ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས།

ལྷ་འཛོམས་དང་བདེ་སྐྱིད།མིག་དོན་བཅས་ཀྱིས་བསྒྱུར།        2018-12-17

ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས།

ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས།

    ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས།

    (2018ལོའི་སྤྱི་ཟླ12པའི་ཚེས10ཉིན་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་འཆམས་བྱུང་བ།)

    ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དེ2018ལོའི་སྤྱི་ཟླ12པའི་ཚེས10ཉིན་ཁྲེང་ཏུའུ་རུ་འཚོགས་པ་རེད།

    ཚང་འཛོམས་གྲོས་ཚོགས་ནང་ཞིང་ཆེན་ཏང་ཨུའི་ཨུ་ཡོན83དང་ཞིང་ཆེན་ཏང་ཨུའི་རྗེས་སྣོན་ཨུ་ཡོན17ཞུགས་པ་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་ཟུར་ཞུགས་བྱས་ཡོད། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མི་ནང་གི་གཞི་རིམ་གྱི་བློ་མཐུན་ཁ་ཤས་ཀྱང་ཟུར་ཞུགས་བྱས་ཡོད།

    ཚང་འཛོམས་གྲོས་ཚོགས་དེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་འགན་བཞེས་ཤིང་། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕིང་ཆིང་ཧྭས་གསུང་བཤད་གནང་།

    ཚང་འཛོམས་གྲོས་ཚོགས་ཐོག་ཕེང་ཆིང་ཧྭ་ཡིས་སི་ཁྲོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་མཛད་དེ་ཞུས་པའི་ལས་ཀའི་སྙན་སེང་ལ་ཉན་འཇོག་བྱས་ཏེ་གྲོས་བསྡུར་བྱས་པ་དང་། 《ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི2019ལོའི་ལས་ཀའི་གཙོ་གནད》ལ་གྲོས་བསྡུར་བྱས་པ་རེད། ཕེང་ཆིང་ཧྭ་ཡིས2019ལོའི་སི་ཁྲོན་ཞིང་ཆེན་ཏང་ཨུའི་ལས་ཀའི་གཙོ་གནད་ཀྱི་བཀོད་སྒྲིག་བྱས་ཚུལ་ཐད་གསུང་བཤད་གལ་ཆེན་གནང་བ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་ད་ལོ་ནས་བཟུང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ལས་ཀར་ཁས་ལེན་གང་ལེགས་གནང་ཞིང་། ཚང་མས་མགྲིན་གཅིག་ཏུ་ངོས་འཛིན་བྱས་དོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་ཀར་མཛུབ་སྟོན་གལ་ཆེན་གནང་བའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་ཟབ་པོ་བྱས་ཤིང་། ཕྱོགས་ཡོངས་ནས་ཏང་གི་ལས་ཀ་མཐའ་དག་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ་དང་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་རྣམས་མཐུན་སྒྲིལ་སྒོས་སྣེ་ཁྲིད་བྱས་ནས་དཀའ་སེལ་འགག་སྒྲོལ་དང་འབད་འབུངས་ཡར་བརྩོན་བྱས་ཏེ་གཙོ་གནད་ལ་སློབ་སྦྱོང་ཆེན་མོ་དང་གྲོས་བསྡུར་ཆེན་མོ། བརྟག་ཞིབ་ཆེན་མོའི་བྱེད་སྒོ་སྤེལ་རྒྱུ་འཛིན་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོག་པ། གནད་གཅིག་ཕྱོགས་མང་དང་ས་ཁུལ་ལྔ་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་ཕྱོགས་བཞིར་རྒྱ་བསྐྱེད་དང་ཁོངས་ཡོངས་སྒོ་འབྱེད་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་ཇུས་འགོད་དང་སྐུལ་འདེད་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་དང་སྣེ་ཁྲིད་བྱ་རྒྱུ་གཡོ་འགུལ་མི་བྱེད་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་འཁོར་བར་དྲན་གསོ་ཞུ་བའི་དོན་ཆེན་ལྔ་སྒྲུབ་པ་དང་། འཕར་སྣོན་བརྟན་པོ་དང་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། སྒྲིག་གཞི་ལེགས་སྒྲིག