འབྲས་སྐྲན་འགོག་པའི་སྨན་རྫས་སྣ་ཁ17སྨན་བཅོས་ཉེན་སྐྱོབ་ཀྱི་རིགས་ཁ་པའི་ཁྱབ་ཁོངས་ནང་འཇུག་རྒྱུ་ཡིན་པ།

        2018-10-22

    ཞིན་ཧྭ་གསར་འགྱུར་ཁང་དུ་པེ་ཅིན་ནས་ཉེ་ཆར་འབྱོར་བའི་གཏམ་གསར། ཚེས10ཉིན། རྒྱལ་ཁབ་སྨན་བཅོས་འགན་ལེན་ཅུས་ཀྱིས《འབྲས་སྐྲན་འགོག་པའི་སྨན་རྫས་སྣ་ཁ17རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་ཉེན་སྐྱོབ་དང་། ལས་རྨས་ཉེན་སྐྱོབ། བུ་བཙའ་ཉེན་སྐྱོབ་བཅས་ཀྱི་སྨན་རྫས་དཀར་ཆག་གི་ཁ་པའི་རིགས་ཀྱི་ཁྱབ་ཁོངས་ནང་འཇུག་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། ཨ་ཀྲ་པའོ་ཀན་སོགས་གྲོས་མོལ་བྱས་པའི་སྨན་རྫས་སྣ་ཁ17《རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་ཉེན་སྐྱོབ་དང་། ལས་རྨས་ཉེན་སྐྱོབ། བུ་བཙའ་འགན་བཅོལ་བཅས་ཀྱི་སྨན་རྫས་དཀར་ཆག(2017ལོའི་པར་གཞི)》(གཤམ་ལ་སྨན་རྫས་དཀར་ཆག་ཅེས་བསྡུ་རྒྱུ)ཁ་པའི་རིགས་ཀྱི་ཁྱབ་ཁོངས་ནང་འཇུག་རྒྱུ་དང་འབྲེལ་སྨན་བཅོས་ཉེན་སྐྱོབ་གྱི་གཏོང་སྤྲོད་ཚད་གཞི་ཡང་གཏན་འཁེལ་བྱ་རྒྱུ་ཡིན་པ་རེད།

    སྨན་བཅོས་ཉེན་སྐྱོབ་གྱི་གཏོང་སྤྲོད་ཚད་གཞིའི་ནང་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་དང་ཉེན་སྐྱོབ་ནང་ཞུགས་མཁན་ཚོས་ཐུན་མོང་ཐོག་གཏོང་སྤྲོད་བྱས་པའི་འགྲོ་གྲོན་ཚང་མ་ཚུད་པ་དང་། གཞི་རྩའི་སྨན་བཅོས་ཉེན་སྐྱོབ་ཐེབས་རྩ་དང་ཉེན་སྐྱོབ་ནང་ཞུགས་མཁན་གྱི་འགན་བགོས་བསྡུར་གྲངས་ནི་གཅིག་གྱུར་འཆར་འགོད་ས་ཁུལ་ཁག་གིས་གཏན་འཁེལ་བྱ་རྒྱུ་རེད། གཏོང་སྤྲོད་ཚད་གཞིའི་གོ་ཆོད་དུས་ཚོད་ནི2020ལོའི་ཟླ་བ11པའི་ཚེས30ཉིན་བར་ཡིན་པ་དང་། དེའི་རིང་གལ་སྲིད་སྤྱི་སྤྱོད་མིང་གི་སྨན་རྫས(འདྲ་བཟོའི་སྨན་རྫས)ཁྲོམ་རར་བཏོན་ན། རྒྱལ་ཁབ་སྨན་བཅོས་ཉེན་སྐྱོབ་ཅུས་ཀྱིས་འདྲ་བཟོས་སྨན་རྫས་ཀྱི་རིན་གོང་ཆུ་ཚད་ལ་གཞིགས་ནས་སྨན་རྫས་ཀྱི་གཏོང་སྤྲོད་ཚད་གཞི་ལེགས་སྒྲིག་བྱ་རྒྱུ་རེད། གལ་སྲིད་ཁྲོམ་རའི་ཐོག་གི་སྨན་རྫས་ཀྱི་རིན་གོང་ངོ་མ་ད་ལྟ་ལག་བསྟར་བྱེད་བཞིན་པའི་གཏོང་སྤྲོད་ཚད་གཞི་ལས་མངོན་གསལ་དོད་པོས་དམའ་རུ་ཕྱིན་ཡོད་ན་གཏོང་སྤྲོད་ཚད་གཞི་སླར་ཡང་བཟོ་རྒྱུའི་གྲོས་མོལ་བྱ་རྒྱུ་ཡིན་པ་རེད།


  • ལེ་ཚན་སྔོན་མ།:ཀྲུང་དབྱང་ནོར་སྲིད་ཀྱིས་འཕྲོད་བསྟེན་དང་བདེ་ཐང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་སྒོར་དུང་ཕྱུར71.14བཏང་།
  • ལེ་ཚན་རྗེས་མ།:༄༅།།ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཚོགས་ཆུང་ཚང་མ་བཅའ་སྡོད་བྱས་ཟིན་པ།
  • དོ་སྣང་ཆེ་བའི་རྩོམ།