སི་ཁྲོན་དུ་རྣམ་གྲངས་གལ་ཆེན་ཁག་གཅིག་གཅིག་སྡུད་ལས་འགོ་ཚུགས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་6900ཙམ་བཏང་བ།

    མི་དམངས་དྲ་བ།    2018-12-13

      ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སི་ཁྲོན་ཞིང་ཆེན་གྱི་2018ལོའི་དུས་ཚིགས་བཞི་པའི་རྣམ་གྲངས་གལ་ཆེན་དང་སྦགས་བཙོག་འགོག་བཅོས་ཀྱི“དམག་འཐབ་ཆེན་པོ་གསུམ”གྱི་རྣམ་གྲངས་གལ་ཆེན་གཅིག་སྡུད་ལས་འགོ་ཚུགས་པའི་མཛད་སྒོ་ཁྲེང་ཏུའུ་རུ་འཚོགས་པ་དང་ད་ཐེངས་ཀྱི་གཅིག་སྡུད་ལས་འགོ་ཚུགས་པའི་རྣམ་གྲངས་གལ་ཆེན1560ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར6900ཙམ་བཏང་བ་རེད།
     གཅིག་སྡུད་ལས་འགོ་ཚུགས་པའི་རྣམ་གྲངས་གལ་ཆེན་ལ་གཙོ་བོ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་འཛུགས་སྐྲུན་དང་། ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས། དམངས་འཚོ་དང་དེ་བཞིན་སྤྱི་ཚོགས་བྱ་གཞག སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད། གསར་འགོད་པས་དོ་སྣང་བྱུང་བར། སི་ཁྲོན་ཞིང་ཆེན་གྱི་རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི“དམག་འཐབ་ཆེན་པོ་གསུམ”དང་འབྲེལ་བའི་རྣམ་གྲངས341ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར758བཏང་བའི་ནང་ཆུའི་སྦགས་བཙོག་འགོག་བཅོས་ཀྱི་རྣམ་གྲངས164ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར408བཏང་བ་དང་། ས་རྒྱུའི་སྦགས་བཙོག་འགོག་བཅོས་རྣམ་གྲངས72ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར155བཏང་བ། སྣོད་བཅུད་སྲུང་སྐྱོང་སླར་གསོའི་རྣམ་གྲངས32ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར181བཏང་བ། རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་རྣམ་གྲངས56ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར13བཏང་བ་རེད།
     དོ་སྣང་བྱེད་རིན་ཡོད་པ་ནི། རྣམ་གྲངས་དེ་དག་མེ་ཅང་གཙང་པོ་རྒྱུག་ཁུལ་གྱི་ཆུའི་སྦགས་བཙོག་དང་། ཁྲེང་ཏུའུ་སོགས་ས་ཆའི་རླུང་ཁམས་ཆེ་མོའི་སྦགས་བཙོག ཁྲེང་ཏུའུ་ཐང་གཤོངས་ཀྱི་ས་རྒྱུའི་སྦགས་བཙོག་སོགས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་དང་། སྦགས་བཙོག་འགོག་བཅོས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་བཅོས་སྐྱོང་ནུས་པའི་ཞན་ཆ། དེ་བཞིན་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ནས་རྩད་ཆོད་པའི་གནད་དོན་ལ་དམིགས་ནས་སྦགས་བཙོག་འགོག་བཅོས་ཀྱི་ཁྲོམ་ར་ཅན་གྱི་མ་དངུལ་འཇོག་པའི་ལམ་སྲོལ་འཚོལ་ཞིབ་བྱ་རྒྱུ་ཡིན་པ་རེད།

  • ལེ་ཚན་སྔོན་མ།:རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་བཅུ་དྲུག་པ་པེ་ཅིན་ནས་ཚོགས།
  • ལེ་ཚན་རྗེས་མ།:ཝང་ཡང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཡན་ལག་ཚོགས་པ་དང་པོའི་སྣེ་ཁྲིད་དེ་ནན་ཉིང་དུ་ཕེབས་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོར་གཟིགས་གནང་བ།
  • དོ་སྣང་ཆེ་བའི་རྩོམ།