ལིས་ཁི་ཆང་དང་རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་ཀྱི་འགན་ཁུར་མི་སྣས་ཀྲུང་གོ་དང་ཕྱོགས་དྲུག་གི་སྒོར་ཅོག་གྲོས་མོལ་ཚོགས་འདུ་ཐེངས་གསུམ་པ་བསྡུ་རྒྱུ་རེད།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2018-11-01

ཕྱོགས་སོ་སོས་གྲོས་ཐག་བཅད་པ་བརྒྱུད་དེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན་པེ་ཅིན་ནས་འཛམ་གླིང་དངུལ་ཁང་གི་འགོ་གཙོ་ཅིན་ཡུང་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚའེ་ལཱ་ཅ་ཏི། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཨ་ཙི་ཝེ་ཏའོ། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་གུའུ་ལིས་ཡཱ། དངུལ་རྩའི་གཏན་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁཱ་ཉི་དང་རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པ་གཞོན་པ་གི་ལེན་ཧྥེ་ཨེར་ཏི་བཅས་དང་སྒོར་ཅོག་གྲོས་མོལ་ཚོགས་འདུ་ཐེངས་གསུམ་པ་བསྡུས་ནས། མིག་སྔའི་འཛམ་གླིང་དཔལ་འབྱོར་གྱི་འཕེལ་ཕྱོགས་དང་ཕྱོགས་མང་ཉོ་ཚོང་སྒྲིག་གཞི་ལ་སྲུང་སྐྱོབ་བྱེད་པ། ཀྲུང་གོའི་དཔལ་འབྱོར་དང་བཅོས་སྒྱུར་སྒོ་འབྱེད་སོགས་གྲོས་དོན་ཐད་ནས་གྲོས་སྡུར་བྱེད་རྒྱུ་རེད།

  • ལེ་ཚན་སྔོན་མ།:དམངས་སྲོལ་གླུ་གར་ཞབས་བྲོ་《ཡུལ་ཤུལ་གྱི་བརྙན་རིས་》ཞེས་པ་མཚོ་སྔོན་དུ་འཁྲབ་སྟོན་བྱས།
  • ལེ་ཚན་རྗེས་མ།:ཆབ་མདོ་དང་དཀར་མཛེས་འབྲེལ་མཚམས་སུ་ཡང་བསྐྱར་རི་ཉིལ་ནས་ཆུ་འཁྱིལ་བ།
  • དོ་སྣང་ཆེ་བའི་རྩོམ།