ནོར་སྲིད་པུའུ་ཡིས་ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་དང་དངོས་འབེབས་བྱེད་པའི་སྐོར་གྱི་བསམ་འཆར་འགྲེལ་སྤེལ་བྱས།

        2018-10-09

ཉེ་ལམ། ནོར་སྲིད་པུའུ་ཡིས་ནོར་སྲིད་པུའུ་ཡིས་ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་དང་དངོས་འབེབས་བྱེད་པའི་སྐོར་གྱི་བསམ་འཆར་འགྲེལ་སྤེལ་བྱས་ཏེ། ནོར་སྲིད་ཁོངས་གཏོགས་ཀྱིས་ཞང་སྡེ་དར་སྤེལ་འཐབ་ཇུས་བདེ་བླག་ངང་ལག་བསྟར་བྱེད་རྒྱུ་འགན་སྲུང་བྱས་ནས་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་བསྒྱུར་བར་མྱུར་དུ་སྐུལ་འདེད་གཏོང་བའི་ཐད་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས།

བསམ་འཆར་ལས་བསྟན་དོན། ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་པའི་སྤྱིའི་རེ་བ་གསལ་བོར་ཤེས་པར་བྱེད་པ་དང་། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་གྱི་སྤྱིའི་དམིགས་འབེན་དང་ཐོན་ལས་དར་སྤེལ་དང་སྐྱེ་ཁམས་ལེགས་སྒྱུར། བཅོས་སྐྱོང་ནུས་ལྡན། འཚོ་བ་ཕྱུག་སྒྱུར་སོགས་ཀྱི་སྤྱིའི་རེ་བར་དམིགས་ཏེ། ཞིང་ལས་དང་ཞིང་སྡེ་སྔོན་ན་འཕེལ་རྒྱས་སུ་གཏོང་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དེ་ཉིས་སྟོང་བཅོ་བརྒྱད་ལོ་ནས་ཉིས་སྟོང་ཉེར་གཉིས་ལོའི་བར་གྱི་ཞང་སྡེ་དར་སྤེལ་འཐབ་ཇུས་འཆར་འགོད་དང་འབྲེལ་མཐུད་བྱེད་པ་དང་། ནོར་སྲིད་ཀྱིས་ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་དང་སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་དང་འཐུས་ཚང་དུ་བཏང་ནས། དངུལ་གཏོང་ཁག་ཐེག་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་སྲིད་ཇུས་དོན་ཐོག་ཏུ་དངོས་འབེབས་བྱེད་པ། རྐྱེན་སྲོལ་གསར་སྐྲུན་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། ལྟ་སྐུལ་དོ་དམ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། འགན་ནུས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་བཅས་འགན་སྲུང་བྱེད་དགོས་ཟེར།


  • ལེ་ཚན་སྔོན་མ།:རྒྱལ་སྲིད་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཀྲའོ་ཁི་ཀྲི་ཡིས་ཧི་ནན་ཞིང་ཆེན་དུ་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་བར་ཞིབ་བཤེར་དང་མཛུབ་སྟོན་བྱས།
  • ལེ་ཚན་རྗེས་མ།:གཏམ་བཟང་། ཁྲོན་བོད་ལྕགས་ལམ་འཆར་འགོད་དང་འཛུགས་སྐྲུན་བྱ་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།