རྔ་བ་རྫོང་གིས་ཐེངས་གསུམ་པའི་འཕྲུལ་འཁོར་སྐོར་ཡིག་གི་བོད་ཡིག་རིག་གཞུང་གསབ་སྦྱོང་འཛུན་གྲྭའི་སློབ་འགོ་ཚུགས།

    མི་དམངས་དྲ་བ།    2018-10-30

རྔ་བ་རྫོང་གིས་ཐེངས་གསུམ་པའི་འཕྲུལ་འཁོར་སྐོར་ཡིག་གི་བོད་ཡིག་རིག་གཞུང་གསབ་སྦྱོང་འཛུན་གྲྭའི་སློབ་འགོ་ཚུགས།

རྔ་བ་རྫོང་གི་ཐེངས་གསུམ་པའི་འཕྲུལ་འཁོར་སྐོར་ཡིག་གི་བོད་ཡིག་རིག་གཞུང་གསབ་སྦྱོང་འཛིན་གྲྭ་ཉེ་སྔོན་མཚན་ཉིད་ཡུལ་ཚོ་དང་རྨེའུ་སྐོར་ཡུལ་ཚོ།རོང་ཝམ་ཡུལ་ཚོ།ཁོག་པོ་ཡུལ་ཚོ།སྒོ་མང་ཡུལ་ཚོ།མཛོད་ཁོག་ཕྱུགས་ར་བཅས་ནས་སློབ་འགོ་ཚུགས།གསབ་སྦྱོང་དུས་ཡུན་ཉིན་བཅུ་ཡིན་པ་དང་ཞིང་འབྲོག་མང་ཚོགས༡༠༠༠ལྷག་གསབ་སྦྱོང་ལ་ཞུགས་ཡོད་པ་རེད།
        གསབ་སྦྱོང་ཁྲོད།ཡུལ་ཚོ་སོ་སོའི་མངག་གཏོང་ཁང་ནས་ཉེན་རྟོག་པ་དང་འཕྲུལ་འཁོར་སློབ་གྲྭའི་འགན་འཁུར་བ་བཀོད་སྒྲིག་བྱས་ནས་བོད་ཡིག་རིག་གཞུང་གི་གསབ་སྦྱོང་དང་སྐོར་ཡིག་ཐོ་འགོད།སྐོར་ཡིག་གི་ཡིག་རྒྱུགས།འབྲེལ་ཡོད་རོགས་སྐྱོར་སོགས་ཀྱི་བརྒྱུད་རིམ་ངོ་སྤྲོད་བྱས་བ་མ་ཟད་སྐོར་ཡིག་གི་བོད་ཡིག་རིག་གཞུང་གསབ་སྦྱོང་རྒྱུ་ཆ་གནང་བ་རེད།
        རྒྱུས་ལོན་བྱས་བ་ལྟར་ན།འཕྲུལ་འཁོར་སྐོར་ཡིག་གི་བོད་ཡིག་རིག་གཞུང་གསབ་སྦྱོང་ནི་ཁུལ་འགྲིམ་འགྲུལ་སྡེ་ཁག་གིས་བོད་ཁུལ་ཞིང་འབྲོག་མང་ཚོགས་ཚོའི་རྒྱ་ཡིག་ཆུ་ཚད་དམའ་བ་དང་གློག་ཀླད་བེད་སྤྱོད་མི་ཤེས་བ་སོགས་ལ་དམིགས་ནས་ཞིང་འབྲོག་མང་ཚོགས་ཚོའི་རེ་བ་དང་ལེན་བྱས་ཏེ་ཞིང་འབྲོག་མང་ཚོགས་ཚོའི་སྐོར་ཡིག་ལེན་པའི་རེ་སྨོན་མངོན་འགྱུར་བྱེད་པར་རོགས་རམ་བྱས་བ་ཡིན་ལ།རྔ་བ་རྫོང་གིས་རྒྱལ་ཁའི་ངང་ཐེངས་གཉིས་ལ་བོད་ཡིག་གི་རིག་གཞུང་གསབ་སྦྱོང་དང་རྒྱུགས་ལེན་ལས་དོན་ལེགས་འགྲུབ་བྱས་ཡོད་པ་དང་།ད་ལྟ་ལག་བསྟར་བྱེད་བཞིན་པ་ནི་ཐེངས་གསུམ་པ་ཡིན་ལ།རྗེས་ཕྱོགས་སུ་ད་དུང་ཡུལ་ཚོ་གཞན་པ་ནས་མུ་མཐུད་དུ་གསབ་སྦྱོང་བྱ་འགུལ་སྤེལ་རྒྱུ་རེད།

0


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:གསར་དུ་བཟོ་བཅོས་བརྒྱབ་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ལ་སློབ་སྦྱོང་གཏིང་ཟབ་བྱ་དགོས།
  • དོ་སྣང་ཆེ་བའི་རྩོམ།