དམངས་འཚོ་ལ་ཕན་ཐོགས་པ། ཉེན་ཁ་སྔོན་འགོག་དང་ཏང་གི་འཛུགས་སྐྱོང་ལས་ཀ་ཁག་གཅིག་གྱུར་འཆར་འགོད་བྱས་ཏེ་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཕར་སྣོན་བརྟན་པོར་གཏོང་ཞིང་། ལྔ་ཐོག་གཅིག་སྣོན་གྱི་དེང་རབས་ཐོན་ལས་མ་ལག་འཛུགས་སྐྱོང་མགྱོགས་སུ་གཏོང་གང་ཐུབ་བྱེད་པ། དེང་རབས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་མགྱོགས་སུ་གཏོང་བ། མཐའ་གཅིག་ཏུ་འགག་སྒྲོལ་ཆེན་པོ་གསུམ་ཡག་པོར་སྒྲུབ་པ། གྲོང་གསེབ་དར་སྤེལ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱུན་སྲིང་ངང་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་ལ་ཤུགས་སྣོན་པ། ཏན་ཏིག་གིས་དྲིལ་བསྒྲགས་དང་བསམ་བློ། རིག་གནས་བཅས་ཀྱི་ལས་ཀ་ཡག་པོར་བསྒྲུབས་པ། དམངས་གཙོ་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཁྱོན་ཡོངས་ནས་ཏང་ནན་སྐྱོང་ཟབ་མོ་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ལས་ཀ་སོ་སོར་གྲུབ་འབྲས་གསར་པ་ཐོབ་ཡོད།

    ཚང་འཛོམས་གྲོས་ཚོགས་ཐོག་ནན་གསུང་གནང་དོན། 2019ལོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ཟབ་མོ་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་ལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པའི་ལོ་ཞིག་ཀྱང་ཡིན། ཕྱོགས་ཡོངས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཁྱོན་ཡོངས་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ལོ་ཞིག་ཀྱང་ཡིན་པ་རེད། སང་ལོའི་ལས་ཀ་ཇུས་འགོད་ཡག་མོ་བྱ་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་ལས་དོན་སྐོར་གྱི་མཆན་འགོད་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་ཟབ་མོ་བྱེད་པ་དང་རང་རྟོགས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། ཀྲུང་དབྱང་གི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ལག་ལེན་དོན་འཁྱོལ་བྱེད་པ། གནས་ལྔ་གཞི་གཅིག་གི་སྤྱི་ཡོངས་ཀྱི་བཀོད་སྒྲིག་གཅིག་གྱུར་འཆར་འགོད་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ། རྦད་དེ་འཆར་འགོད་ཆེན་པོ་བཞག་རྒྱུ་རྒྱུན་འཁྱོངས་བྱས་ནས་ལྷོད་གཡེང་གཏན་ནས་མི་གཏོང་བ། ཏན་ཏིག་གིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱ་དགོས། སྤྱི་ཡོངས་ལ་དམིགས་ནས་འཕེལ་ཕྱོགས་ཁོང་དུ་ཆུད་པ་བྱེད་པ། གནད་དོན་འགྲོ་ཕྱོགས་དང་དམིགས་འབེན་འགྲོ་ཕྱོགས་ལ་ཤུགས་བསྣན་ཏེ་གནས་བབ་གསར་པར་འཚམ་པར་བྱེད་པ་དང་། གོ་སྐབས་གསར་པར་མྱུར་འཛིན་བྱེད་པ། སྒུལ་ནུས་གསར་པར་གསོ་སྐྱོང་དང་བཟང་ཆ་གསར་པ་འདོན་སྤེལ་བྱས་ཏེ་དོན་དངོས་ལ་གཞིགས་ནས་མི་འདང་སར་ཁ་གསབ་བྱེད་པ་དང་། གཙོ་གནད་མངོན་གསལ་དོད་པོ་བྱས་ནས་སེམས་ཤུགས་གཅིག་ཏུ་བསྒྲིམས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱབ་རྟེན་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ས་ཁོངས་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་འདེད་ཀྱི་ནུས་པ་ཆེ་བའི་དོན་ཆེན་ཁ་ཤས་ཡག་པོ་བསྒྲུབས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་ཞིང་ཁྲོན་སྐྱོང་ཁྲོན་དར་ལས་ཀ་ཡང་དུ་སྐས་རིམ་གསར་པ་ཞིག་ཐོག་སླེབས་པར་སྐུལ་འདེད་གཏང་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་ནན་གསུང་གནང་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་སྲུང་སྐྱོང་གཉིས་ཀྱི་ཚན་རིག་དང་མཐུན་པའི་ནང་དོན་དང་བླང་བྱ་གསལ་པོར་ངོས་