ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 2018-08-21
ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་ཏང་གི་འཛུགས་སྐྱོང་གྲོས་ཚོགས་ཐོག་དུས་རབས་གསར་པའི་རང་དམག་ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྱོང་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱབ་སྟེ་དམག་དཔུང་སྟོབས་ཆེའི་བྱ་གཞག་གི་རྣམ་པ་གསར་པ་གཏོད་ཆེད་སྲ་བརྟན་གྱི་ཆབ་སྲིད་འགན་ལེན་མཁོ་འདོན་བྱེད་དགོས་ཞེས་ནན་སྟོན་གནང་བ།
ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་དམག་ཨུད་ཀྱི་ཏང་གི་འཛུགས་སྐྱོང་གྲོས་ཚོགས་སྤྱི་ཚེས་༡༧ཉིན་ནས་སྤྱི་ཚེས་༡༩ཉིན་བར་པེ་ཅིང་དུ་སྐོང་འཚོགས་བྱས་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམལ་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཕེབས་ཞུགས་གནང་བ་མ་ཟད་གལ་ཆེའི་གསུང་བཤད་གནང་ཡོད་པ་རེད། ཁོང་གིས། དུས་རབས་གསར་པའི་ནང་རང་དམག་ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྱོང་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ་ནི། ཏང་གི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་རླབས་ཆེན་ལས་གཞི་གསར་པའི་ལྡོག་མེད་ཀྱི་བླང་བྱ་ཡིན་པ་དང་། སྟོབས་ཆེའི་རྒྱལ་ཁབ་དང་སྟོབས་ཆེའི་དམག་དཔུང་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན། དམག་ཡོངས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་ལག་བསྟར་གཏིང་ཟབ་བྱེད་པ་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་བྱེད་པ། ཏང་གིས་དམག་དཔུང་ལ་བལྟོས་མེད་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱེད་རྒྱུ་རྒྱུན་འཁྱོངས། དམག་འཁྲུག་གི་གྲ་སྒྲིག་དང་དམག་རྒྱག་རྒྱུར་གཅིག་བསྡུས་བྱེད་རྒྱུ་རྒྱུན་འཁྱོངས། རང་དམག་གི་ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྱོང་ལས་དོན་ཀྱི་སྤུས་ཚོད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ནས། དུས་རབས་གསར་པའི་ནང་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་མངོན་འགྱུར་དང་། དུས་རབས་གསར་པའི་དམག་དཔུང་གི་ལས་འགན་ལེགས་གྲུབ་ཡག་པོ་བྱེད་རྒྱུར་སྲ་བརྟན་གྱི་ཆབ་སྲིད་འགན་ལེན་མཁོ་འདོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
སྤྱི་ཚེས་༡༧ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་ཅིན་ཞི་མགྲོན་ཁང་དུ་ཕེབས་པ་དང་། སྤྲོ་སེམས་རབ་ཏུ་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ། བྱམས་བརྩེའི་ངང་གྲོས་ཚོགས་ལ་ཞུགས་མཁན་འཐུས་མིར་མཇལ་འཕྲད་གནང་བ་དང་། ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་ཡོད་པ་རེད།
