ཀྲུང་དབྱང་ནོར་སྲིད་ཀྱིས2019ལོའི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར909.78སྔ་སྣུར་དུ་བཀོད་སྒྲིག་བྱས།

གངས་སྐྱིད་ཀྱིས་བསྒྱུར།        2018-12-05

    ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་སྤྱི་ཟླ11པའི་ཚེས27ཉིན་འབྱོར་བའི་གཏམ་གསར། ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་དུས། ཀྲུང་དབྱང་ནོར་སྲིད་ཀྱིས་སྔ་སྣུར་དུ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར28ལ2019ལོའི་ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་སྔོན་རྩིས་བྱས་ན་སྒོར་དུང་ཕྱུར909.78སྔ་སྣུར་དུ་བཀོད་སྒྲིག་བྱས་ཤིང་། 2018ལོར་ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར1060.95ཡི་བརྒྱ་ཆ86བཟུང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྔར་ལྷག་གིས་ས་གནས་སྔོན་རྩིས་ཀྱི་ཆ་ཚང་རང་བཞིན་མཐོར་འདེགས་དང་། འགྲོ་སྒོ་གཏོང་བའི་འཕེལ་རིམ་ཇེ་མགྱོགས། ས་གནས་ལ་དབུལ་སྐྱོར་འགག་སྒྲོལ་གྱི་ལས་ཀའི་འཆར་གཞི་སྔ་སྣུར་དུ་བཞག་པ་དང་དབུལ་སྐྱོར་ཐུབ་པར་རོགས་རམ་བྱ་ཆེད། ཐེངས་འདིར་སྔ་སྣུར་དུ་བཏང་བའི་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར909.78ནང་ནས་མ་དངུལ་སྒོར་དུང་ཕྱུར120བཀོད་སྒྲིག་བྱས་ཏེ་མུ་མཐུད་ནས་་གཙོ་གནད་དུ་བོད་ལྗོངས་དང་། སི་ཁྲོན་ལིའང་ཧྲན་ཁུལ། ཡུན་ནན་གྱི་རྒྱལ་མོ་རྔུལ་ཆུ་ཁུལ། ཀན་སུའུ་ལིན་ཞ་ཁུལ་སོགས་ཧ་ཅང་དབུལ་ཕོངས་ས་ཁུལ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པས་མ་ཚད། མ་དངུལ་དེ་དག་དངོས་གནས་ཀྱི་རང་སྐྱོང་ལྗོངས་། རང་སྐྱོང་ཁུལ་སོགས་ལ་བགོ་རྒྱུ་རེད།

    ནོར་སྲིད་པུའུ་ཡིས་ས་གནས་སོ་སོར་མུ་མཐུད་དེ་དབུལ་ཕོངས་རྫོང་གི་ཞིང་ལས་དང་འབྲེལ་བའི་མ་དངུལ་ཕྱོགས་བསྡུས་ལེགས་སྒྲིག་བྱ་རྒྱུའི་ལས་ཀར་སྐུལ་འདེད་ཟབ་མོ་གཏོང་བར་རྒྱབ་སྐྱོར་བྱ་དགོས་པ་དང་། དབུལ་ཕོངས་རྫོང་ལ་མ་དངུལ་བཀོད་སྒྲིག་བྱེད་ཁྱོན་དེ་དབུལ་སྐྱོར་མ་དངུལ་གྱི་ཆ་སྙོམས་འཕར་ཚད་ལས་མི་དམའ་བ་བྱ་དགོས། དབུལ་ཕོངས་རྫོང་ལ་བགོས་པའི་མ་དངུལ་ཐམས་ཅད་རིགས་བགོས་ཏེ་སྤྲད་ནས་མ་དངུལ་ལས་གཞིའི་ཆོག་མཆན་གནང་དབང་རྦད་དེ་རྫོང་ལ་སྤྲད་དགོས། ཞིབ་ཕྲའི་ལས་གཞི་དམིགས་འཛུགས་བྱེད་མི་ཆོག་པ་དང་དབུལ་ཐར་འགག་སྒྲོལ་དང་འབྲེལ་བ་མེད་པའི་བླང་བྱ་བཏོན་མི་ཆོག་པ། ས་གནས་སོ་སོས་འབྲེལ་ཡོད་ཀྱི་ཡིག་ཆའི་སྙིང་དོན་དང་བླང་བྱ་ལྟར། སྔ་སྣུར་དུ་ཇུས་འགོད་བྱས་ཏེ་ནོར་སྲིད་ཀྱི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་དོ་དམ་དང་བེད་སྤྱོད་ཡག་པོ་བྱ་དགོས་ཤིང་། དབུལ་སྐྱོར་མ་དངུལ་སྤྱོད་སྒོ་ཆོད་པ་བྱེད་པར་ཁག་ཐེག་བྱ་དགོས་པ་སོགས་ཀྱི་བླང་བྱ་བཏོན་པ་རེད།། 


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་མཇལ་འཛོམས་གནང་བ།
  • ལེ་ཚན་རྗེས་མ།:མཚོ་སྔོན་གྱིས་དེང་རབས་ཚན་རྩལ་ལ་བརྟེན་ནས་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་གཏོང་བར་སྐུལ་འདེད་བཏང་།
  • དོ་སྣང་ཆེ་བའི་རྩོམ།