འཛིན་ཟབ་མོ་བྱས་ཏེ། ཚད་མཐོན་པོའི་ཆབ་སྲིད་ཀྱི་རང་རྟོགས་རང་བཞིན་གྱིས་སྲུང་སྐྱོང་གཉིས་ལག་བསྟར་བྱས་ནས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་གཅིག་གྱུར་བྱེད་པར་སྲུང་འཛིན་བྱ་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་ལས་དོན་སྐོར་གྱི་མཆན་འགོད་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་ཟབ་མོ་བྱ་རྒྱུ་དེ་ཆབ་སྲིད་ལས་འགན་གལ་ཆེན་བྱས་ནས་ཏང་ཡོན་ལས་བྱེད་པར་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པར་ཁྲིད་སྟོན་བྱེད་པའི་བསམ་བློའི་གནད་དོན་ཐག་གཅོད་ཡང་དག་པ་བྱས་ནས་རང་རྟོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྲ་ཞིང་བརྟན་པའི་དད་པ་ཅན་དང་བློ་དཀར་གྱི་ལག་བསྟར་བྱེད་མཁན་བྱ་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། འགག་སྒྲོལ་ཆེན་པོ་གསུམ་མུ་མཐུད་ནས་ཡག་པོ་བསྒྲུབ་དགོས། ཐོག་མཐའ་བར་གསུམ་དུ་དབུལ་ཐར་འགག་སྒྲོལ་བྱ་བ་དེ་ཆབ་སྲིད་ཀྱི་འགན་འཁྲི་ཆེ་ཤོས་དང་དམངས་འཚོའི་ལས་གྲྭ་ཆེན་པོ། ཆེས་ཆེ་བའི་འཕེལ་རྒྱས་ཀྱི་གོ་སྐབས་ཐོག་བཞག་ནས། སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ། དབྱིས་རིགས་ས་ཁུལ་དང་བོད་རིགས་ས་ཁུལ་སོགས་ཧ་ཅང་དབུལ་པོའི་ས་ཁུལ། དམིགས་བསལ་དབུལ་ཕོངས་ཚོགས་སྤྱིར་དམིགས་ནས་ཕྱིར་མིག་ལྟ་བ་དང་ཕྱིར་རོགས་རམ་གྱི་གཅིག་གྱུར་འཆར་འགོད་དམ་འཛིན་ལེགས་པོ་བྱ་དགོས་པ། སི་ཁྲོན་དང་ཀོང་ཏུང་སི་ཁྲོན་དང་ཀྲེ་ཅང་གིས་དབུལ་སྐྱོར་རོགས་ལས་དང་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་དམ་འཛིན་ལེགས་པོ་བྱ་དགོས། དབུལ་སྐྱོར་དང་བློ་སྐྱོར་བྱ་རྒྱུ་གཅིག་གྱུར་གྱིས་དམ་འཛིན་ལེགས་པོ་བྱས་ནས་སྡོད་ཁང་དང་ཐོན་ལས། ལས་ཞུགས། སློབ་གསོ། སྨན་བཅོས་འཕྲོད་བསྟེན། རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་འགག་སྒྲོལ་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས་དབུལ་ཐར་སྤུས་ཚད་མཐོ་བ་དང་རྒྱུན་མཐུད་ངང་དབུལ་ཐར་ཐུབ་པ་ལས་དབུལ་ཐར་གྲུབ་འབྲས་དེ་ལོ་རྒྱུས་དང་ལག་ལེན། མི་དམངས་ཀྱིས་ཞིབ་བཤེར་ཐེག་ཐུབ་པ་བྱ་རྒྱུར་འགན་ལེན་ཏན་ཏིག་བྱ་དགོས། 

     སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་ནན་ཏན་བྱས་ཤིང་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་སྤེལ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་ནས།  ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཁོར་ཡུག་སྲུང་སྐྱོང་གིས་ཕྱི་མིག་ལྟ་བའི་བརྡ་ལན་གནད་དོན་དག་ཐེར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ལེག་པོ་བྱས་ཏེ། སྦགས་བཙོག་འགོག་བཅོས་ཀྱི་དམག་འཐབ་ཆེན་པོ་བརྒྱད་ཡག་པོ་བརྒྱག་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོ་འཛུགས་དགོས་པ་རེད།  ས་ཁོངས་སྲུང་འགན་ཡོད་བ་དང་ས་ཁོངས་སྲུང་འགན་འཁུར་བ།  ས་ཁུངས་སྲུང་བའི་འགན་འཁྲིད་སྒྲུབ་པ་བཅས་བྱས་ནས་དབུལ་རྩ་དང་ཁང་གཞིས་རྒྱུ་ནོར།  སྲིད་གཞུང་རང་བཞིན་གྱི་བུ་ལོན།  མངོན་མེད་བུ་ལོན།  སྤྱི་ཚོགས་བརྟན་ལྷིང་།  ལྷད་མེད་ཐོན་སྐྱེད།  བཟའ་བཅའ་དང་སྨན་རྫས་ལྷད་མེད།  རང་བྱུང་གི་གནོད་འཚེ་ཚབས་ཆེན་སོགས་ཀྱི་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་མེད་པ་བཟོ་བའི་ལས་དོན་དམ་འཛིན་ལེགས་པོ་བྱས་ནས་མ་ལག་རང་བཞིན་དང་ས་ཁོངས་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་གཞི་ཐིག་མཐའ་གཅིག་རུ་བརྟན་པོར་བསྲུང་དགོས།

