ཀྲུང་གོའི་བོད་ལྗོངས་དྲ་བ། 2015-04-22
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་བོད་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་ཤེས་རྟོགས་བྱུང་པ་ལྟར་ན། མིག་སྔར། བོད་ལྗོངས་ཀྱིས《མཐོ་རྒྱུགས་སྐར་སྣོན་རྣམ་གྲངས་དང་སྟོན་གྲངས་ཇེ་ཉུང་དང་ཚད་ལྡན་དུ་གཏོང་པའི་སྐོར་གྱི་ལག་བསྟར་བསམ་འཆར》(གཤམ་དུ《བསམ་འཆར》)བཀྲམས་ནས། བོད་ལྗོངས་ཀྱི་མཐོ་རྒྱུགས་སྐར་སྣོན་རྣམ་གྲངས་དང་སྟོན་གྲངས་ཚད་ལྡན་དུ་བཏང་།
སློབ་མ་རིགས་ལྔའི་སྐར་སྣོན་རྣམ་གྲངས་མེད་པར་བཟོས། རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་གིས་འབྲེལ་ཡོད་འགན་ཁུར་པས་ངོ་སྤྲོད་ལྟར་ན། ད་ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་། བོད་ལྗོངས་ཀྱིས་རང་སྐྱོང་ལྗོངས་རིམ་པའི་གསུམ་བཟང་སློབ་མ་དང་། སློབ་མའི་ལས་སྣེ་བ་ཕུལ་བྱུང་ཅན། བསམ་བློ་ཀུན་སྤྱོད་ཐད་བྱས་རྗེས་འབུར་ཐོན་ཡོད་མཁན། སློབ་འབྲིང་སློབ་མའི་བསླབ་ཚན་ཨོ་ལིན་ཕིག་འགྲན་བསྡུར། ཚན་རྩལ་རིགས་ཀྱི་འགྲན་བསྡུར། ལུས་རྩལ་འཇོན་ཐང་ཅན་སོགས་སྐར་སྣོན་རྣམ་གྲངས་ལྔ་མེད་པར་བཟོས་འདུག་སྟེ།2015ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་། མཐོ་རིམ་འབྲིང་མའི་སློབ་གསོའི་རིམ་པར་རང་སྐྱོང་ལྗོངས་རིམ་པའི་གསུམ་བཟང་སློབ་མ་དང་སློབ་མའི་ལས་སྣེ་བ་ཕུལ་བྱུང་ཅན་གྱི་མཚན་སྙན་ཐོབ་མཁན་གྱི་སློབ་མར་མཐོ་རྒྱུགས་ཀྱི་སྐར་སྣོན་རྣམ་གྲངས་མེད་པར་བཏང་པ་དང་། བསམ་བློ་ཀུན་སྤྱོད་ཕྱོགས་ནས་བྱས་རྗེས་འབུར་ཐོན་ཅན་གྱི་སློབ་མར་མཐོ་རྒྱུགས་ཀྱི་སྐར་སྣོན་ཐོབ་ཐང་མེད་པར་བྱས་མོད། མཐོ་རིམ་སློབ་ཆེན་གྱིས་དམིགས་བསལ་བསྡུ་བའམ་ལོགས་སུ་བསྡུས་ཆོག རྒྱལ་ཡོངས་ཀྱི་སློབ་འབྲིང་སློབ་མའི་བསླབ་ཚན(རྩིས་རིག དངོས་ལུགས། རྫས་འགྱུར། སྐྱེས་དངོས་རིག་པ། ཆ་འཕྲིན་རིག་པ)ཨོ་ལིན་ཕིག་འགྲན་བསྡུར་གྱི་ཞིང་ཆེན་འགྲན་ཁུལ་དུ་ཨང་དང་པོ་དང་རྒྱལ་ཡོངས་ཀྱི་རྟིང་རྩོད་འགྲན་བསྡུར་དུ་ཨང་དང་པོ། གཉིས་པ། གསུམ་པ་ཐོབ་མཁན་སློབ་མར་མཐོ་རྒྱུགས་སྐར་སྣོན་གྱི་ཐོབ་ཐང་མེད་པར་བྱས་མོད། འབྲེལ་ཡོད་བསླབ་ཚན་གྱི་འཇོན་ཐང་ནི་རང་རྐྱའི་སློབ་བསྡུའི་ཚོད་ལྟའི་མཐོ་རིམ་སློབ་ཆེན་དུ་ཐོག་མའི་དཔྱད་ཞིབ་བརྒལ་ཐུབ་པའི་ཆ་རྐྱེན་དམིགས་བསལ་དུ་བགྲང་ཆོག