ཞི་ཅིན་ཕིང་གིས་གྲོས་ཚོགས་ཐོག་གལ་ཆེའི་གསུང་བཤད་གནང་ཡོད་པ་རེད། ཁོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་ཆབ་སྲིད་ཐོག་ནས་དམག་དཔུང་འཛུགས་སྐྱོང་དང་ཁོང་དུ་ཆུད་པ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ལྷག་པར་དུ་ཀུའུ་ཐན་དུ་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་གྲོས་ཚོགས་སྐོང་འཚོགས་བྱས་ནས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱེད་རྒྱུ་དང་། ཁྱོན་ཡོངས་ནས་དམག་དཔུང་བཅོས་སྐྱོང་ནན་པོ་བྱེད་རྒྱུ་དམ་འཛིན་ནན་པོ་བྱས་པ་དང་། ཏང་གིས་དམག་དཔུང་ལ་བལྟོས་མེད་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས། དག་ཐེར་གྱི་སྙིང་སྟོབས་ཐོག་ནས་ཆབ་སྲིད་དག་ཐེར་སྦྱོང་བརྡར་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས། སྤྱོད་བཟང་སྒྲིག་ནན་དང་། རུལ་རྒོལ་ངན་གཅོད་བྱེད་རྒྱུ་རྒྱུན་འཁྱོངས། དམག་ཡོངས་སྣེ་ཁྲིད་ནས་གཞི་འཚོལ་ཁུངས་གཏུགས་དང་། རྙིང་གཏོར་གསར་བརྗེ་བྱས་པ། ཏང་དོ་དམ་དང་བཅོས་སྐྱོང་ལྷུག་ལྷོད་འཇམ་གསུམ་ནས་དམ་ནན་བཙན་གསུམ་དུ་སྒྱུར་རྒྱུར་སྐུལ་འདེད་བཏང་ཡོད། རང་དམག་ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་འགྱུར་བ་གཏིང་ཟབ་བྱུང་ཡོད་ཅིང་། དམག་དཔུང་སྟོབས་ཆེའི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འགྲོ་རྒྱུར་སྲ་བརྟན་གྱི་ཆབ་སྲིད་འགན་ལེན་འཁོ་འདོན་བྱས་ཡོད། ཉམས་མྱོང་ཕྱོགས་བསྡོམས་ནན་ཏན་བྱས་ནས། ཐོབ་པའི་གྲུབ་འབྲས་སྲ་བརྟན་ཡག་པོ་གཏོང་བ་དང་། གོང་འཕེལ་ཡག་པོ་གཏོང་དགོས་ཞེས་བསྟན་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྱོང་ནི་རང་དམག་འཛུགས་སྐྱོང་གོང་འཕེལ་གྱི་འགག་རྩ་ཡིན་ཞིང་། དམག་དཔུང་སྟོབས་ཆེའི་བྱ་གཞག་རྒྱལ་ཕམ་དང་། ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་དང་འབྲེལ་བ་ཡོད་པ་ཞིག་ཡིན་ཞེས་ནན་སྟོན་གནང་བ་དང་།
ཞི་ཅིན་ཕིང་གིས། ཏང་གིས་དམག་དཔུང་ལ་བལྟོས་མེད་འགོ་ཁྲིད་བྱེད་རྒྱུ་ནི་རང་དམག་གིས་ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པའི་ལས་འགན་ཨང་དང་པོ་དེ་ཡིན་ཞེས་བསྟན་གནང་བ་དང་།
ཞི་ཅིན་ཕིང་གིས། ཏང་གི་སྟོབས་ཤུགས་དེ་རྩ་འཛུགས་ནས་ཡོང་བ་དང་། རྩ་འཛུགས་སྟོབས་ཆེ་ཞིག་ཡོད་ཚེ་དམག་དཔུང་སྟོབས་ཆེ་ཡིན་པ་སྨོས་མེད་རེད། རྩ་འཛུགས་ལམ་ཕྱོགས་ཀྱིས་ཆབ་སྲིད་ལམ་ཕྱོགས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ནས། དམག་འཁྲུག་གི་གྲ་སྒྲིག་དང་དམག་རྒྱག་བྱེད་པའི་འགན་འཁྲི་གཙོ་བོ་དང་ལས་འགན་གཙོ་བོར་གཅིག་བསྡུས་བྱེད་པ། རིམ་ཁག་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་དང་། རྩ་འཛུགས་ནུས་པ། ལག་བསྟར་ནུས་པ་བཅས་ཆེ་རུ་གཏོང་བ་བཅས་བྱས་ནས། ཏང་གི་ཆབ་སྲིད་བཟང་ཆ་