རང་རྒྱལ་གྱི་ནགས་ཚལ་ཡུལ་སྐོར་གྱི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་ལས་བརྒལ་བ།

        2018-09-30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་འཚོགས་པའི་2018ལོའི་ཀྲུང་གོའི་ནགས་ཚལ་ཡུལ་སྐོར་དུས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཡོངས་ཀྱི་ནགས་ཚལ་ཡུལ་སྐོར་གྱི་ཡུལ་སྐོར་བའི་གྲངས་འབོར་རིམ་རྩིས་བྱས་ན་མི་ཐེངས་དུང་ཕྱུར་46ཟིན་པ་དང་། ཆ་སྙོམས་ལོ་རེའི་ཡུལ་སྐོར་བའི་གྲངས་འབོར་མི་ཐེངས་དུང་ཕྱུར་9ལས་བརྒལ་བ། ལོ་རེར་ཆ་སྙོམས་འཕར་ཚད་15.5%ཟིན་ཡོད། 2017ལོར་རྒྱལ་ཡོངས་ནགས་ཚལ་ཡུལ་སྐོར་གྱི་ཡུལ་སྐོར་བའི་གྲངས་འབོར་མི་ཐེངས་དུང་ཕྱུར་13.9ཟིན་པ་དེས་རྒྱལ་ནང་གི་ཡུལ་སྐོར་བའི་མི་གྲངས་ཀྱི་28%བཟུང་བ་དང་སྤྱི་ཚོགས་ཀྱི་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་11500བཏོད་ནས་དཔལ་འབྱོར་ཤིང་ནགས་འདེབས་འཛུགས་དང་འཐུ་བསྡུའི་ལས་རིགས་དང་། ཤིང་ཆ་ལས་སྣོན་དང་སྨྱུག་བཟོས་ཐོན་རྫས་བཟོ་སྐྲུན་ལས་རིགས་རྗེས་ཀྱི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་ལས་བརྒལ་བའི་ནགས་ལས་གཙོ་རྐང་ཐོན་ལས་གསུམ་པར་གྱུར་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ཟླ་12པའི་ཚེས་7ནས་ཚེས་9ཉིན་བར་ཀོང་ཀྲོའུ་རུ་འདི་ལོའི་ཀྲུང་གོའི་ནགས་ཚལ་ཡུལ་སྐོར་དུས་ཆེན་གཏོང་རྒྱུ་ཡིན་ཞིང་། ད་ཐེངས་ཀྱི་བྱེད་སྒོ་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་གཙོ་གཉེར་བྱ་རྒྱུ་དང་ནང་དོན་ལ་མཛད་སྒོ་དང་། འགྲེམས་སྟོན། འོས་སྦྱོར་དང་ངོ་འཕྲད་གྲོས་མོལ་སོགས་རིགས་ཆེན་པོ་5དང་ཁྱོན་རྣམ་གྲངས་24ཚུད་ཡོད། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ནགས་ལས་ཡུལ་སྐོར་དོ་དམ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཅན་མིན་གྱིས་སྔོན་དཔག་བྱས་པར་གཞིགས་ན། 2018ལོར་རྒྱལ་ཡོངས་ཀྱི་ནགས་ཚལ་ཡུལ་སྐོར་གྱི་ཡུལ་སྐོར་བའི་གྲངས་འབོར་མི་ཐེངས་དུང་ཕྱུར་16ཙམ་ཟིན་རྒྱུ་རེད། །



  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་འགུལ་སྐྱོད་ལས་འཛིན་ཚོགས་པའི་ལོ་ཚོགས་སྐབས་སོ་ལྔ་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་དྲུག་གིས་སྨན་བཅོས་རྩོད་གཞི་སྣ་མང་སེལ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།