ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 2019-01-22
ཉེ་ཆར། ཇོ་མོ་གླང་མའི་རི་འཛེགས་གད་སྙིགས་དོ་དམ་བྱ་ཐབས་ཞེས་པའི་བསམ་འཆར་བསྡུ་ལེན་བཞུགས་མོལ་ཚོགས་འདུ་ལྷ་་སར་སྐོང་འཚོགས་བྱས་པ་དང་དེའི་དམིགས་ཡུལ་ནི་རེ་འཛེགས་གད་སྙིགས་དོ་དམ་ལས་དོན་གྱི་ཡུན་རིང་གོ་ཆོད་སྒྲིག་གཞི་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་ལམ་ལུགས་ཐོག་ནས་ཇོ་མོ་གླང་མའི་རི་འཛེགས་གད་སྙིགས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་ཆེད་ཡིན་པ་རེད།
སྤྱི་ལོ་༢༠༠༨ལོར། བོད་ལྗོངས་རི་འཛེགས་མཐུན་ཚོགས་དང་བོད་ལྗོངས་རི་འཛེགས་ཉེན་བརྟག་ཞབས་ཞུ་ཀུང་སིས་མཉམ་དུ་བོད་ལྗོངས་རི་བོ་ཧེ་མ་ལ་ཡའི་ཁོར་སྲུང་ཐེབས་རྩ་ལྷན་ཚོགས་བཙུགས་ནས་ཁོར་སྲུང་དང་བླང་བྱེད་སྒོ་སྤེལ་བ་དང་གྲགས་ཅན་ཁེ་ལས་མཁས་པ་དེའི་ནང་ཞུགས་པ་བརྒྱུད་སྤྱི་ཚོགས་སྟོབས་ཤུགས་རི་བོའི་ཁོར་སྲུང་ནང་ཞུགས་རྒྱུར་སྣེ་ཁྲིད་བྱས་པ་དང་དུས་མཚུངས་སུ་ཇོ་མོ་གླང་མའི་གད་སྙིགས་གཙང་བཤེར་བྱེད་སྒོ་སྤེལ་བ་དང་རི་འཛེགས་མི་འབོར་ཚོད་འཛིན་གྱིས་ཚད་གཞི་ཆེ་ཤོས་ཐོག་ནས་རི་འཛེགས་བྱེད་སྒོས་ཇོ་མོ་གླང་མའི་ཁོར་ཡུག་ལ་བཟོ་བའི་ཤུགས་རྐྱེན་ཆུང་དུ་བཏང་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཉི་མ་ཚེ་རིང་གིས། སྤྱི་ལོ་༢༠༠༦ལོར་གྲོས་འཆམ་བྱུང་བའི་བོད་རང་སྐྱོང་ལྗོངས་ཀྱི་རི་འཛེགས་སྲོལ་ཡིག་ནང་ཁོར་ཡུག་སྲུང་སྐྱོབ་ཀྱི་འབྲེལ་ཡོད་བླང་བྱ་གསལ་པོ་བཟོས་ཡོད། ལོ་བཅུ་ལྷག་ཙམ་རིང་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་ཀྱང་ཇོ་མོ་གླང་མའི་གད་སྙིགས་གཙང་སེལ་བྱེད་སྒོ་ཐེངས་མང་སྒྲིག་འཛུགས་བྱས་པར་རྒྱལ་ཁབ་ཕྱི་ནང་གི་རི་འཛེགས་ལུས་རྩལ་ལ་དགའ་པོ་བྱེད་མཁན་ཚོའི་བསྔགས་བརྗོད་ཐོབ་ཡོད་ཅེས་གསུངས་འདུག
ཉི་མ་ཚེ་རིང་གིས། སྤྱི་ལོ་༢༠༡༩ལོར་རི་འཛེགས་དོ་དམ་བྱ་ཐབས་སྔར་ལས་ལྷག་པ་བཟོས་ནས་རི་འཛེགས་བྱ་གཞག་གོང་འཕེལ་གཏོང་རྒྱུ་ཚད་ལྡན་བཟོ་རྒྱུ་དང་རི་འཛེགས་ཞབས་ཞུའི་ཚད་གཞི་བཟོས་ནས་རི་འཛེགས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུུ་དང་་རི་འཛེགས་ཐོན་ལས་སྤུས་ཚད་མཐོ་པོས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་གསུངས་འདུག
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10