ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་ཅན་དང་སྔོན་ཐོན་ལས་སྒྲུབ་པར་གཟེངས་བསྟོད་བྱ་བའི་ཚོགས་ཆེན་འཚོགས།

    གངས་ལྗོངས་ཉི་གཞོན་དྲ་བ།    2015-04-30

ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་ཅན་དང་སྔོན་ཐོན་ལས་སྒྲུབ་པར་གཟེངས་བསྟོད་བྱ་བའི་ཚོགས་ཆེན་འཚོགས།

            ཟླ་4པའི་ཚེས་28ཉིན། 2015ལོའི་ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་ཅན་དང་སྔོན་ཐོན་ལས་སྒྲུབ་པར་གཟེངས་བསྟོད་བྱ་བའི་ཚོགས་ཆེན་དེ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་ཐོག་ཏུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་ནས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་བཟོ་བ་དང་ཞིང་བ། ཤེས་ལྡན་མི་སྣ། དེ་མིན་རིམ་པ་ཁག་གི་ངལ་རྩོལ་མི་དམངས། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འདོམས་པ་དང་། དྲག་ཆས་དམག་དཔུང་གི་དཔོན་དམག སྤྱི་བདེ་ཉེན་རྟོག་པ། ཞང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་སྤུན་ཟླ་དང་དེ་བཞིན་ཕྱིར་སྡོད་སྤུན་ཟླ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱ་བར་ལེགས་སྐྱེས་བླ་མེད་ཕུལ་དང་འབུལ་བཞིན་པའི་ངལ་རྩོལ་དཔེ་བཟང་ཅན་དང་སྔོན་ཐོན་ལས་སྒྲུབ་པར་གུས་བཀུར་ཆེན་པོ་གནང་། ཞི་ཅིན་ཕིང་གིས་ད་དུང་ཀྲུང་གོའི་བཟོ་བ་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱི་ཚབ་བྱས་ཏེ། འཛམ་གླིང་གི་བཟོ་བ་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མི་དམངས་ཚང་མར་ལྷག་བསམ་རྣམ་དག་གི་འཚམས་འདྲི་གནང་། 
            ཞི་ཅིན་ཕིང་གིས། རླབས་ཆེན་གྱི་བྱ་གཞག་གིས་ང་ཚོར་འབོད་སྐུལ་བྱེད་བཞིན་ཡོད་ལ། གཟི་བརྗིད་ལྡན་པའི་འགན་འཁྲི་ཡིས་ང་ཚོར་སྐུལ་མ་གཏོང་བཞིན་ཡོད། རང་རྒྱལ་གྱི་བཟོ་བ་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་དབུ་ཁྲིད་འོག་སྔར་བས་མཐུན་སྒྲིལ་དམ་ཟབ་བྱ་དགོས་ཤིང་། ངལ་རྩོལ་དཔེ་བཟང་ཅན་གྱི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་བླ་མེད་ཀུན་སྤྱོད་བཅས་དར་སྤེལ་གཏང་དགོས། ང་ཚོས་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་བའི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུའི་ཐོག་ཡང་བསྐྱར་གསར་གཏོད་ཀྱི་གྲུབ་འབྲས་བརྩོན་ལེན་བྱ་དགོས། ང་ཚོས་ངལ་རྩོལ་ལ་བརྟེན་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་དགོས་ཞེས་ནན་གྱིས་གསུངས།

 ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་ཅན་དང་སྔོན་ཐོན་ལས་སྒྲུབ་པར་གཟེངས་བསྟོད་བྱ་བའི་ཚོགས་ཆེན་འཚོགས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚོགས་ཆེན་ལ་གཙོ་སྐྱོང་གནང་།
 

ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་ཅན་དང་སྔོན་ཐོན་ལས་སྒྲུབ་པར་གཟེངས་བསྟོད་བྱ་བའི་ཚོགས་ཆེན་འཚོགས།

 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིའུ་ཡུན་ཧྲན་གྱིས། 《ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་ཅན་དང་སྔོན་ཐོན་ལས་སྒྲུབ་པར་གཟེངས་བསྟོད་བྱ་བའི་སྐོར་གྱི་ཆོད་དོན།》སྒྲོག་སྦྱང་གནང་།ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་ཅན་དང་སྔོན་ཐོན་ལས་སྒྲུབ་པར་གཟེངས་བསྟོད་བྱ་བའི་ཚོགས་ཆེན་འཚོགས།
 

 
ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་ཅན་དང་སྔོན་ཐོན་ལས་སྒྲུབ་པར་གཟེངས་བསྟོད་མཚན་སྙན་གྱི་ལག་ཁྱེར་གནང་བཞིན་པ།

 ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་ཅན་དང་སྔོན་ཐོན་ལས་སྒྲུབ་པར་གཟེངས་བསྟོད་བྱ་བའི་ཚོགས་ཆེན་འཚོགས།

ཁྲང་ཁྲུན་ལྕགས་ལམ་འགྲུལ་སྐྱེལ་མེ་འཁོར་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གི་ཚ་ལ་རྒྱག་མཁན་གྱི་ལས་བཟོ་བ་ལི་ཝན་ཅུན་གྱིས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་ཅན་དང་སྔོན་ཐོན་ལས་སྒྲུབ་པའི་ཚབ་བྱས་ཏེ་གྲོས་འདོན་ཡི་གེ་སྒྲོག་སྦྱང་བྱེད་བཞིན་པ།
  • ལེ་ཚན་སྔོན་མ།:ལྗོངས་ཞིང་ལྔའི་བོད་ཡིག་བསླབ་དེབ་བསྒྱུར་སྒྲིག་དང་དཔེ་སྐྲུན་གྱི་ལས་ཀའི་བཞུགས་མོལ་གྲོས་ཚོགས་ཁྲེན་ཏུའུ་རུ་འཚོགས།
  • ལེ་ཚན་རྗེས་མ།:པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོས་གནོད་ཐེབས་ས་ཁུལ་ལ་གསོལ་འདེབས་ཞུས།
  • དོ་སྣང་ཆེ་བའི་རྩོམ།