    ཚང་འཛོམས་གྲོས་ཚོགས་ཀྱིས་ནན་གསུང་གནང་དོན། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཙོ་བོ་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་གཏང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། ནང་མཁོ་རྒྱ་བསྐྱེད་གཏང་རྒྱུ་དེ་དམིགས་བསལ་གོ་གནས་སུ་བཞག་ནས་རྨང་གཞིའི་སྒྲིག་བཀོད་བཅས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། ཞན་ཆར་ཁ་གསབ་བྱས་པའི་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་བཏང་ནས་སྤྱི་ཚོགས་མ་དངུལ་འཇོག་རྒྱུའི་རྨང་གཞིའི་སྒྲིག་བཀོད་དང་ཐོན་ལས་ཀྱི་ལས་གཞི་དེ་བས་མང་ཙམ་ཁྲིད་སྟོན་བྱས་ནས་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་སྔར་བས་སྔོག་འདོན་བྱེད་པ་དང་རྒྱལ་སྤྱིའི་ཚོང་ར་གསར་དར་ཧུར་ཐག་གིས་གསར་གཏོད་བྱ་དགོས། དེང་རབས་ཀྱི་ཐོན་ལས་མ་ལག་འཛུགས་རྒྱུར་ཤུགས་བརྒྱག་ནས་ལྔར་གཅིག་སྣོན་པའི་ཐོན་ལས་ལ་དམིགས་ཏེ་ཞིང་ཆེན་འགོ་ཁྲིད་ཀྱིས་འབྲེལ་གཏུག་དང་མཛུབ་སྟོན་བྱེད་པའི་གཙོ་གནད་ཁྱབ་ཁོངས16དང་གྲངས་གཞིའི་དཔལ་འབྱོར་འཕེལ་རྒྱས་ལས་ཀའི་སྐུལ་འདེད་གཏོང་བའི་ལམ་སྲོལ་དོན་འཁྱོལ་ནན་ཏན་བྱས་ནས། གྲངས་གཞིའི་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས་པ་དང་། དེང་རབས་ཀྱི་ཞིང་ལས་དང་བཟོ་ལས། ཞབས་ཞུའི་ལས་རིགས་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། ཚང་རའི་གཙོ་གནད་གསོན་ཤུགས་སྐུལ་སློང་གང་ལེགས་བྱས་ནས་ཁྱོན་ཡོངས་ནས་གསར་གཏོད་བཅོས་བསྒྱུར་ཚོད་ལྟ་ཟབ་སྤེལ་དང་རྒྱ་བསྐྱེད་གཏིང་ཟབ་ཏུ་བཏང་ཞིང་། རྒྱལ་དབང་ཁེ་ལས་སྟོབས་ཆེན་དང་ཕུལ་བྱུང་དུ་བཟོས་ནས་ནུས་ཤུགས་ཡོད་རྒུས་དམངས་གཉེར་ཁེ་ལས་བདེ་བླག་ངང་གོང་དུ་འཕེལ་བར་རྒྱབ་སྐྱོར་བྱ་དགོས་པ། སང་ལོར་རྫོང་ཁོངས་དཔལ་འབྱོར་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ལས་དོན་དམ་འཛིན་ཏན་ཏིག་བྱེད་དགོས་ཤིང་། རྫོང་ཁོངས་དཔལ་འབྱོར་སྟོབས་ལྡན་དང་སྐྱེ་ཁམས་འཛུགས་སྐྱོང་གི་མིག་དཔེ་རྫོང་ཁག་ཁག་ཅིག་གསོ་སྐྱོང་བྱེད་པ་དང་ཐན་ཧྥུའུ་ཡུལ་སྐོར་གྲགས་ཅན་རྫོང་ཁག་ཁག་ཅིག་མིང་བཏགས་ནས། རྫོང་ཁོངས་དཔལ་འབྱོར་སྔར་བས་གོང་དུ་སྤེལ་དགོས་པ་དང་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏང་རྒྱུ་དར་རྒྱས་ཡོང་བ་བྱ་དགོས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་མི་ཆད་པར་བརྟན་དུ་བཏང་ནས་ཐོན་ཁུངས་ཀྱི་ལེགས་ཆ་དང་ས་ཁོངས་ཀྱི་ལེགས་ཆ། མི་འབོར་ལེགས་ཆ། སྐྱེ་ཁམས་ཁོར་ཡུག་གི་ལེགས་ཆ་བཅས་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་དགོས་པ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། གནད་གཅིག་ཕྱོགས་མང་དང་ས་ཁུལ་ལྔ་མཐུན་སྦྱོར་འཕེལ་རྒྱས་གཏང་རྒྱུ་དང་ཕྱོགས་བཞིར་རྒྱ་བསྐྱེད། ས་ཁོངས་ཡོངས་སུ་སྒོ་དབྱེའི་འཐབ་ཇུས་ཀྱི་བཀོད་སྒྲིག་ལ་སྐུལ་འདེད་གཏང་རྒྱུ་ནི་སི་ཁྲོན་དར་རྒྱས་ཡོང་བའི་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་རེད། སྔ་མ་དེ་དོ་མི་མཉམ་པ་དང་འཐུས་སྒོ་མི་ཚང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ཏེ་ས་ཁོངས་ཁག་མཉམ་འགུལ་བྱས་ནས་ནང་སྐྱེས་སྒུལ་ཤུགས་ཆེ་རུ་བཏང་བ་དང་། སི་ཁྲོན་དཔལ་འབྱོར་ས་ཁམས་ཀྱི་འཐབ་ཇུས་གལ་ཆེན་ཡིན་ལ། ཕྱི་མ་དེས་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་དང་སྦྲེལ་མཐུད་བྱ་རྒྱུར་དམིགས་ཏེ་ཁྲོམ་ར་གཉིས་དང་ཐོན་ཁུངས་རིགས་གཉིས་བེད་སྤྱོད་ཡག་པོ་བྱས་པ་དང་། སི་ཁྲོན་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་བསྐྱེད་གཏང་བའི་འཐབ་ཇུས་གལ་ཆེན་ཞིག་ཡིན། གནད་གཅིག་ཕྱོགས་མང་དང་ས་ཁུལ་ལྔ་མཐུན་སྦྱོར་འཕེལ་རྒྱས་གཏང་རྒྱུའི་ས་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་སུ་བསྐྲུན་ནས་ས་ཁོངས་གཙོ་ནུས་ཐོན་ཁུལ་ཁག་སྔར་བས་མངོན་གསལ་དོད་པོ་དང་། མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ལམ་སྲོལ་གསར་གཏོད་བྱས་ནས་ས་ཁོངས་འཕེལ་རྒྱས་ཀྱི་འཆར་འགོད་འབྲེལ་མཐུད་དང་ཐོན་ལས་ཀྱི་བཀོད་སྒྲིག་གཅིག་གྱུར། ས་ཁོངས་མཉམ་ལས་མཉམ་འགུལ། རྨང་གཞིའི་སྒྲིག་བཀོད་མཉམ་སྐྲུན། སྤྱི་པའི་ཞབས་ཞུ་མཉམ་སྤྱོད་བཅས་སྐུལ་འདེད་བཏང་ནས་སྔར་བས་དམ་ཟབ་ཡིན་པའི་ཁེ་ཕན་ཐུན་མོང་ཚོགས་པ་འཛུགས་དགོས་པ་དང་། ཕྱོགས་བཞིར་རྒྱ་བསྐྱེད་དང་ས་ཁོངས་ཡོངས་སུ་སྒོ་དབྱེའི་ཁྱོན་ཡོངས་ནས་སྒོ་དབྱེའི་རྣམ་པ་གསར་པ་གང་མྱུར་ཆགས་ནས། ལམ་གཅིག་རྒྱུད་གཅིག་འཛུགས་སྐྱོང་དང་འབྲི་ཆུའི་དཔལ་འབྱོར་ས་རྒྱུད་འཕེལ་རྒྱས། ནུབ་རྒྱད་གསར་སྤེལ་ཆེན་མོ་སྐོར་ཐེངས་གསར་པ་སོགས་ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་རང་འགུལ་གྱིས་ཞུགས་དགོས། རྒྱལ་སྤྱིའི་སྐམ་མཚོའི་ཉོ་ཚོང་བགྲོད་ལམ་གསར་པ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་ཕྱོགས་བསྡུས་འགྲིམ་འགྲུལ་འཛུགས་སྐྲུན་གྱི་ལོ་གསུམ་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་ཤིང་། ལྕགས་ལམ་དང་མཁའ་ལམ། མྱུར་བགྲོད་གཞུང་ལམ། ནང་ཁུལ་ཆུ་ཐོག་སྐྱེལ་འདྲེན་བཅས་ཀྱི་ལས་གཞིའི་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ནས། ནུད་ཁུངས་དང་ཆུ་བེད། བརྡ་འཕྲིན། གནོད་འགོག་གནོད་སེལ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་དགོས། སྒོ་འབྱེད་མཉམ་ལས་ཀྱི་ལས་སྟེགས་གལ་ཆེན་བེད་སྤྱོད་ཡག་པོ་བྱས་དགོས་ཤིང་། སྤུལ་ཚད་མཐོ་བའི་ཀྲུང་གོ﹙སི་ཁྲོན﹚རང་མོས་ཉོ་འཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་དགོས། ཀོང་ཏུང་དང་ཞང་ཀང་། ཨའོ་མོན། སྐམ་ས་ཆེན་པོ། ཐའེ་ཝན་དང་བྱང་རྒྱུད་མཚོ་ཁུག་དཔལ་འབྱོར་ཁུལ་དང་འབྲེལ་མཐུད་མཉམ་ལས་བྱ་རྒྱུར་ཤུགས་བསྣན་ཏེ་འབྲི་ཆུའི་ཟུར་གསུམ་ཁུལ་དང་པེ་ཅིན། ཐན་ཅིན། ཧོ་པེ། ཀྲུའུ་ཅང་ཟུར་གསུམ་ཁུལ་ཆེན་པོའི་ས་ཁོངས་སོགས་དང་ཉམས་མྱོང་སྤེལ་རེས་དང་མཉམ་ལས་བྱས་པར་ཤུགས་སྣོན་བརྒྱག་ནས་མཐའ་འཁོར་གྱི་ཞིང་ཆེན﹙རང་སྐྱོང་ལྗོང་དང་གྲོང་ཁྱེར﹚དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཁྱོན་ཡོས་ནས་སྒོ་འབྱེད་དང་མཉམ་ལས་ཀྱི་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་གཏོང་དགོས་པ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། རི་ལ་ཐུག་ན་ལམ་འབྱེད་པ་དང་ཆུ་ལ་ཐུག་ན་ཟམ་སྐྲུན་པའི་སྙིང་སྟོབས་སྲུང་འཛིན་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་བཅོས་བསྒྱུར་མཐའ་འཁྱོངས་ལྷོད་མེད་བྱ་དགོས། ཞིང་ལས་དང་ཞིང་སྡེ། རྒྱལ་དབང་མ་རྩ་ཁེ་ལས། སྲིད་འཛིན་དོ་དམ། ནོར་ཁྲལ་དངུལ་རྩ། ཚན་རྩལ་གསར་གཏོད། ཁྲིམས་འཛིན་སྒྲིག་སྲོལ། སྤྱི་པའི་ཞབས་ཞུ་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་དམིགས་སའི་རང་བཞིན་དང་གསར་གཏོད་རང་བཞིན་གྱི་བཅོས་བསྒྱུར་བྱེད་ཐབས་ཁག་གཅིག་བཏོན་ནས། སྒྲིག་གཞིའི་བཅོས་བསྒྱུར་དང་གློག་ཤུགས་སྒྲིག་སྲོལ། མང་ཤོས་རྒྱུག་ཐེངས་གཅིག་ལས་བཅོས་བསྒྱུར་བཅས་གཙོ་གནད་དུ་དམ་འཛིན་ཡག་པོ་བྱས་ཤིང་། སྤྱི་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་དང་མང་ཚོགས་ཀྱིས་རེ་སྒུག་ཆེ་ཤོས། འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་ཆེས་མངོན་གསལ་དོད་པའི་ཚ་ནད་གཅོང་ནད་དུ་ཤུགས་སྣོན་བརྒྱབ་ནས། ཐོན་སྐྱེད་ནུས་ཤུགས་སྔར་བས་བཅིངས་འགྲོལ་དང་དཔལ་འབྱོར་གྱི་སྐྱེ་སྟོབས་ཆེ་རུ་གཏང་དགོས་པ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། གྲོང་གསེབ་དར་རྒྱས་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་བྱེད་པར་གཅིག་གྱུར་གྱིས་སྐུལ་འདེད་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་དང་། རྨང་གཞིའི་སྒྲིག་བཀོད། ཐོན་ལས་འཕེལ་རྒྱས། སྤྱི་པའི་ཞབས་ཞུ་སོགས་གཞི་གཅིག་ཏུ་འགྱུར་བའི་བཀོད་པ་དང་། བཟོ་ཞིང་ཕན་ཚུན་སྐུལ་རེས་འཛུགས་སྐྲུན་དང་གྲོང་ཁྱེར་དང་གྲོང་གསེབ་ཕན་ཚུན་གསབ་རེས། ཕྱོགས་ཡོངས་ནས་མཉམ་འདྲེས། མཉམ་དུ་དར་རྒྱས་བཅས་ཀྱི་བཟོ་ཞིང་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ཏེ་སི་ཁྲོན་གྱི་འབྲུ་རིགས(བཟའ་སྣུམ།)དང་སི་ཁྲོན་ཇ། སི་ཁྲོན་སྨན། སི་ཁྲོན་ཚལ། སི་ཁྲོན་སྨྱུག་མ་སོགས་དམིགས་བསལ་གྱི་ཁྱད་ཆོས་ཡོད་པའི་ལེགས་ཆའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། གྲོང་ཚོའི་རྣམ་པ་དྲུག་ཅན་འདུ་འགོད་ལག་བསྟར་གཏིང་ཟབ་བཏང་སྟེ། མངོན་གསལ་དོད་པའི་གྲོང་གསེབ་ཀྱི་གད་སྙིགས་གཙང་བཅོས་དང་བཙོག་ཆུ་གཙང་སེལ། གསང་སྤྱོད་ཁང་གསར་བཅོས་བཅས་དམ་འཛིན་ཡག་པོ་བྱས་ནས་མཛེས་སྡུག་གི་སི་ཁྲོན.འཚོ་གནས་བྱེད་པར་འཚམ་པའི་གྲོང་གསེབ་ཅེས་ཚད་གཞི་ལོན་པའི་གྲོང་ཚོ་འཛུགས་སྐྱོང་བྱ་དགོས། མིས་གཙོ་གནད་བྱེད་པའི་རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་གྲོང་ཁྱེར་གྱི་བར་སྟོང་བཀོད་པ་དང་བྱེད་ལས་ཀྱི་རྣམ་པ་ལེགས་སྒྱུར། གྲོང་ཁྱེར་ཁྱུ་ཚོགས་དང་ས་ཁོངས་ལྟེ་བའི་གྲོང་ཁྱེར། རྫོང་གྲོང་གི་གྲོང་ཁུལ་འཛུགས་སྐྲུན་བཅས་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། སྤྱི་གླིང་གྲོང་ཁྱེར་འཛུགས་སྐྲུན་ཚོད་ལྟ་བྱ་བ་ཧུར་ཐག་ངང་སྤེལ་ཏེ། གྲོང་རྡལ་བརྒྱ་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་ཅིང་། སྡོད་ཁང་འགན་སྲུང་མ་ལག་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། གོ་རིམ་ལྡན་པའི་ངང་ཞིང་ལས་ཀྱི་སྤོ་སྒྱུར་མི་འབོར་གྲོང་ཁྱེར་གྱི་གྲོང་མིར་འགྱུར་བར་སྐུལ་འདེད་གཏང་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། མི་དམངས་གཙོ་གནད་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་བདེ་སྣང་ཇེ་དྲག་ཏུ་གཏང་དགོས། མུ་མཐུད་ནས་སློབ་གསོ་དང་སྨན་བཅོས། སྤྱི་ཚོགས་འགན་བཅོལ་སོགས་མང་ཚོགས་ལ་བྲེལ་མྱུར་ཆེ་ཞིང་དཀའ་ངལ་ལྡན་ལ་རེ་སྒུག་ལ་སེམས་ཁྲལ་ཆེ་བའི་དམངས་འཚོའི་དཀའ་གནད་ལ་གཅིག་སྡུད་ཀྱིས་ཐག་གཅོད་བྱེད་པ་དང་། དམངས་འཚོའི་ལས་གཞི་ཁག་ཅིག་ལག་བསྟར་ཇུས་འགོད་དང་དམངས་ཕན་བྱ་གཞག་ལེགས་པོ་བསྒྲུབ་དགོས། ལས་ཞུགས་བྱ་རྒྱུ་དེ་མངོན་གསལ་ཆེ་བའི་གནས་སུ་བཞག་སྟེ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་སྤྱི་ཕན་ལས་གནས་གསར་སྤེལ། གསར་སྐྲུན་ལས་སྐྲུན་ལ་སྐུལ་མ་གཏོང་བ་སོགས་ལས་ཞུགས་ལས་གནས་སྔར་ལས་མང་པོ་གསར་གཏོད་བྱེད་པ་བརྒྱུད་ནས། མཐོ་རིམ་སློབ་གྲྭ་ནས་་སློབ་མཐར་ཕྱིན་པའི་སློབ་མ་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི། ཐོན་ནུས་གཅོག་པའི་ལས་བཟོ་སོགས་ལས་ཞུགས་ལ་ཞབས་འདེགས་བསྒྲུབ་དགོས་ཤིང་། ཞིང་པའི་གླ་པར་ཞབས་འདེགས་ཞུ་བའི་འགན་སྲུང་ལས་དོན་ཏན་ཏིག་ངང་ལེགས་པར་བསྒྲུབ་དགོས། ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་ཏེ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དང་། སི་ཁྲོན་དང་ཁྲུང་ཆིང་རིག་གནས་དར་རྒྱས་ཕུན་སུམ་ཚོགས་པོ་ཡོང་བར་སྐུལ་འདེད་དང་། བརྩམས་ཆོས་སྤུས་དག་སྔར་ལས་མང་བ་གསར་རྩོམ་དང་ཐོན་སྐྱེད་བཅས་བྱས་ནས་སྔར་བས་ཕུན་སུམ་ཚོགས་པོ་དང་དེ་བས་འཚོ་བཅུད་ལྡན་པའི་བསམ་པའི་འཚོ་བཅུད་མཁོ་སྤྲོད་བྱས་ཏེ་རིག་གནས་སྟོབས་ལྡན་གྱི་ཞིང་ཆེན་འཛུགས་སྐྲུན་མགྱོགས་སུ་གཏང་དགོས། མང་ཚོགས་ཀྱི་ལུས་རྩལ་དང་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་ཧུར་ཐག་སྤེལ་བ་དང་། མི་དམངས་མང་ཚོགས་ཀྱི་གཟུགས་གཞི་ཇེ་ཐང་དང་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་དགོས། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་བཏང་ཞིང་། ནག་སེལ་གཤེད་འཇོམས་ཀྱི་ཆེད་དོན་འཐབ་རྩོད་མུ་མཐུད་སྤེལ་ཏེ། ཏན་ཏིག་གིས་དུས་བདེའི་སི་ཁྲོན་འཛུགས་སྐྱོང་བྱེད་པར་སྐུལ་འདེད་བྱས་པ་དང་། དུས་རབས་གསར་པའི་འཕེལ་རྒྱས་ཧྥེང་ཆའོ་ཡི་ཉམས་མྱོང་རྒྱུན་འཁྱོངས་དང་། དྲྭ་རྒྱ་ཅན་གྱི་ཞབས་ཞུའི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་ལས་ཀའི་རྣམ་པ་ཆགས་པར་བྱ་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་ནན་གསུང་གནང་དོན། ཁྱོན་ཡོངས་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱང་རྒྱུ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་ཡོང་བར་བྱ་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་བསམ་བློ་ལེགས་འཛུགས། རྩ་འཛུགས་ནན་སྐྱོང་། སྤྱོད་ཚུལ་ལེགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་དེའི་ནང་དུ་ཁྱབ་པ་བྱས་ཐོག་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྲོལ་བཟང་ལ་ལུགས་དྲང་བའི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་འཛུགས་སྐྱོང་བྱ་ དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་ཨང་དང་པོར་བཞག་ནས་དམ་འཛིན་བྱ་དགོས་པ་དང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་དུ་གཏོང་བ། ཀྲོའུ་ཡུང་ཁང་གིས་ཤུགས་རྐྱེན་གཙང་སེལ་མཐར་ཕྱིན་བྱས་ཏེ་དགེ་མཚན་ལྡན་ཞིང་སྐྱོན་དང་བྲལ་བའི་ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་གསོ་སྐྱོང་བྱས་ཏེ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་གནོད་པའི་སྣང་ཚུལ་སི་ཁྲོན་གྱི་ཚོང་ར་གང་ཡང་ཡོད་མི་ཆོག ཏང་ཨུས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་སོ་སོའི་ནུས་པ་མཐུན་སྦྱོར་བྱས་ཏེ། ཏང་ཨུས་དུས་བཀག་ལྟར་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་དང་སྲིད་གཞུང་། སྲིད་གྲོས། ཁྲིམས་ཁང་། ཞིབ་དཔྱོད་ཁང་གི་ཏང་རྩ་འཛུགས་ཀྱི་ལས་དོན་སྙན་ཞུ་ལ་གསན་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དང་ཁྲིམས་ལྟར་བཅོས་སྐྱོང་། ནོར་སྲིད་དཔལ་འབྱོར། རྩིས་བཤེར། ཁྱོན་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པ། དྲྭ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན། ཕྱི་དོན། སློབ་གསོ་སོགས་ཀྱི་