མཚོ་བོད་མཐོ་སྒང་གི་གནག་ཕྱུགས་ཀྱི་ཚེ་སྲོག་གི་གསང་གྲངས་བརྟོལ་མཁན་གྱི་བོད་རིགས་བུད་མེད་འབུམ་རམས་པ་ཅི་ཆིའུ་མེ།

ཡེ་ཤེས་ཀྱིས་བསྒྱུར།        2019-03-18

   1988ལོར་ཅི་ཆིའུ་མེ་བོད་ལྗོངས་མི་རིགས་སློབ་གླིང(ད་ལྟའི་བོད་ལྗོངས་མི་རིགས་སློབ་ཆེན)གི་ཞིང་འབྲོག་ཚན་ཁག་ནས་སློབ་མཐའ་ཕྱིན་ཏེ་བོད་ལྗོངས་ཞིང་འབྲོག་ཞིང་ལས་ཚན་རིག་ཁང་གི་ཕྱུགས་ལས་ཚན་རིག་ཁང་དུ་ལས་བགོས་བྱས་ནས་གནག་ཕྱུགས་་ཞིབ་འཇུག་གི་ལས་ཀ་སྒྲུབ་གཉེར་བྱས་པ་རེད། རྗེས་སུ་ཀྲུང་གོ་ཚན་རིག་ཁང་གི་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་ཁང་དུ་མུ་མཐུད་ནས་ཟབ་སྦྱོང་བྱས་ཡོད་པར་མ་ཟད། ཕྱི་རྒྱལ་དུ་བྱེད་དུ་ཕྱིན་ནས་འབུམ་རམས་པའི་ཡོན་ཚད་ཀྱི་ཐོབ་ཐང་བླངས་ནས2002ལོར་རྒྱལ་ནང་དུ་ལོག་ཡོད་པ་རེད། 1965ལོར་སྐྱེས་པའི་ཅི་ཆིའུ་མེ་ནི་ཆུང་དུས་ནས་འབྲོག་ཁུལ་དུ་འཚར་ལོངས་བྱུང་ཞིང་སློབ་མཐའ་ཕྱིན་ཡང་དུ་འབྲོག་ཁུལ་དུ་ལོག་ནས། ཚེ་གཅིག་ལ་སློབ་སྦྱོང་བྱས་ནས་ཐོབ་པའི་སྦྱངས་འབྲས་ཀྱིས་འབྲོག་ཁུལ་གྱི་མང་ཚོགས་ལ་ཞབས་ཕྱི་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་རེད།

   འབུམ་རམས་པ་ཅི་ཆིའུ་མེ་ཡིས་གནག་ཕྱུགས་ཞིབ་འཇུག་བྱས་པར་གཡུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། མོ་དང་ཁོ་མོའི་ཚོགས་པས་གནག་ཕྱུགས་ཀྱི་གཞི་རྒྱུའི་ལྟེ་ལྷེབ་ཞིབ་འཇུག་གསར་གཏོད་བྱས་པའི་ལས་དོན་ལེགས་གྲུབ་བྱུང་མཐར། བོད་ལྗོངས་ཀྱི་ས་ཁོངས་གཙོ་བོ17གྱི་གནག་ཕྱུགས་ཀྱི་རྒྱུད་འཛིན་ཐོན་ཁུངས་དང་སྣ་མང་རང་བཞིན་ཞིབ་འཇུག་བྱས་ཏེ། གནག་ཕྱུགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད། འོ་མ་མང་པོ་འབབ་པའི་དུས་ཀྱི་གནག་ཕྱུགས་ལ་གཟན་རྩྭ་གསབ་སྣོན་བྱེད་སྟངས་ཀྱི་ལག་རྩལ་དང་གནག་ཕྱུགས་སྐྱེ་འཕེལ་དུས་ཀྱི་འཚོ་བཅུད་སྙོམས་སྒྲིག་བྱེད་སྟངས་ཀྱི་ལག་རྩལ་ཞིབ་འཇུག་གསར་གཏོད་བྱས་ཏེ། བོད་ཀྱི་འབྲོག་ཁུལ་དང་ཞིང་མ་འབྲོག་ཁུལ་གྱི་གནག་ཕྱུགས་སྡོམ་གསོ་བྱེད་སྟངས་ལ་འཚམ་པའི་མ་དཔེ་དང་ཆ་ཚང་སྒྲིག་པའི་ལག་རྩལ་གསར་གཏོད་བྱས་ཡོད་པ་རེད། 2006ལོར་ཅི་ཆིའུ་མེ་ཡིས་གཙོ་སྐྱོང་བྱས་པའི་གནག་ཕྱུགས་ཀྱི་སྦྲུམ་རྟེན་སྤོ་འཛུགས་འགག་སྒྲོལ་ཞིབ་འཇུག་ལ་ལེགས་སུ་གྲུབ་ཡོད་པ་རེད།

   ཅི་ཆིའུ་མའེ་ལ་ཀྲུང་གོའི་ན་གཞོན་བུད་མེད་ཀྱི་ཚན་རིག་པ་སོགས་ཀྱི་མཚན་སྙན་མང་པོ་ཐོབ་མྱོང་ཞིང་། ལོ་ངོ30ཡི་རིང་ལ་བོད་རིགས་བུད་མེད་དེས་རྒྱུན་ཆད་མེད་པར་རང་ཉིད་ཀྱིས་ཞིབ་ཟབ་སྤེལ་བྱས་ཏེ་བོད་ལྗོངས་ཀྱི་གནག་ཕྱུགས་ཐོན་ལས་རྒྱུན་མཐུད་དུ་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་ནུས་ཤུགས་བཏོན་ནས། འབྲོག་ཁུལ་གྱི་མི་སེར་དབུལ་ཐར་དང་ཡོང་འབབ་འཕར་སྣོན་ཡོང་བར་རིག་སྟོབས་ཕུལ་དང་འབུལ་བཞིན་ཡོད་པ་རེད།


  • ལེ་ཚན་སྔོན་མ།:2018ལོར་རང་རྒྱལ་གྱིས་ནགས་བཟོ་གཞི་ཁྱོན་བསྡོམས་འབོར་སྤྱི་ཆིང་ཁྲི707.4ལེགས་སུ་འགྲུབ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་དམངས་འཚོའི་ལས་འགན་ཆེན་པོ་བརྒྱད་ལ་དུས་ཚོད་རེའུ་མིག་དང་ལམ་རིས།
  • དོ་སྣང་ཆེ་བའི་རྩོམ།