
མི་དམངས་དྲ་བའི་འཕྲིན། ཉེ་ཆར། ལྷ་སའི་ཉེ་འཁོར་དུ་གངས་གསོག་ཆེན་པོ་ཐེབས་ཡོད་པ་དང་། ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུའི་ཨར་ལས་བྱ་ཡུལ་དུ་གནམ་གཤིས་ཧ་ཅང་དྲང་མོ་ཡོད། ཡིན་ཡང་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་འཛུགས་སྐྲུན་པས་གྲང་ངར་ལ་མི་འཛེམས་པར་རྒྱུན་མཐུད་ངང་གངས་ཁྲོད་དུ་ཨར་ལས་བྱེད་བཞིན་ཡོད་པ་རེད།


