ཁྲོན་བོད་ལྕགས་ལམ་ལྷ་ཉིང་ལམ་དུམ་དུ་ལས་ལ་བྲེལ།

    མི་དམངས་དྲ་བ།    2018-12-20

ཁྲོན་བོད་ལྕགས་ལམ་ལྷ་ཉིང་ལམ་དུམ་དུ་ལས་ལ་བྲེལ།

     ཟླ12ཚེས18ཉིན་ཀྲུང་ལྕགས་ཅུའུ་བཅུ་གཅིག་པའི་བཟོ་པས་གོང་དཀར་ཡར་ཀླུང་གཙང་པོའི་ཟམ་ཆེན་སྐྲུན་ཡུལ་དུ་ལས་ཀ་སྒྲུབ་བཞིན་ཡོད། 

     ཉིན་དེ་གར། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལམ་དུམ་ལས་ཡུལ་དུ། འཛུགས་སྐྲུན་པས་ཁ་བ་བུ་ཡུག་ཁྲོད་དུ་གོང་དཀར་ཡར་ཀླུང་གཙང་པོའི་ཟམ་ཆེན་ཐོག་ཏུ་ལྕགས་ལམ་འདིང་བ་དང་གདུང་མ་འཛུགས་པའི་ལས་ཀ་ལས་བཞིན་ཡོད་པ་རེད།  ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལམ་དུམ་ནི་བོད་ལྗོངས་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་དང་པོ་ཡིན་ལ། མ་ལམ་ཧྲིལ་པོ་ལ་སྤྱི་ལེ435.48ཡོད། ཇུས་འགོད་ཀྱི་ཆུ་ཚོད་རེའི་མྱུར་ཚད་ནི་སྤྱི་ལེ160ཡིན། སྔོན་དཔག་བྱས་ན2021ལོར་འགྲུབ་ནས་མེ་འཁོར་ཤར་གཏོང་ཐུབ་རྒྱུ་རེད། 

ཁྲོན་བོད་ལྕགས་ལམ་ལྷ་ཉིང་ལམ་དུམ་དུ་ལས་ལ་བྲེལ།

ཁྲོན་བོད་ལྕགས་ལམ་ལྷ་ཉིང་ལམ་དུམ་དུ་ལས་ལ་བྲེལ།ཁྲོན་བོད་ལྕགས་ལམ་ལྷ་ཉིང་ལམ་དུམ་དུ་ལས་ལ་བྲེལ།


  • ལེ་ཚན་སྔོན་མ།:སི་ཁྲོན་བོད་ཁུལ་མང་ཚོགས་ཀྱི་ནད་པར་སྨན་བཅོས་བྱེད་ཐུབ་པ་མངོན་འགྱུར་བྱུང་།
  • ལེ་ཚན་རྗེས་མ།:ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ནས་ཉིས་སྟོང་བཅུ་དགུ་ལོའི་དཔལ་འབྱོར་བྱ་བར་དབྱེ་ཞིབ་བྱས།
  • དོ་སྣང་ཆེ་བའི་རྩོམ།