རྒྱལ་ཡོངས་ཀྱི་ལོ་ན་ཆུང་གཞོན་གྱི་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེན་མོ་དང་། “སང་ཉིན་གྱི་ཚན་རིག་པ་ཆུང་ཆུང”གི་གཟེངས་རྟགས་བྱེད་སྒོ། རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་གློག་ཀླད་ཇུས་བཟོ་བྱེད་སྒོའི་ཨང་དང་པོ་དང་། གཉིས་པའི་གཟེངས་རྟགས། རྒྱལ་སྤྱིའི་ཚན་རིག་དང་བཟོ་སྐྲུན་འགྲན་བསྡུར་ཆེན་མོ། རྒྱལ་སྤྱིའི་ཁོར་ཡུག་ཚན་ཞིབ་རྣམ་གྲངས་ཨོ་ལིན་ཕིག་འགྲན་བསྡུར་གྱི་གཟེངས་རྟགས་ཐོབ་མཁན་སློབ་མར་མཐོ་རྒྱུགས་ཀྱི་སྐར་སྣོན་ཐོབ་ཐང་མེད་པར་བྱས་མོད། འབྲེལ་ཡོད་འཇོན་ཐང་དང་གསར་གཏོད་ཀྱི་མི་མངོན་པའི་འཇོན་ནུས་ནི་རང་རྐྱའི་སློབ་མ་བསྡུ་བའི་ཚོད་ལྟའི་སློབ་ཆེན་གྱི་ཐོག་མའི་དཔྱད་ཞིབ་བརྒལ་བའི་དམིགས་བསལ་ཆ་རྐྱེན་དུ་བརྩིས་ཆོག རྒྱལ་སྤྱིའི་ལུས་རྩལ་འགྲན་བསྡུར་ཆེན་མོའི་ཐུན་མོང་དང་མི་སྒེར་གྱི་ཨང་རིམ་སྔོན་མ་དྲུག་ལོན་མཁན་དང་། རྒྱལ་ཡོངས་རང་བཞིན་གྱི་ལུས་རྩལ་འགྲན་བསྡུར་གྱི་མི་སྒེར་རྣམ་གྲངས་ཀྱི་ཨང་རིམ་སྔོན་མ་དྲུག་ལོན་མཁན་གྱི་སློབ་མར་མཐོ་རྒྱུགས་སྐར་སྣོན་གྱི་ཐོབ་ཐང་མེད་པར་བྱས་མོད། མཐོ་རིམ་སློབ་ཆེན་གྱི་ཚད་མཐོ་བའི་ལུས་རྩལ་རུ་ཁག་གིས་སློབ་མ་བསྡུ་བ་དང་། ལུས་རྩལ་སྦྱོང་བརྡར། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་ཆེད་ལས་ཀྱི་ལོགས་སུ་རྒྱུགས་ལེན་སློབ་མ་བསྡུ་བ། ལུས་རྩལ་ཆེད་ལས་ཀྱི་སློབ་མ་བསྡུ་བར་རྒྱུགས་ལེན་མིང་ཐོ་བཀོད་ཆོག
དེ་ལྟར་ནའང་། 2015ལོའི་ཟླ1པོའི་ཚེས1ཉིན་གྱི་སྔོན་དུ། བོད་ལྗོངས་ཀྱི་མཐོ་རིམ་འབྲིང་མའི་སློབ་གསོའི་རིང་དུ་གོང་གསལ་རྣམ་གྲངས་ཀྱི་འབྲེལ་ཡོད་གཟེངས་རྟགས་དང་། ཨང་རིམ། མཚན་སྙན་ཐོབ་ཡོད་མཁན་གྱི་སློབ་མར་ད་ལོའི་མཐོ་རྒྱུགས་སུ་སྔར་བཞིན་སྐར་མ་བསྣན་ཆོག་མ་ཟད། རྣམ་གྲངས་གཅིག་ལ་མ་གཏོགས་སྐར་མ་སྣོན་མི་རུང་ཞིང་། སྣོན་གྲངས་སྐར་མ5རེད། སློབ་མ་རིགས་ལྔར་སྐར་མ་བསྣན་ཆོག འགན་ཁུར་པ་དེས། གཤམ་གྱིས་ཆ་རྐྱེན་དག་ལས་གཅིག་ལྡན་མཁན་གྱིས་མཐོ་རྒྱུགས་ཀྱི་གཅིག་གྱུར་རྒྱུགས་ལེན་ཐོབ་སྐར་གྱི་རྨང་གཞིའི་སྟེང་སྐར་མ་བསྣན་ཆོག་ཅིང་། སློབ་མ་རེ་ལ་རྣམ་གྲང་གཅིག་གི་སྐར་མ་མ་གཏོགས་བསྣན་མི་ཆོག དཔའ་བོའི་བུ་ཕྲུག་ལ་སྐར་མ10སྣོན་པ། དམག་ཁོངས་ཞུགས་ཡུན་རིང་རིམ་པ་གཉིས་པའི་བྱས་རྗེས་འཇོག་མཁན་དང་དམག་སྒར་ཆེན་མོའི་ཡན་གྱི་ལས་ཁུངས་ཀྱིས་གཟི་བརྗིད་མཚན་སྙན་ཐོབ་མཁན་གྱི་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིར་སྐར་མ10 སྣོན་པ། རང་གིས་ལས་རིགས་འཚོལ་བའི་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིར་སྐར་མ10སྣོན་པ། མེས་རྒྱལ་དུ་ཕྱིར་ལོག་པའི་སྤུན་ཟླའི་བུ་ཕྲུག་དང་། ཕྱིར་སྡོད་རང་མིའི་བུ་ཕྲུག རྒྱལ་ནང་དུ་ཕྱིར་ལོག་མཁན་བོད་རིགས་སྤུན་ཟླ་དང་། རྒྱལ་ནང་དུ་ཕྱིར་ལོག་མཁན་བོད་རིགས་སྤུན་ཟླའི་བུ་ཕྲུག ཐོ་ཁོངས་ཐེ་ཝན་ཡིན་པའི་སློབ་མ་བཅས་ལ་སྐར་མ10སྣོན་པ། མཐའ་འཁོབ་རྫོང་ཁོངས་སུ་གཏོགས་པའི་མཐའ་འཁོབ་ཤང་དང་གྲོང་བརྡལ་གྱི་ཞིང་འབྲོག་བུ་ཕྲུག་ལ་སྐར་མ10སྣོན་པ། རྒྱ་རིགས་ཀྱི་སློབ་བསྡུའི་སྲིད་ཇུས་ལག་བསྟར་གནང་མཁན་གྲངས་ཉུང་མི་རིགས་ཀྱི་སློབ་མར་སྐར་མ10སྣོན་པ། ལྗོངས་ནང་ཁུལ་གྱི་རྫོང་རིམ་པ་མན(ས་ཁུལ་དང་གྲོང་ཁྱེར་གཞི་ཆགས་སའི་རྫོང་དང་ཤང་གི་གཞི་རིམ་ལས་ཁུངས་མི་གཏོགས) དུ་ལོ་ངོ་བཅུའི་ཡན་ལས་ཀ་སྒྲུབ་མཁན་དང་། ད་ཆ་སྔར་བཞིན་རྫོང་རིམ་པ་མན་གྱི་གཞི་རིམ་ལས་ཁུངས་སུ་ལས་ཀ་སྒྲུབ་མཁན་གྱི་དགེ་རྒན་དང་། ཞིང་འབྲོག་ཚན་རྩལ་མི་སྣ། སྨན་བཅོས་ལས་ཀ་སྒྲུབ་མཁན་ནམ་གོང་གསལ་ལས་གནས་ནས་ལས་འཁྱུར་ངལ་གསོ་གནང་མཁན་གྱི་ལས་བྱེད་པ་དངོས་ཀྱི་བུ་ཕྲུག་ལ་སྐར་མ10བསྣན་ཆོག མོན་པ་རིགས་དང་། ལྷོ་པ་རིགས། ཏུན་མི། ཤར་པ་བཅས་ལས་སྐར་མ10སྣོན་པ། བོད་སྐྱོད་ལས་བྱེད་པས་བོད་དུ་ལས་ཀ་བྱེད་ཡུན་ལོ་གཅིག་རེ་ལོན་ན་བུ་ཕྲུག་གི་མཐོ་རྒྱུགས་ལ་སྐར་མ་གཅིག་རེ་སྣོན། ཕ་མ་གཉིས་ཀྱིས་བོད་དུ་ལས་ཀ་བྱེད་ཚེ། ལས་ཡུན་རིང་པའི་གཞོགས་དེ་ཚད་གཞིར་འཛིན་པ་དང་། མཐོ་ནའང་སྐར་མ30ལས་བསྣན་མི་ཆོག རང་སྐྱོང་ལྗོངས་རིམ་པའི“སྔོན་ཐོན་གཉིས་སྦྲེལ་དུད་ཚང”ཐོབ་མཁན་གྱི་ཁྱིམ་ཚང་ཁྲོད་ཕྱི་ལོར་མཐོ་རྒྱུགས་སུ་ཞུགས་མཁན་སློབ་མར་སྐར་མ10བསྣན་ཆོག
མཐོ་རྒྱུགས་ཀྱི་སྐར་སྣོན་ཐོབ་ཐང་ལ་ཞིབ་བཤེར་གཏན་འབེབས་འཐུས་ཚང་དུ་བཏང་ནས་འགན་འཁྲི་རྩད་གཅོད་ལག་བསྟར་བྱེད་པ། 《བསམ་འཆར》གྱི་དགོངས་དོན་ལྟར། བོད་ལྗོངས་ཀྱི་ས་གནས(གྲོང་ཁྱེར) འབྲེལ་ཡོད་སྡེ་ཁག་སོ་སོས་སློབ་མའི་སྐར་སྣོན་ཐོབ་ཐང་ལ་ཞིབ་བཤེར་གཏན་འབེབས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་འཐུས་ཚང་འཛུགས་རྒྱུ་ཡིན་པ་མ་ཟད། སྐར་སྣོན་སློབ་མའི་ཐོབ་ཐང་ཆ་འཕྲིན་སྤྱི་བསྒྲགས་གནང་རྒྱུ་དང་། སྒྲིག་འགལ་ཞུ་གཏུགས་དང་དག་འབུད་ཐག་གཅོད་ལམ་ལུགས་འཐུས་ཚང་དུ་གཏོང་པ་དང་། ཐོབ་ཐང་རྫུན་མ་བཟོ་བའི་སློབ་མར་ཐག་གཅོད་ནན་མོ་བྱེད་རྒྱུ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10