མི་དམངས་དྲ་བ། 2018-10-23
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་གསར་འགོད་པར་རྒྱལ་ཁབ་གཞུང་ལས་པ་ཅུས་ནས་ཤེས་རྟོགས་བྱུང་གསལ། ཀྲུང་དབྱང་ལས་ཁུངས་དང་དེ་བཞིན་དེའི་ཐད་གཏོགས་ལས་ཁུངས་ཀྱི་2019ལོའི་ལོ་འཁོར་གྱི་གཞུང་ལས་པ་རྒྱུགས་བསྡུའི་ལས་དོན་སྤེལ་འགོ་ཚུགས་ཤིང་། ད་ཐེངས་ཀྱི་རྒྱུགས་བསྡུའི་ནང་ཀྲུང་དབྱང་ལས་ཁུངས་ཀྱི་ཚན་པ་75དང་ཐད་གཏོགས་ལས་ཁུངས་20ཞུགས་རྒྱུ་དང་མི་ཁྲི་1.45ལྷག་ཙམ་བསྡུ་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སློབ་མས་མིང་ཐོ་འགོད་སྐབས་གཙོ་བོ་དྲ་རྒྱའི་ཐོག་ནས་མིང་ཐོ་འགོད་པ་དང་། མིང་ཐོ་འགོད་པའི་དུས་ཚོད་ནི་2018ལོའི་ཟླ་10ཚེས་22ནས་ཟླ་10ཚེས་31ཉིན་བར་ཡིན། སྤྱི་པའི་རིག་ཚན་གྱི་ཡིག་རྒྱུགས་2018ལོའི་ཟླ་12ཚེས་2ཉིན་རྒྱལ་ཡོངས་ཀྱི་ཞིང་ཆེན་ཁག་གི་ལྟེ་བའི་གྲོང་ཁྱེར་དང་། རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར། ཐད་སྐྱོང་གྲོང་ཁྱེར། གྲོང་ཁྱེར་ཆེ་གྲས་བཅས་སུ་གཏོང་རྒྱུ་ཡིན་པ་རེད།
རྒྱུགས་བསྡུའི་བྱེད་སྟངས་ཐད་ཞིང་ཆེན་རིམ་པ་ཡན་དང་གྲོང་ཁྱེར(ས་ཁུལ)རིམ་པ་དང་དེ་བཞིན་དེ་མན་གྱི་སྒྲིག་གཞིའི་ལས་གནས་ལ་སྤྱི་པའི་རིག་ཚན་ཡིག་རྒྱུགས་ཀྱི་ནང་དོན་བཟོ་རྒྱུའི་བཀའ་བཏང་ནས་རིགས་མི་འདྲ་བ་དང་རིམ་པ་མི་འདྲ་བའི་ལས་ཁུངས་ཀྱི་ཤེས་ལྡན་མི་སྣའི་དགོས་མཁོ་མི་འདྲ་བ་སྔར་བས་ལེགས་པའི་ངང་བསྐང་རྒྱུ་རེད། དེ་དང་ཆབས་ཅིག་ཆེད་ལས་ནུས་པ་དང་བྱང་ཚད་ལ་ཚད་ལེན་ཞིབ་བཤེར་བྱ་རྒྱུ་མངོན་གསལ་དོད་དུ་བཏང་ནས་ཀྲུང་གོ་དངུལ་ཁང་འགན་བཅོལ་ལྟ་སྐུལ་ཨུ་ལྷན་དང་། ཀྲུང་གོ་འཛིན་ལོར་ཨུ་ལྷན་གྱི་དམིགས་བསལ་ཆེད་ལས་ལས་གནས། སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པའི་ལས་གནས། ཀྲུང་གུང་ཀྲུང་དབྱང་ཕྱི་འབྲེལ་འབྲེལ་གཏུག་པུའུ། ཕྱི་འབྲེལ་པུའུ། ཚོང་དོན་པུའུ་སོགས་སྤྱི་སྤྱོད་སྐད་མིན་པའི་ལས་གནས་ཀྱི་སྡེ་ཚན་8ལ“2+X”ཡི་ཡིག་རྒྱུགས་གཏོང་སྟངས་ལག་ལེན་བསྟར་རྒྱུ་དང་སྲིད་འཛིན་ལས་རིགས་ཀྱི་ནུས་པའི་ཚོད་ལྟ་དང་རྒྱས་གླེང་གི་སྤྱི་པའི་རིག་ཚན་ཡིག་རྒྱུགས་གཉིས་ཕུད་རྒྱུགས་འཕྲོད་སློབ་མས་ཆེད་ལས་རིག་ཚན་ཡིག་རྒྱུགས་སམ་ཡང་ན་ཕྱི་སྐད་ཆུ་ཚད་ཚོད་རྒྱུགས་ནང་གཅིག་གྱུར་ཞུགས་དགོས་པ་དང་གཞན་ཡང་ཚན་པ་41གིས་ངོ་རྒྱུགས་ལེན་རིང་ཆེད་ལས་ནུས་པའི་ཚོད་རྒྱུགས་གཏོང་རྒྱུ་ཡིན་པ་རེད།
