ཀོང་ཞི་ཞིང་ཆེན་གྱིས་ཧན་གོའི་ཧྲིག་ཨར་ནས་དཔལ་འབྱོར་ཉོ་ཚོང་ངོ་སྤྲོད་ཚོགས་འདུ་བསྡུས།
མཚོ་སྔོན་བོད་སྐད་རྒྱང་སྒྲོག 2015-04-08
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཧན་གོ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་ཆེད།ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱིས་ཟླ་བཞི་བའི་ཚེས་དྲུག་ཉིན་ཧན་གོའི་ཧྲིག་ཨར་ནས་ཀྲུང་གོ་དང་ཨེ་ཤ་ཡའི་ཤར་ལྷོ་མནའ་འབྲེལ་གྱི་འགྲེམ་སྟོན་ངོ་སྤྲོད་ཚོགས་འདུ་བསྡུས།ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཕུན་ཆིན་ཧྭ་ཡིས་ངོ་སྤྲོད་ཚོགས་འདུའི་སྟེང་ཀོང་ཞི་ཞིང་ཆེན་གྱི་གཞི་རྩའི་གནས་ཚུལ་མཚམས་སྦྱོར་བྱས།ཁོས་བཤད་རྒྱུར།ཧན་གོས་ཀོང་ཞི་ས་ཁུལ་དེ་ཨེ་ཤེ་ཡའི་ཤར་ལྷོ་མནའ་འབྲེལ་དང་ཨེ་ཤ་ཡའི་དབུས་ཕྱོགས་ས་ཁུལ།ཀྲུང་ཏུང་།ཡོ་རོབ་གླེང་བཅས་ལ་འབྲེལ་མཐུད་བྱེད་པའི་ས་ཁུལ་གཙོ་བོ་ཞིག་ཏུ་བརྩི་ཆོགཀོང་ཞི་དང་ཧན་གོ་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས།ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་མདུན་ལྗོངས་ཉིན་རེ་བཞིན་རྒྱ་བསྐྱེད་དུ་སོང་ཡོད་ཟེར།ཕུན་ཆིན་ཧྭ་ཡིས་ད་རུང་ཀོང་ཞི་དང་ཧན་གོ་གཉིས་ཀྱི་མཉམ་ལས་གཙིགས་འཛིན་བྱེད་པའི་ཐད་ལ་གྲོས་གཞི་བཞི་བཏོན་པ་སྟེ།གཅིག་ནི་ཀྲུང་གོ་དང་ཨེ་ཤ་ཡའི་ཤར་ལྷོ་མནའ་འབྲེལ་འགྲེམ་སྟོན་ཚོགས་འདུ་དང་བསྟུན་ནས་མཉམ་དུ་རྒྱལ་སྤྱིའི་ཚོང་ར་གསར་གཏོད་བྱེད་དགོས་པ་དང་།གཉིས་ནི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས།གསུམ་ནི་དངུལ་ལོར་དང་གྲུ་ཁའི་དངོས་སྐྱེལ་སོགས་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས།བཞི་ནི་མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་དགོས་ཟེར།ཕུན་ཆིན་ཧྭ་ཡིས་བཤད་རྒྱུར།ཧན་གོའི་ལས་རིགས་ཁག་གི་མི་སྣས་ཀོང་ཞིའི་འཕེལ་རྒྱས་གོ་སྐབས་ལ་བརྟེན་ནས་ཧན་གོ་དང་ཀྲུང་གོ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་སྔར་ལས་སྐུལ་འདེད་བཏང་སྟེ།ཀོང་ཞིའི་འཕེལ་རྒྱས་གོ་སྐབས་མཉམ་དུ་ལོངས་སྤྱོད་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།ངོ་སྤྲོད་ཚོགས་འདུའི་སྟེང་།ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཚོང་དོན་ཐིན་དང་།དངུལ་ལོར་གཞུང་སྒྲུབ་ཁང་།ཀོང་ཞི་རྒྱལ་སྤྱིའི་འགྲེམ་སྟོན་ལས་དོན་ཅུའུ་བཅས་ཀྱི་འགན་ཁུར་བས་ཀོང་ཞིའི་དངུལ་གཏོང་ཁོར་ཡུག་དང་ཚོང་གཉེར་གོ་སྐབས།སྐབས་བཅུ་གཉིས་པའི་ཀྲུང་གོ་དང་ཨེ་ཤ་ཡའི་ཤར་ལྷོ་མནའ་འབྲེལ་འགྲེམ་སྟོན་ཚོགས་འདུ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས།ཧན་གོར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཆིག་གོ་ཧུང་དང་ཧན་གོའི་རྒྱལ་ཚོགས་ཀྱི་གྲོས་མི་ལིས་རིན་ཅི།ཧན་གོའི་ཁེ་ལས་དང་དངུལ་ལོར་ལས་རིགས་ཀྱི་འཐུས་མི་བཅས་མི་སུམ་བརྒྱ་ལྷག་ངོ་སྤྲོད་ཚོགས་འདུར་ཞུགས།