ཞི་ཅིན་ཕིང་གིས་ཏུའུ་ལུང་རིགས་ཀྱི་མང་ཚོགས་ལ་འཕྲིན་ལན་གནང་།

        2019-04-15

          ཞི་ཅིན་ཕིང་གིས། ཁྱེད་ཚོའི་ཤང་ཏང་ཨུད་ཀྱིས་བསྐུར་བའི་ཡི་གེའི་ནང་། ན་ནིང་ཏུའུ་ལུང་རིགས་ཧྲིལ་པོ་དབུལ་འགྲོལ་ཐུབ་པ་དང་ཡུལ་མི་ཚོའི་འཚོ་བ་ཉིན་རེ་ལས་ཉིན་རེ་ཡག་ཏུ་འགྲོ་བཞིན་ཡོད་ཅེས་འཁོད་འདུག གཏམ་བཟང་དེ་གོ་རྗེས་ང་རང་ཧ་ཅང་དགའ་པོ་བྱུང་བས་ཁྱེད་ཚོར་སྙིང་དབུས་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་དང་།

           ཞི་ཅིན་ཕིང་གིས། མི་རིགས་ཁག་གི་མང་ཚོགས་རྣམས་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པ་བྱ་རྒྱུ་ནི་ང་རང་་གི་ཐོག་མཐའ་བར་གསུམ་གྱི་བསམ་འདུན་ཡིན་ལ་ང་ཚོའི་ཐུན་མོང་འབད་འཐབ་ཀྱི་དམིགས་འབེན་ཀྱང་རེད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཏུའུ་ལུང་རིགས་གདོད་མའི་འཚོ་བ་སྐྱེལ་མཇུག་འགྲིལ་ཡོད། དུས་རབས་གསར་པར་སླེབས་རྗེས་ཏུའུ་ལུང་རིགས་ཡུན་རིང་གི་དབུལ་པོའི་གནས་ལས་མཐར་ཡོད། གསོན་ཉམས་ལྡན་པའི་གསལ་བཤད་དེའི་ཐོག་ནས་ཏང་གི་སྟོབས་ཆེའི་འགོ་ཁྲིད་འོག་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ཚེ་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུའི་ཕུགས་འདུན་མངོན་འགྱུར་ཡོང་ངེས་རེད་ཅེས་འཁོད་ཡོད་པ་དང་།

           ཞི་ཅིན་ཕིང་གིས། དབུལ་འགྲོལ་ནི་གོམ་མ་དང་པོ་ཙམ་ཡིན་པ་དང་འཚོ་བ་སྔར་ལས་ལེགས་པ་སྐྱེལ་རྒྱུ་མཇུག་ཏུ་ཡོད་་པས་ཡུལ་མི་ཚོས་ཡང་འབད་སྐྱར་འབད་དང་དཔའ་ངར་ཆེར་སྐྱེད། སེམས་ཤུགས་གཅིག་སྒྲིལ་གྱིས་ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱེད་པ་དང་མཐའ་མཚམས་སྲུང་སྐྱོབ་ཡག་པོ་བྱས་ནས་ཏུའུ་ལུང་རིགས་ཀྱི་སྔར་བས་མཛེས་སྡུག་ལྡན་པའི་མ་འོངས་གཏོད་དགོས་པའི་ཐུགས་རེ་གནང་ཡོད་པ་རེད།

           ཏུའུ་ལུང་རིགས་ནི་རང་རྒྱལ་གྱི་མི་འབོར་ཅུང་ཉུང་བའི་མི་རིགས་༢༨གྲས་ཤིག་ཡིན་ལ་ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་པའི་སྐབས་གདོད་མའི་སྤྱི་ཚོགས་ཀྱི་དུས་མཇུག་ནས་ཐད་ཀར་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ལ་བར་བརྒལ་བྱུང་བའི་གྲངས་ཉུང་མི་རིགས་ཤིག་ཀྱང་ཡིན་ཞིང་གཙོ་བོ་ཡུན་ནན་ཞིང་ཆེན་ཀུང་ཧྲན་རྫོང་ཏུའུ་ལུང་ཅང་ཤང་དུ་རུབ་སྡོད་བྱེད་ཀྱི་ཡོད་པ་དང་ས་གནས་དེ་རི་ཁུག་གྲོག་རོང་དུ་གནས་པས་རང་བྱུང་ཆ་རྐྱེན་ཧ་ཅང་ཞན་ཞིང་ད་བར་ཡུན་ནན་ནམ་ཐ་ན་རྒྱལ་ཡོངས་ཀྱི་དབུལ་ཤོས་ས་ཁུལ་གྲས་ཞིག་རེད། སྤྱི་ལོ་༢༠༡༨ལོར། ཏུའུ་ལུང་ཅང་ཤང་གི་སྲིད་འཛིན་གྲོང་ཚོ་༦ཧྲིལ་པོ་དབུལ་འགྲོལ་ཐུབ་པ་དང་ཏུའུ་ལུང་རིགས་ཧྲིལ་པོ་དབུལ་འགྲོལ་ཐུབ་ཅིང་ས་གནས་དེ་གའི་མང་ཚོགས་ཀྱིས་ཤང་ཏང་ཨུད་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཡི་གེ་ཞིག་བསྐུར་རྒྱུའི་མངག་བཅོལ་བྱས་ནས་ཏུའུ་ལུང་རིགས་ཧྲིལ་པོ་དབུལ་འགྲོལ་ཐུབ་པའི་གཏམ་བཟང་སྙན་གསེང་ཞུས་པ་དང་མུ་མཐུད་སེམས་ཤུགས་བརྟན་པོའི་སྒོ་ནས་ཏང་གི་རྗེས་སུ་སྐྱོད་དེ་ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱེད་ཆེད་མཉམ་དུ་འབད་འཐབ་བྱེད་རྒྱུའི་ཆོད་སེམས་མཚོན་པར་བྱས་ཡོད་པ་རེད།


  • ལེ་ཚན་སྔོན་མ།:འཛམ་གླིང་ཡང་རྩེར་བསྲིངས་པའི་གཞུང་ལམ།
  • ལེ་ཚན་རྗེས་མ།:ཀྲུང་གུང་ཀྲུང་དབྱང་གིས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྐོར་ཞིག་མེད་པར་གཏོང་བ་དང་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་ཁྱབ་སྒྲོག་བྱས།
  • དོ་སྣང་ཆེ་བའི་རྩོམ།