གསར་འགོད་པས་ཤེས་རྟོགས་བྱུང་བར་ད་ཐེངས་ཀྱི་ཡིག་རྒྱུགས་དེ་གཞི་རིམ་ཕྱོགས་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཞིང་ཆེན་རིམ་པ་ཡན་གྱི་ཏང་སྲིད་ལས་ཁུངས་ཀྱིས་གཞུང་ལས་པ་བསྡུ་སྐབས། དམིགས་བསལ་གྱི་ལས་སྒོ་དང་ཆེད་ལས་རང་བཞིན་ཤུགས་ཆེ་བའི་ལས་གནས་ཕུད། དེ་བྱིངས་ཚང་མར་གཞི་རིམ་གྱི་ལས་ཀའི་ཉམས་མྱོང་ལོ་2ཡན་ཡོད་དགོས་པ་དང་། གྲོང་ཁྱེར(ས་ཁུལ)རིམ་པ་དང་དེ་མན་གྱི་ལས་ཁུངས་ཀྱི་ལས་སྒོའི་ཐོག་ལོ་དེ་གའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་བསྡུ་རྒྱུ་གཙོ་བོར་བྱེད་པ། ཕུལ་བྱུང་གི་མཐོ་སློབ་སློབ་ཐོན་སློབ་མ་གཞི་རིམ་གྱི་ལས་གནས་སུ་མིང་ཐོ་བཀོད་ནས་གཞི་རིམ་དུ་བྱས་རྗེས་འཇོག་པར་བསྐྱོད་རྒྱུར་ཁྲིད་སྟོན་དང་ལྕག་སྐུལ་བྱེད་དགོས། གྲོང་ཁྱེར(ས་ཁུལ)རིམ་པ་དང་དེ་མན་གྱི་ལས་ཁུངས་ཀྱི་ལས་གནས་སུ་རྩ་དོན་ཐོག་10%ནས་15%བར་དམིགས་བཀར་བསྡུ་ལེན་གྱི་ཞབས་ཞུའི་དུས་བཀག་ཐིམ་པ་དང་དཔྱད་ཞིབ་ཚད་ལོན་གྱི་ཞབས་ཞུའི་གཞི་རིམ་རྣམ་གྲངས་ཀྱི་མི་སྣ་བཀོད་སྒྲིག་བྱེད་དགོས་པ་དང་དེའི་ནང་གཙོ་བོ་སློབ་ཆེན་ཐོན་པའི་གྲོང་དཔོན་བསྡུ་དགོས།
ཐོ་བཀོད་ཀྱི་འདོད་མོས་ཡོད་པའི་མི་སྣས་ཟླ་10ཚེས་21ཉིན་ནས་རྒྱལ་ཁབ་གཞུང་ཞབས་པ་ཅུས་ཀྱི་གཙོ་ཆེའི་དྲ་ཚུགས(http://www.scs.gov.cn)དང་ཀྲུང་དབྱང་ལས་ཁུངས་དང་དེ་བཞིན་དེའི་ཁོངས་གཏོགས་ཀྱི་ལས་ཁུངས་2019ལོའི་ལོ་འཁོར་གྱི་གཞུང་ལས་པ་རྒྱུགས་བསྡུའི་ཆེད་དོན་དྲ་ཚུགས(http://bm.scs.gov.cn/kl2019)ཐོག་ནས་རྒྱུགས་བསྡུའི་སྤྱི་བསྒྲགས་དང་། རྒྱུགས་བསྡུའི་ལས་གནས། རྒྱུགས་བསྡུའི་ཕྱོགས་སྟོན། རྒྱུགས་བསྡུའི་རྩ་གནད། སྲིད་ཇུས་ཁྲིམས་སྲོལ་སོགས་ཆ་འཕྲིན་འཚོལ་ཆོག
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10