དེས་ཁྲོམ་རའི་བོད་སྐད་གློག་བརྙན་གྱི་མ་འོངས་པའི་ཐད་ཀྱི་ཡིད་ཆེས་ཇེ་ཆེར་བཏང་ཡོད་ཟེར། 
    《ལག་དམར》ནི་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་བརྩམས་ཆོས་བདུན་པ་དེ་དང་། 《ཐར་ལོ》རྗེས་ཀྱི་ཡོངས་བསྒྲགས་སྒོས་བསྟན་པའི་གློག་བརྙན་རེད།  གློག་བརྙན་དེ་ལ་ཝེ་ཉི་སི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས75པའི་ས་སྙོམས་ཐིག་སྡེ་ཚན་གྱི་འཁྲབ་གཞུང་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་དང་། ད་དུང་ཐའེ་ཝན་གསེར་རྟ་རྟགས་མའི་འཁྲབ་ཁྲིད་པ་ལེགས་ཤོས་སོགས་ཀྱི་མིང་འདོན་བྱ་དགའ་ཐོབ་པ་རེད། 
     བསྡོམས་བརྩིས་བྱས་པར་གཞིགས་ན། ཟླ4ཚེས26ཉིན་གློག་བརྙན་དངོས་སུ་བསྟན་པ་ནས་བཟུང་། གློག་བརྙན་འདིའི་སྤ་སེའི་ཡོང་འབབ་ཁྱོན་བསྡོམས་སྒོར་བྱེ་བ་ལས་བརྒལ་ཡོད་ཅིང་། རྒྱལ་ཡོངས་སུ་ཉུང་མཐར་ཡང་གཟིགས་མོ་བ་འབུམ་གསུམ་གློག་བརྙན་ཁང་དུ་བསྐྱོད་ནས་གློག་བརྙན་དེར་བལྟས་ཡོད། 
པདྨ་ཚེ་བརྟན་གྱིས། གློག་བརྙན་ཁང་དུ་བོད་སྐད་གློག་བརྙན་སྟོན་པ་ཧ་ཅང་དཀོན་ཞིང་། ཐ་ན་ལས་བྱེད་མི་སྣས《ལག་དམར》མ་བསྟན་གོང་དུ་སྤ་སེ་ག་ཚོད་འཚོང་མིན་ཐད་ཀྱི་ཚོད་བགམ་བྱེད་སའི་ཟུར་ལྟ་བྱེད་ས་ཞིག་ཀྱང་རྙེད་མེད། ད་ལྟའི་སྤ་སེ་འཚོང་ཚད་ཀྱི་གྲུབ་འབྲས་ལེགས་པོ་འདི་ནི་མ་རྩ་གཏོང་མཁན་ལ་སྤྲད་པའི་ལེགས་སྐྱེས་ལྟ་བུ་ཡིན་པ་མ་ཟད། འདིས་བོད་སྐད་གློག་བརྙན་གྱི་མ་འོངས་པར་ཡིད་ཆེས་སྤྲད་ཡོད་ཅེས་བརྗོད།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་སི་རི་ལན་ཁའི་ཙུང་ཐུང་ཞི་ལིས་སེ་ན་ལ་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་ཨེ་ཤ་ཡའི་དཔལ་ཡོན་གྲོས་མོལ་ཚོགས་ཆེན་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
  • དོ་སྣང་ཆེ་བའི་རྩོམ།