ཀྲུང་གོའི་སྐད་སྙན་གྱི་གར་སྟེགས་ཐོག་གི་བོད་ཀྱི་ཞི་ལིའི་མགྲིན་གླུ།

        2018-10-08

ཀྲུང་གོའི་སྐད་སྙན་གྱི་གར་སྟེགས་ཐོག་གི་བོད་ཀྱི་ཞི་ལིའི་མགྲིན་གླུ།

བོད་ཀྱི་གླུ་པ་བསྟན་འཛིན་ཉི་མས༢༠༡༨ལོའི༼ཀྲུང་གོའི་སྐད་སྙན༽ལས་སྤྱིའི་འགྲན་བསྡུར་ཁྲོད་ཨང་དང་པོའི་མཚན་སྙན་བླངས་པར་བཀྲ་ཤིས་རྟེན་འབྲེལ་ཞུ།

     2018ལོའི་ཀྲུང་གོའི་ཚད་རིམ་ཆེས་མཐོ་བའི་གླུ་གཞས་འགྲན་བསྡུར《ཀྲུང་གོའི་སྐད་སྙན》གྱི་སྡིངས་ཆར་མངོན་པའི་བསྟན་འཛིན་ཉི་མ་ནི། ཕ་ཡུལ་མདོ་སྨད་རེབ་གོང་ནས་ཡིན་ཞིང་། མིག་སྔར་གྱི་ལས་ཐོབ་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཡིན་འདུག

ཀྲུང་གོའི་སྐད་སྙན་གྱི་གར་སྟེགས་ཐོག་གི་བོད་ཀྱི་ཞི་ལིའི་མགྲིན་གླུ།
ཀྲུང་གོའི་སྐད་སྙན་གྱི་གར་སྟེགས་ཐོག་གི་བོད་ཀྱི་ཞི་ལིའི་མགྲིན་གླུ།

     ཐེངས་འདིར་ཁོའི་མ་བཅོས་རང་བྱུང་གི་ངག་གི་དབྱངས་རྟ་སྙན་མོ་ལ། ཆེད་ལས་དགེ་རྒན་དག་གི་གདེང་འཇོག་ཆེན་པོ་ཐོབ་པར་མ་ཟད། དྲ་ལམ་དང་ཡུལ་དངོས་ནས་ལྟད་མོ་བ་བགྲང་ལས་འདས་པའི་དགའ་བསུ་ཆེན་པོ་ཐོབ། མཇུག་མཐའི་རྟིང་རྩོད་དུ་ཞུགས་ཏེ༢༠༡༨ལོའི་ཀྲུང་གོའི་ཚད་རིམ་ཆེས་མཐོ་བའི་གླུ་གཞས་འགྲན་བསྡུར༼ཀྲུང་གོའི་སྐད་སྙན༽ལས་མཐའ་མཇུག་གི་རྒྱལ་ཁ་བླངས་པར་རྟེན་འབྲེལ་ཞུ།


  • ལེ་ཚན་སྔོན་མ།:རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་དྲུག་གིས་སྨན་བཅོས་རྩོད་གཞི་སྣ་མང་སེལ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ།
  • ལེ་ཚན་རྗེས་མ།:མཐོ་སློབ་སློབ་ཐོན་སློབ་མའི་རང་རྟེན་གསར་གཏོད་ལས་གཏོད་སྐུལ་འདེད་ཧུར་ཐག་གཏོང་དགོས།
  • དོ་སྣང་ཆེ་བའི་རྩོམ།