ཞི་ཅིན་ཕིང་གིས་རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་སྐམ་མཚོ་ཉིས་སྤྱོད་ཀྱི་གནམ་གྲུAG600མཚོ་ངོས་ནས་ཐེངས་དང་པོ་འཕུར་རྒྱུ་ལམ་ལྷོངས་བྱུང་བར་རྟེན་འབྲེལ་གློག་འཕྲིན་སྤྲིངས།

        2018-10-24

    བཟོ་འཕྲིན་པུའུ་དང་། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས། ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་བཅས་དངAG600མཚོ་ངོས་ནས་ཐེངས་དང་པོ་འཕུར་སྐྱོད་བྱེད་པའི་ལས་འགན་ནང་ཞུགས་པའི་ཞིབ་བཟོ་དང་ཚོད་ལྟ་འཕུར་སྐྱོད་ནང་ཞུགས་པའི་ཚན་པ་ཁག་དང་བློ་མཐུན་ཡོངས་ལ། མེ་གསོད་དང་མཚོ་ཐོག་སྐྱོབ་རོགས་ཀྱི་སྐམ་མཚོ་ཉིས་སྤྱོད་ཀྱི་གནམ་གྲུ་ཆེ་གྲསAG600མཚོ་ངོས་ནས་ཐེངས་དང་པོ་འཕུར་རྒྱུ་ལེགས་གྲུབ་བྱུང་བ་དེ་ནི་རང་རྒྱལ་གྱི་མཁའ་འགྲུལ་བཟོ་ལས་ཀྱིས་རང་བརྟེན་གསར་གཏོད་མཐའ་འཁྱོངས་བྱས་པར་ཐོབ་པའི་ཚན་རྩལ་གྲུབ་འབྲས་གལ་ཆེན་གཞན་ཞིག་རེད། ཞིབ་བཟོའི་ནང་ཞུགས་པའི་ཚན་པ་དང་མི་སྣ་ཡོངས་ཀྱིས་འབད་འབུངས་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་བྱས་པས་རྣམ་གྲངས་ཞིབ་བཟོ་བྱེད་པར་ཚད་བརྒལ་གལ་ཆེན་བྱུང་ཡོད། ངས་བློ་མཐུན་ཚོར་སྙིང་དབུས་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན། རེ་བར་འབྲེལ་ཡོད་ཕྱོགས་ཁག་གིས་མཁའ་འགྲུལ་གྱིས་རྒྱལ་ཁབ་ཀྱི་དྲིན་གཟོ་བའི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་ཏན་ཏིག་དང་། གསར་གཏོད་འཕེལ་རྒྱས་ལ་འབད་བརྩོན་ཆེན་པོས་སྐུལ་འདེད། ཡང་འབད་བསྐྱར་འབད་དང་མཐུན་སྦྱོར་ཆེན་པོ་བཅས་བྱས་ཏེ་རྣམ་གྲངས་ཞིབ་བཟོ་ལམ་ལྷོངས་ཡོང་བའི་འགན་ལེན་བྱས་ཐོག རང་རྒྱལ་གྱི་འཕྲལ་སྡོམ་སྐྱོབ་རོགས་མ་ལག་དང་རྒྱལ་ཁབ་ཀྱི་རང་བྱུང་གནོད་འཚེ་འགོག་བཅོས་མ་ལག་སྐྲུན་པའི་དགོས་མཁོ་སྐོང་བ་དང་མཁའ་འགྲུལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་དམིགས་ཚད་མངོན་འགྱུར་བྱ་ཆེད་མུ་མཐུད་འབད་བརྩོན་བྱེད་དགོས།

ཞི་ཅིན་ཕིང་།

2018ལོའི་ཟླ10ཚེས20ཉིན།


  • ལེ་ཚན་སྔོན་མ།:རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་སྐམ་མཚོ་ཉིས་སྤྱོད་ཀྱི་གནམ་གྲུ་ཆེ་གྲས་AG600མཚོ་ངོས་ནས་ཐེངས་དང་པོ་འཕུར་བ།
  • ལེ་ཚན་རྗེས་མ།:ཀང་ཀྲུའུ་ཨའོ་ཟམ་ཆེན་དངོས་སུ་ཤར་གཏོང་ཐུབ་པ།
  • དོ་སྣང་ཆེ་བའི་རྩོམ།