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ཏང་གི་འགོ་ཁྲིད་དེ་བས་འགྱུར་མེད་སྟོབས་ལྡན་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་ནན་གསུང་གནང་དོན། ཞིང་ཆེན་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གིས་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱ་དགོས་ལ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་ཕྱག་ལས་གནང་དུས་ཀྱི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱ་བར་ཟུང་འབྲེལ་བྱ་དགོས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟུང་དུ་སྦྲེལ་ནས་སང་ལོའི་ལས་དོན་བཀོད་སྒྲིག་གཅིག་གྱུར་བྱས་ཏེ་རྒྱུན་ཆད་མེད་པར་ཞིང་ཆེན་ཏང་ཨུའི་ཐབས་ཇུས་དང་བཀོད་སྒྲིག་ཤེས་རྟོགས་དང་སྟངས་འཛིན་ཇེ་ཟབ་ཏུ་གཏང་དགོས་ཤིང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སང་ལོའི་ལས་ཀ་བཀོད་སྒྲིག་ཞིབ་མོའི་བློ་ཡིས་ཇུས་འགོད་དང་། ལག་བསྟར་དོན་འཁྱོལ་བྱེད་ཕྱོགས་ལ་ཞིབ་འཇུག་བྱེད་པའི་བྱེ་བྲག་གི་འཆར་གཞི་དང་ཞིབ་ཕྲའི་སྲིད་ཇུས། བྱེ་བྲག་གི་བྱེད་ཐབས། ཞིབ་ཕྲའི་རྣམ་གྲངས་བཅས་ལ་ཞིབ་འཇུག་བྱས་ཏེ་ཞིང་ཆེན་ཏང་ཨུའི་འཆར་འགོད་པར་རིས་ཞིབ་ཕྲ་བྱས་ཏེ་ས་གནས་ཁག་གི་སྡེ་ཁག་སོ་སོའི་དཔེ་རིས་བཟོ་དགོས། ཞིང་ཆེན་ཡོངས་ཀྱིས་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུ་གོ་སྐབས་སུ་བཟུང་ནས་སྐུལ་འདེད་དང་ལས་ཁུངས་དང་ཚན་ཁག་གསར་པའི་འགན་ནུས་གསར་པ་དང་གནས་ཚུལ་གསར་པ། བྱ་སྤྱོད་གསར་པ་བཅས་འདོན་སྤེལ་གང་ལེགས་བྱ་དགོས། བསམ་བློ་བཅིངས་འགྲོལ་དང་མིག་རྒྱང་ཆེར་སྐྱེད་ཀྱིས་སྔོན་ཐོན་ལ་དཔེ་བསྡུར་བྱས་ཏེ་སྙིང་སྟོབས་ཆེར་བསྐྱེད་བྱ་དགོས། འགན་འཁྲི་ཁུར་ཕོད་པ་དང་ལས་འགན་འཁུར་ཕོད་དགོས། རང་འགུལ་ངང་རང་འགན་གཙང་སྒྲུབ་བྱ་དགོས་ལ། དོན་དག་ལ་མི་འཛེམ་པ་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ་གུ་དོག་འཕྲང་ལམ་ལས་སྒྲོལ་བྱེད་དུས་རྣམ་པ་གསར་པ་གཏོད་དགོས། དཀའ་སྤྱད་སྙིང་རུས་ཀྱིས་ལས་དོན་འབད་སྒྲུབ་དང་འབད་བརྩོན་དོན་གཉེར་བྱེད་པ་དེ་དངོས་དོན་ཐོག་འབབ་དུས་མདུན་གྲལ་དུ་བསྐྱོད་དགོས། ཐོག་མཐའ་བར་གསུམ་དུ་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཞིང་ཆེན་ཏང་ཨུའི་གལ་ཆེའི་འཐབ་ཇུས་དང་བཀོད་སྒྲིག་གལ་ཆེན། གཙོ་གནད་ལས་འགན་དོན་ཐོག་ཏུ་འཁྱོལ་དགོས། ཚང་འཛོམས་གྲོས་ཚོགས་ཀྱིས་ད་དུང་ལོ་མཇུག་དང་ལོ་འགོའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་གནང་ལ་རེ་བའང་བཏོན་ཡོད།

    ཚང་འཛོམས་གྲོས་ཚོགས་ཐོག་འབོད་སྐུལ་གནང་དོན། ཞིང་ཆེན་ཡོངས་ཀྱི་རིམ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་པ་དང་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། དཀའ་སྤྱད་སྙིང་རུས་ཀྱིས་ལས་དོན་འབད་སྒྲུབ་བཅས་བྱས་ནས་སི་ཁྲོན་བཅོས་སྐྱོང་དང་དར་རྒྱས་བཏང་ནས་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པར་འབད་བརྩོན་ལྷོད་མེད་བྱ་དགོས། །


  • ལེ་ཚན་སྔོན་མ།:ཝང་ཡང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཡན་ལག་ཚོགས་པ་དང་པོའི་སྣེ་ཁྲིད་དེ་ནན་ཉིང་དུ་ཕེབས་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོར་གཟིགས་གནང་བ།
  • ལེ་ཚན་རྗེས་མ།:བཅོས་སྒྱུར་སྒོ་འབྱེད་སྤེལ་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་པེ་ཅིན་ནས་ཚོགས།
  • དོ་སྣང་ཆེ་བའི་རྩོམ།