ཞི་ཅིན་ཕིང་དང་རོན་ཧྥུའུ་ཀྲུང་གཉིས་ཀྱིས་ཕན་ཚུན་ལ་ལོ་སར་གྱི་རྟེན་འབྲེལ་འཕྲིན་ཡིག་བསྐུར།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2019-01-29

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་རོན་ཧྥུའུ་ཀྲུང་གཉིས་ཀྱིས་ཕན་ཚུན་ལ་ལོ་སར་གྱི་རྟེན་འབྲེལ་འཕྲིན་ཡིག་བསྐུར།

   ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། ས་མོ་ཕག་ལོའི་ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར། ངས་ཀྲུང་གོའི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་བྱས་པར་མ་ཟད། ང་རང་ཉིད་ཀྱི་མིང་སྟེང་ནས་ཁྱེད་དང་ཁྱེད་བརྒྱུད་དེ་ཡའོ་ཏན་གྱི་ཏང་དང་སྲིད་གཞུང་། མི་དམངས་བཅས་ལ་ལྷག་བསམ་རྣམ་དག་གིས་ལོ་སར་གྱི་འཚམས་འདྲི་དང་སྨོན་འདུན་ཞུས་པ་ཡིན། ཕྱིན་ཆད་ཀྲུང་གོ་དང་ཡའོ་ནན་ཕྱོགས་གཉིས་ཀྱིས་མཐོང་རྒྱ་སྔར་ལས་ཡངས་པོས་རྒྱལ་ཁབ་གཉིས་ཀྱི་མ་འོངས་པའི་འཕེལ་རྒྱས་ཐད་འཆར་འགོད་བྱེད་པ་དང་། མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་པ། འཐབ་ཇུས་འབྲེལ་འདྲིས་སྤེལ་བ། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཟབ་སྤེལ་བྱེད་པ་བཅས་བྱེད་དགོས། ཕྱོགས་གཉིས་ཀྱི་འབད་བརྩོན་འོག ཀྲུང་གོ་དང་ཡའོ་ནན་གྱི་འབྲེལ་བ་སྔར་ལས་གོང་འཕེལ་ཆེན་པོ་འབྱུང་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར།

   རོན་ཧྥུའུ་ཀྲུང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་དུ་ཡའོ་ནན་གྱི་ཏང་དང་རྒྱལ་ཁབ། མི་དམངས་བཅས་ཀྱི་ཚབ་བྱས་པར་མ་ཟད་ཁོ་རང་ཉིད་ཀྱི་མིང་སྟེང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཀྲུང་གོའི་ཏང་དང་རྒྱལ་ཁབ། མི་དམངས་བཅས་ལ་ལོ་སར་གྱི་སྨོན་འདུན་བཟང་པོ་ཞུས།  །


  • ལེ་ཚན་སྔོན་མ།:ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་སྨྱན་བྱད་ཡོངས་ཀྱི་དུས་རབས་དང་སྨྱན་བྱད་མཉམ་བསྲེས་འཕེལ་རྒྱས་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་བཅུ་གཉིས་པ་བསྡུས་པ་དང་ཞི་ཅིན་ཕིང་
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་ནས་ཐོག་མའི་བསམ་འདུན་བརྟན་སྲུང་དགོས་པའི་སྐུལ་མ་གནང་།
  • དོ་སྣང་ཆེ་བའི་རྩོམ།