ཀྲུང་གོ་བོད་ཀྱི་དྲ་བ། 2018-10-18
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་འགོ་བཙུགས་ཚུན། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ས་སྐྱ་རྫོང་གིས་བྱེད་སྒོའི་རྣམ་པ་གསར་གཏོད་ཧུར་ཐག་བྱས་པ་དང་བྱེད་སྒོའི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་བཏང་སྟེ་ཁོར་ཡུག་ཡག་པོ་དང་། སློབ་གསོ་ཡག་པོ། རིག་གནས་ཡག་པོ། བློ་སྐྱོར་ཡག་པོ། ཁྱིམ་སྲོལ་ཡག་པོ་བཅས་ཀྱི་སློབ་གསོའི་རྟེན་གཞི“ཡག་པོ་ལྔའི”གསར་གཏོད་བྱེད་སྒོ་ཧུར་ཐག་སྤེལ་ཏེ་ནུས་ཤུགས་ཡོད་རྒུས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”རྣམ་པ་ཟབ་མོ་བཏོད་པ་དང་། གསར་གཏོད་བྱེད་སྒོ་གཞི་རིམ་གྱི་འཐབ་ས་དང་པོར་དོན་འཁྱོལ་གནད་སྨིན་ཡོང་བ་བྱས་པ་རེད།
ཁོར་ཡུག་ཡག་པོ་གཏོད་པའི་བྱེད་སྒོ་སྤེལ་ཞིང་། རྫོང་དེས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”གཏན་འབེབས་བྱ་སྤྱོད25དམིགས་ཏེ་སྦགས་བཙོག་བཅོས་སྒྲིག་དང་། ཁྲིམས་འགལ་བཅོས་སྒྲིག ཟང་ཟིང་བཅོས་སྒྲིག་སོགས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ཁོར་ཡུག་བཅོས་སྒྲིག་གི་བྱེད་སྒོ་ཧུར་ཐག་སྤེལ་ནས་གནའ་གྲོང་ས་སྐྱའི་ཁོ་ར་ཁོར་ཡུག་ཕྱོགས་ཡོངས་ནས་གཙང་དུ་བཏང་ཡོད།
སློབ་གསོ་ཡག་པོ་གཏོད་པའི་བྱེད་སྒོ་སྤེལ་ཞིང་། རྫོང་ཡོངས་ཀྱི་གཞོན་ནུ་ལོ་ཆུང་ཁྲོད“རླབས་ཆེའོ། ང་ཡི་མེས་རྒྱལ”ཞེས་པའི་གཏམ་བཤད་འགྲན་བསྡུར་དང“ཀུན་སྤྱོད་སློབ་གསོའི་སློབ་ཚན”གྱི་འགྲན་བསྡུར་ཆེ་མོ་སོགས་ཀྱི་བྱེད་སྒོ་གསར་གཏོད་བྱས་ནས་སྤེལ་ཡོད།
རིག་གནས་ཡག་པོ་གཏོད་པའི་བྱེད་སྒོ་སྤེལ་ཞིང་། རྫོང་དེས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞི”གཞི་རྟེན་དུ་བྱས་ནས“དུས་རབས་གསར་པའི་བདེ་སྐྱིད་ལྡན་པའི་བོད་ལྗོངས་བ”ཞེས་པའི་རིག་རྩལ་སྐོར་འཁྲབ་དང་། “གཤམ་སྤེལ་ལྔ”བྱེད་སྒོ་སྤེལ་བ་རེད།
བློ་སྐྱོར་ཡག་པོ་གཏོད་པའི་བྱེད་སྒོ་སྤེལ་ཞིང་། རྫོང་དེས་དཔེ་མཚོན་དང་མིག་དཔེའི་ཁྲིད་སྟོན་ནུས་པར་དམིགས་པ་དང་། སྔོན་ཐོན་ཚད་ཤིང་གསར་གཏོད་ཀྱི་བྱ་སྤྱོད་ལག་བསྟར་ཧུར་ཐག་བྱས་པ། “སེམས་འགུལ་ཐེབས་པའི་ས་སྐྱའི་མི་སྣ”དང་། རྫོང་རིམ་པའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མི་སྣ་ཡག་ཤོས”“ལས་གཏོད་ལས་ཞུགས་ཀྱི་མིག་དཔེ་བཟང་པོ”བཅས་ཀྱི་དཔྱད་འདེམས་བྱེད་སྒོ་ཧུར་ཐག་སྤེལ་ཡོད།
ཁྱིམ་སྲོལ་ཡག་པོ་གཏོད་པའི་བྱེད་སྒོ་སྤེལ་ཞིང་། རྫོང་དེས་ད་དུང་ཉེ་འགྲམ་གྱི་ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོ་གཏོང་མཁས་པ་འཚོལ་ཞིབ་གཏིང་ཟབ་བྱས་ནས“ཁྱིམ་སྲོལ”གྱིས“དམངས་སྲོལ”ལ་སྣེ་ཁྲིད་དང་། “དམངས་སྲོལ”གྱིས“སྤྱི་ཚོགས་ཀྱི་སྲོལ་བཟང་”ལ་སྐུལ་མ་དང་། མང་ཚོགས་ཚོ་སྔོན་ཐོན་ལེགས་བརྩོན་ལ་གཅིག་རྗེས་གཉིས་མཐུད་ངང་ཞུགས་པའི་ངར་ཤུགས་ཆེ་རུ་ཧུར་ཐག་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དུད་ཚང་ཁག་ཏུ་རྩ་བ་ཚུགས་རྒྱུར་སྐུལ་འདེད་བཏང་བ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10