དང་རྩ་འཛུགས་བཟང་ཆ་རྒྱལ་ཁ་ལེན་ཐུབ་པའི་བཟང་ཆར་འགྱུར་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། དམག་དཔུང་སྟོབས་ཆེའི་ལམ་དུ་ཞུགས་པར་འགག་རྩ་མི་ལ་ཐུག་ཡོད་པས། ལས་བྱེད་པ་གསོ་སྐྱོང་བྱེད་རྒྱུ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུ་དེ་སྔར་བས་མངོན་གསལ་ཆེ་བའི་གནས་བབ་ཐོག་འཇོག་དགོས་པ་དང་། བློ་དཀར་སེམས་དཀར་དང་གཙང་དག་འགན་སེམས་ཆེ་བ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་དཔུང་ཁག་སྦྱོང་བརྡར་གསོ་སྐྱོང་བྱེད་པ་དང་། དམག་དཔུང་སྟོབས་ཆེར་གཏོང་བ་དང་དམག་རྒྱལ་ཐུབ་པར་འགན་ལེན་ཡོད་པའི་ཕྱོགས་གང་ཅིའི་ཤེས་ལྡན་མི་སྣ་འདུ་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་ཡོད་པ་རེད།
ཞི་ཅིན་ཕིང་གིས་། ཤེས་ལྡན་མི་སྣའི་ཐོན་ཁུངས་ནི་དམག་དཔུང་སྟོབས་ཆེར་གཏོང་བ་དང་དམག་དཔུང་དར་རྒྱས་གཏོང་བའི་རྩ་ཆེའི་འཐབ་ཇུས་ཐོན་ཁུངས་ཡིན། དེ་ཡང་ གནས་གསུམ་གཞི་གཅིག་གི་དམག་དོན་ཤེས་ལྡན་མི་སྣའི་གསོ་སྐྱོང་མ་ལག་དུས་ཚོད་དམ་འཛིན་གྱིས་འཛུགས་དགོས་ཞེས་བསྟན་གནང་བ་དང་།
ཞི་ཅིན་ཕིང་གིས། དུས་ནམ་ཡང་ལམ་དུ་ཞུགས་པའི་ཨུ་ཚུགས་དང་སེམས་ཤུགས་བརྟན་པོའི་ཐོག་ནས་ནན་པོ་གཙོ་བོར་འཛིན་པ་དང་། ཁྱོན་ཡོངས་ནས་ནན་པོ་བྱེད་རྒྱུ། ནན་པོ་མཐའ་འཁྱོངས་པ་བྱེད་རྒྱུ་བཅས་རྒྱུན་འཁྱོངས་བྱས་ནས། རང་དམག་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། རུང་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ངེས་པར་དུ་དམ་འཛིན་བྱེད་དགོས་ཤིང་། ཁ་ཕྱོགས་ལ་འགྱུར་བ་གཏོང་མི་སྲིད། རྩ་བ་དང་ཡན་ལག་མཉམ་བཅོས་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱབ་ནས། རང་འགུལ་ངང་བྱ་ངན་སྤྱོད་ངན་གྱི་རུལ་བསླད་འགོ་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེའང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་གྲོས་ཚོགས་ཕེབས་པ་མ་ཟད།
ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་། རང་དམག་གི་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལས་ཀར་ཤུགས་སྣོན་རྒྱག་རྒྱུའི་ཐད་བླང་བྱ་བཏོན་གནང་ཡོད་པ་རེད།
ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཝེ་ཧྥུང་ཧོ་དང་། ལི་ཙོ་ཁྲེང་། མིའོ་ཧྭ། ཀྲང་ཧྲེང་མེང་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད། འཐབ་ཁུལ་ཁག་དང་། དམག་རིགས་ཁག དམག་ཨུད་ཀྱི་ལས་ཁུངས་ཀྱི་སྡེ་ཁག་ཁག དམག་དོན་ཚན་རིག་ཁང་། རྒྱལ་སྲུང་སློབ་ཆེན། རྒྱལ་སྲུང་ཚན་རྩལ་སློབ་ཆེན། དྲག་ཆས་ཉེན་རྟོགས་དཔུང་སྡེའི་ཏང་ཨུད་ཀྱི་ཧྲུའུ་ཅི། ཧྲུའུ་ཅི་གཞོན་པ་དང་དེ་བཞིན་འབྲེལ་ཡོད་འགོ་ཁྲིད་བློ་མཐུནསོགས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10