2018-10-09
ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་མཉམ་འབྲེལ་ཐོག་གཏོད་པའི་མཁས་པ་བརྒྱའི་གླེང་སྟེགས་ཞེས་པའི་དམིགས་གསལ་ལེ་ཚན་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསྟན་བཅོས་བཀོལ་སྤྱོད་གནང་ཚུལ་ཞེས་པ་སྤྱི་ཟླ་༡༠པའི་ཚེས་༨ཉིན་ནས་ཚེས་༡༩ཉིན་བར་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་ཐོག་དགོང་མོའི་དུས་སུ་སྟོན་རྒྱུ་ཡིན་པ་རེད། ལེ་ཚན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུངས་བཤད་དང་། རྩོམ་ཡིག གླེང་མོལ་བཅས་རབ་དང་རིམ་པའི་ཁྲོད་བེད་སྤྱོད་གནང་བའི་གནའ་བོའི་བསྟན་བཅོས་དང་གྲགས་ཅན་ཚིག་སྒྲུབ་ནས་འགོ་བཙུགས་ཡོད་ཅིང་། དེའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གསོན་ཉམས་ལྡན་པའི་ངང་འབྲེལ་བཤད་བྱེད་པ་དང་བརྒྱུད་བསྒྲགས་རྒྱ་ཆེར་བྱེད་ཆེད་ཡིན་པ་རེད།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལེ་ཚན་དེ་མང་ཚོགས་ཀྱི་དཀའ་སྡུག་སེམས་སུ་འཛིན། རྒྱལ་ཁབ་བཅོས་སྐྱོང་མང་ཚོགས་གཙོ་བོར་འཛིན། ཀུན་སྤྱོད་མེད་ན་རྒྱལ་ཁབ་དར་ཐབས་མེད། རྒྱལ་ཁབ་རྨང་གཞི་ཁྱིམ་ཚང་རེ་རེར་མཆིས། བདེན་དོན་རྟོགས་པ་ལག་ལེན་དངོས་ལ་ཐུག དཔེ་དེབ་བཀླགས་ཚེ་ཤེས་ཡོན་ངང་གིས་འབྱུང་། གནམ་འོག་བཅོས་སྐྱོང་ཤེས་ལྡན་མི་སྣར་ཐུག སྔོ་ལྗང་རི་བོ་སྲུང་སྐྱོང་མཐའ་གཅིག་བྱེད། གནམ་འོག་སྤྱི་སྙོམས་ལམ་ཆེན་དེད་ནས་བསྐྱོད་ཅེས་པ་སོགས་ལེ་ཚན་དེ་ལེའུ་༡༢ལ་དབྱེ་ཡོད་ཅིང་། སྒྲ་དངོས་བརྙན་ཐུང་དང་། དགོངས་པ་འབྲེལ་བཤད། གསུང་རབ་ནང་དོན་འབྲེལ་བཤད། ས་ཡུལ་དངོས་ཀྱི་བགྲོ་གླེང་། མཉམ་འགུལ་དང་དྲི་ལན་འདེབས་པ། གསུང་རབ་གྱེར་ཀློག་བཅས་ལྷུ་ཚིག་དྲུག་ལས་གྲུབ་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10