བློ་མཐུན་ཞི་ཅིན་ཕིང་གི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་མཐའ་འཁྱོངས་བ་གཏོང་རྒྱུའི་སྐོར་གླེང་བ་ཞེས་པའི་དཔེ་དེབ་དཔར་དུ་སྐྲུན་པ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    2018-10-16

     ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་མཐའ་འཁྱོངས་བ་གཏོང་རྒྱུའི་སྐོར་གླེང་བ་ཞེས་པའི་དཔེ་དེབ་དེ་ཀྲུང་དབྱང་ཡིག་ཚགས་དཔེ་སྐྲུན་ཁང་གིས་དཔར་དུ་སྐྲུན་པ་དང་ཉིན་དེ་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱེད་རྒྱུ་ཡིན་པ་རེད།

     ཆེད་དོན་གསུང་རྩོམ་ཕྱོགས་བསྡུས་དེ་ནི་སྤྱི་ལོ་༢༠༡༣ལོའི་ཟླ་བ་དང་པོའི་ཚེས་༢༨ཉིན་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་གསུམ་པ་གཙོ་སྐྱོང་གནང་སྐབས་ཀྱི་གསུང་བཤད་ཀྱི་གཙོ་གནད་སྟེ། དེ་བས་ལེགས་པའི་སྒོ་ནས་རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཧྲིལ་པོ་གཉིས་ལ་གཅིག་འགྱུར་འཆར་འགོད་བྱེད་རྒྱུ་དང་། ཞི་བདེ་གོང་འཕེལ་གྱི་ལམ་བུའི་ཐོག་ཏུ་བསྐྱོད་རྒྱུའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཞེས་པས་འགོ་བརྩམས་ཡོད་པ་དང་། སྤྱི་ལོ་༢༠༡༨ལོའི་ཟླ་བ་༦པའི་ཚེས་༢༢ཉིན་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་གྲོས་ཚོགས་གཙོ་སྐྱོང་གནང་སྐབས་ཀྱི་གསུང་བཤད་ཀྱི་གཙོ་གནད་སྟེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཕྱི་འབྲེལ་བསམ་བློས་མཛུབ་སྟོན་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རྣམ་པ་གསར་པ་འབད་བརྩོན་ཆེན་པོས་གཏོད་དགོས་ཞེས་པས་མཇུག་བསྡུས་ཡོད་ཅིང་། བློ་མཐུན་ཞི་ཅིན་ཕིང་གི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་མཐའ་འཁྱོངས་བ་གཏོང་རྒྱུའི་སྐོར་གླེང་བའི་ཡིག་འབྲུ་གསུམ་འབུམ་ཉིས་ཁྲི་ཡོད་པའི་གལ་ཆེའི་རྩོམ་ཡིག་༨༥བསྡུས་ཡོད་པ་རེད།

