མཚོ་སྔོན་བོད་སྐད་རླུང་འཕྲིན། 2018-10-18
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་དམངས་དམག་མཉམ་བསྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན་འགོ་མཛིན་མཛད་དེ་ཀྲུང་དབྱང་གི་དམངས་དམག་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ་མ་ཟད་གསུང་བཤད་གལ་ཆེན་གནང་། ཚོགས་ཐོག་ནས་དམངས་དམག་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་གྲོས་གཞི་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་། ལག་བསྟར་དམ་འཛིན་བྱེད་པ། ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ། སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། ཚན་རྩལ་མཉམ་སྡེབ་གསར་གཏོད་ལ་སྐུལ་འདེད་བཏང་སྟེ། དམངས་དམག་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་དམངས་དམག་མཉམ་བསྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཧུའུ་ཉིང་དང་ཧན་ཀྲིན་གཉིས་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ཏུ། ཀྲུང་དབྱང་དམངས་དམག་མཉམ་བསྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཚུན་དུ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། མཐོ་རིམ་ཇུས་འགོད་ཇེ་དྲག་ཏུ་གཏོང་བ། ཁྱོན་ཡོངས་ནས་བཅོས་བསྒྱུར་་གསར་གཏོད་བྱེད་པ། ཧུར་ཐག་གིས་འཚོལ་ཞིབ་དང་ལག་ལེན་བྱས་ཏེ། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་བླངས་ཞེས་བསྟན།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དམངས་དམག་མཉམ་བསྲེས་སོགས་འཕེལ་རྒྱས་སུ་གཏོང་བའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་གྲོས་གཞི་ལག་བསྟར་བྱེད་པར་དམ་འཛིན་བྱེད་པ་དང་། བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་བ། དམངས་དམག་མཉམ་བསྲེས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་སྤེལ་ནས། མྱུར་དུ་ཁྱབ་ཁོངས་གཙོ་བོའི་ཁྲིམས་འཛུགས་ཡོངས་སུ་ཁེབས་པར་བྱེད་དགོས། ཁྲིམས་འཛུགས་སྤུས་ཚད་མཐོར་འདེགས་གཏོང་ན། མྱུར་དུ་ལེགས་བཅོས་བྱེད་པ་དང་མེད་པར་བཟོ་བ་གཉིས་མཉམ་དུ་དམ་འཛིན་བྱེད་པ་དང་། དུས་ཐོག་ཏུ་དག་བཅོས་བྱེད་པ་དང་ལག་ལེན་གྱི་དགོས་མཁོ་དང་མི་མཐུན་པའི་ཁྲིམས་སྲོལ་ཡིག་ཆ་མེད་པར་བཟོས་ནས། བཅའ་ཁྲིམས་ལམ་ལུགས་ཀྱི་ཕན་འབྲས་རང་བཞིན་དང་མཐུན་སྦྱོར་རང་བཞིན། ལག་བསྟར་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཁྲིམས་ལུགས་ཁྱབ་ཁོངས་ནང་གནད་དོན་ལ་བསམ་གཞིགས་གཏོང་བ་དང་ཇུས་ཆོད་འགོད་པ། བྱ་བ་བསྒྲུབ་པ་བཅས་བྱེད་དགོས། མཆན་འགོད་རྒྱུད་རིམ་སྟབས་བདེ་རུ་གཏོང་བ་དང་། ལམ་ལུགས་རང་བཞིན་གྱི་མ་རྩ་ཇེ་དམའ་རུ་བཏང་ནས། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་གློད་འགྲོལ་གཏོང་དགོས། ཁྲིམས་ལྟར་ཇུས་ཆོད་འགོད་པ་རྒྱུན་འཁྱོངས་བྱས་ཏེ། ཇུས་ཆོད་ཚན་རིག་དང་མཐུན་པ་དང་རྒྱུད་རིམ་ལུགས་མཐུན་ཡིན་པ། འགན་འཁྲི་གསལ་བོ་ཡིན་པར་ཁག་ཐེག་བྱེད་དགོས་ཟེར།
ཚོགས་ཐོག་ནས། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་དོན་ཆེན་བསྒྲུབ་ཐུབ་པའི་ཆབ་སྲིད་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། འབྲེལ་ཡོད་བཟོ་སྐྲུན་གལ་ཆེན་དང་འཆར་གཞི་གལ་ཆེན། ལས་གཞི་གལ་ཆེན་ལ་གཅིག་གྱུར་མཐུན་སྦྱོར་བྱེད་པ། ངེས་པར་མཁོ་བའི་མི་དང་རྒྱུ་ནོར། དངོས་ཟོག་སོགས་གསར་གཏོད་ཐོན་ཁུངས་ལ་གཅིག་གྱུར་བཀོད་གཏོང་བྱས་ཏེ། མཉམ་ཤུགས་གྲུབ་པར་བྱེད་དགོས། འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་གྱིས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། གཟེར་འདེབས་སྙིང་སྟོབས་དར་སྤེལ་བྱེད་པ། དངོས་གཉེར་དང་དཀའ་སྤྱད་འབད་འཐབ་བྱས་ནས། དམངས་དམག་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་གྲུབ་འབྲས་གསར་བ་ལེན་དགོས། བྱ་བའི་སྡེ་ཁག་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པ་དང་། ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། རིམ་པ་སོ་སོ་འི་ཏང་ཨུ་དང་སྲིད་གཞུང་གིས་དམངས་དམག་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བའི་ལས་འགན་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་འགན་འཁྲི་གལ་ཆེན་དུ་བརྩིས་ནས། རང་རྟོགས་སྒོས་གནས་ཚུལ་ཧྲིལ་བོའི་འོག་ཁ་ཕྱོགས་ཡང་དག་དམ་འཛིན་བྱེད་པ་དང་སྲིད་ཇུས་གཏན་ཁེལ་བྱེད་པ། ལག་བསྟར་དམ་འཛིན་བྱེད་པ། གསར་བརྗེ་རྙིང་འདོར་བྱེད་ཕོད་པ། དཀའ་སྤྱད་འབད་འཐབ་བྱས་ཏེ། དམངས་དམག་མཉམ་བསྲེས་སྒོས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བའི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་པའི་རེ་བ་བཏོན།
ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།
ཀྲུང་དབྱང་དམངས་དམག་མཉམ་བསྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་ཀྲུའུ་རིན་གཞོན་པ་དང་ཨུ་ཡོན་གྲོས་ཚོགས་སུ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་དམངས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་དུ་ཞུགས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10