     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལོ་རྒྱུས་གོང་འཕེལ་འཕེལ་རིམ་གྱི་མཐོ་ཚད་ཐོག་ནས་རྒྱལ་སྤྱིའི་གནས་བབ་ཀྱི་འགྱུར་ལྡོག་ཟབ་མོ་ཡང་དག་ཁོང་དུ་ཆུད་པ་དང་། ཞི་བདེ་དང་། གོང་འཕེལ། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དུས་རབས་འཕེལ་ཕྱོགས་དང་བསྟུན་པ་དང་། འཛམ་གླིང་གང་འདྲ་ཞིག་འཛུགས་སྐྱོང་བྱེད་རྒྱུ་དང་གང་འདྲ་བྱས་ནས་འཛམ་གླིང་འདི་འཛུགས་སྐྱོང་བྱེད་དགོས་པ་སོགས་མིའི་རིགས་ཀྱི་ལས་དབང་དང་འབྲེལ་བ་དམ་ཟབ་ཡོད་པའི་བརྗོད་གཞི་གལ་ཆེ་རིགས་ཐད་དགོངས་པ་གཏིང་ཟབ་བཞེས་ཡོད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུའི་དུས་རབས་ཀྱི་རྒྱབ་ལྗོངས་དང་། དོན་སྙིང་གལ་ཆེན། ཕུན་སུམ་ཚོགས་པའི་ནང་དོན། ཐབས་ལམ་མངོན་འགྱུར་ཡོང་ཐབས་སོགས་ཀྱི་གནད་དོན་གལ་ཆེ་རིགས་ཐད་ལ་གསལ་འགྲེལ་གང་ལེགས་གནང་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་ཀྱིས་སྣེ་ཁྲིད་དེ། མིའི་རིགས་སྤྱི་ཚོགས་ཀྱི་ཐུན་མོང་གོང་འཕེལ་དང་རྒྱུན་མཐུད་དར་རྒྱས། ཡུན་རིང་བདེ་འཁོད་བཅས་མངོན་འགྱུར་ཐུབ་ཆེད་དུ་འཆར་འགོད་གནང་ཡོད་པ། ཀྲུང་གོས་འཛམ་གླིང་ཞི་བདེ་གོང་འཕེལ་ཡོང་བར་དམ་པ་དོན་དུ་གཉེར་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་རྒྱུའི་བླ་མེད་ཀྱི་དམིགས་འབེན་མཚོན་པ་དང་། ཀྲུང་གོས་རང་ངོས་གོང་འཕེལ་དང་འཛམ་གླིང་གོང་འཕེལ་གཅིག་གྱུར་ཡོང་བ་བྱེད་པའི་གོ་ལ་ཧྲིལ་པོའི་གཟིགས་རྒྱང་དང་འཛམ་གླིང་གི་ཁོག་རྒྱ། རྒྱལ་ཁབ་ཆེན་པོའི་འགན་འཁྲི་ཁུར་སེམས་བཅས་མཚོན་པར་བྱས་ཡོད་པ་རེད།

     མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་མཐའ་འཁྱོངས་བ་གཏོང་རྒྱུ་དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཕྱི་འབྲེལ་དགོངས་པའི་ནང་དོན་གལ་ཆེན་ཞིག་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་ཀྱང་ཡིན་པས། རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཆེན་པོ་གཉིས་ལ་གཅིག་འགྱུར་འཆར་འགོད་བྱེད་རྒྱུ་དང་། ཐོག་མཐའ་བར་གསུམ་དུ་ཞི་བདེ་གོང་འཕེལ་གྱི་ལམ་བུའི་ཐོག་ཏུ་བསྐྱོད་རྒྱུ་དང་གཉིས་ཕན་མཉམ་རྒྱལ་གྱི་སྒོ་དབྱེའི་འཐབ་ཇུས་ལ་བརྩི་སྲུང་ཞུས་ཏེ། ཡང་དག་པའི་བདེན་ཕན་ལྟ་བ་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྱོང་བྱེད་མཁན་ཞིག་དང་གོ་ལ་ཧྲིལ་པོའི་གོང་འཕེལ་ལ་ལེགས་སྐྱེ་འབུལ་མཁན་ཞིག རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་མཁན་ཞིག་བཅས་བྱས་ནས། ལོ་བརྒྱ་གཉིས་ཀྱི་འབད་ཐབས་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ཆེད་དུ་དེ་བས་ཕན་ཡོད་ཀྱི་རྒྱལ་སྤྱིའི་ཁོར་ཡུག་གཏོད་རྒྱུར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཡོད་པ་རེད།


  • ལེ་ཚན་སྔོན་མ།:སྐབས་དང་པོའི་འཛམ་གླིང་གི་ཀྲུང་ལུགས་གསོ་རིག་གི་བདེ་ཐང་གླེང་སྟེགས་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:འཕྲལ་སྡོམ་དོ་དམ་པུའུ་ཡིས་སི་ཁྲོན་དང་བོད་ལྗོངས་སུ་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཛ་དྲག་ངང་གཏོང་འདྲེན་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།