2018ལོའི་ལོ་སྟོད་དུ་རྒྱལ་ཡོངས་སུ་ཀྲུང་དབྱང་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཁྲི2.5ཙམ་ཞིབ་གཅོད་བྱས་ཏེ་མི་ཁྲི3.6ལྷག་ཐག་གཅོད་བྱས་ཡོད།

ཡེ་ཤེས་ཀྱིས་བསྒྱུར།        2018-08-09

   ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་སྤྱི་ཟླ7པའི་ཚེས30ཉིན་འབྱོར་བའི་གཏམ་གསར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ནང་དུ་ཚེས30ཉིན་བསྒྲགས་པའི་གཞི་གྲངས་ཐོག་ནས་མཚོན་པར་གཞིགས་ན། སྤྱི་ཟླ6པའི་ཚེས30ཉིན་བར2018ལོའི་ལོ་སྟོད་དུ་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན25677ཞིབ་གཅོད་བྱས་ཏེ་མི36618ཐག་གཅོད་བྱས་ཡོད་ཅིང་། མི26029ལ་ཏང་གི་སྒྲིག་ཁྲིམས་ཐད་ཀྱི་ཆད་པ་བཅད་ཡོད་པ་རེད།

   ཉེ་ཆར་བསྒྲགས་པའི་གཞི་གྲངས་ཐོག་ནས་མཚོན་པར་གཞིགས་ན། 2018ལོའི་སྤྱི་ཟླ6པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན6692ཞིབ་གཅོད་བྱས་ཏེ་མི9519ཐག་གཅོད་བྱས་ཡོད་ཅིང་། མི6802ལ་ཏང་གི་སྒྲིག་ཁྲིམས་ཐད་ཀྱི་ཆད་པ་བཅད་པ་རེད། ད་ལོའི་སྤྱི་ཟླ་དང་པོ་ནས6པའི་བར། རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཞིབ་གཅོད་བྱེད་པ་དེ་ཁག་བགོས་ནས4058དང་། 2516 3516 3922 4973 6692 བཅས་ཡིན་པ་རེད།

   ལོ་སྟོད་དུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་བྱེད་པའི་རིགས་ལ་བལྟས་ན། སྒྲིག་སྲོལ་དང་འགལ་ནས་ཕོགས་སྣོན་དང་ཁ་གསབ་ཕན་བདེ་སྤྲད་པའི་གནད་དོན6429དང་། སྒྲིག་སྲོལ་འགལ་ནས་འབུལ་རྟེན་དངོས་པོ་བསྡུ་བའི་གནད་དོན4516 སྒྲིག་སྲོལ་དང་འགལ་ནས་གཞུང་སྤྱོད་རླངས་འཁོར་སྒྲིག་སྦྱོར་དང་སྤྱོད་པའི་གནད་དོན4094 སྒྲིག་སྲོལ་དང་འགལ་ནས་གཞུང་དངུལ་སྤྱད་དེ་བཟའ་བཏུང་བྱས་པའི་གནད་དོན3306 གཉེན་སྟོན་མོ་དང་གཤིན་པོ་དུར་སྐྱེལ་གཟབ་རྒྱས་བྱེད་པའི་གནད་དོན2651 གཞུང་དངུལ་སྤྱད་དེ་རྒྱལ་ནང་དུ་ཡུལ་སྐོར་འགྲོ་བའི་གནད་དོན1275 ཐོག་ཁང་དང་། ཚོམས་ཁང་། མགྲོན་ཁང་། སྣེ་ལེན་ཁང་བཅས་སུ་སྐྱོད་པའི་ཁྲིམས་འགལ་གནད་དོན909 གཞུང་དངུལ་སྤྱད་ནས་ཕྱི་རྒྱལ་དུ་ཡུལ་སྐོར་བྱེད་པའི་གནད་དོན73 གནད་དོན་གཞན་དག2424བཅས་ཡིན་པ་རེད།

   2018ལོའི་ལོ་སྟོད་དུ་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་གཅིག་དང་། ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ527 རྫོང་རིམ་པའི་ལས་བྱེད་པ3906བཅས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བས་དེ་ཚོར་ཐག་གཅོད་བྱས་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་བོད་ལུགས་གསོ་རིག་དང་སྨན་རྫས་ཀྱི་སྟོབས་ལྡན་ཞིང་ཆེན་འཛུགས་སྐྱོང་ཇེ་མགྱོགས་བྱས།
  • ལེ་ཚན་རྗེས་མ།:མངས་རིས་ཀྱིས་སྐྱེ་ཁམས་ཞིང་ལས་གོང་འཕེལ་བཏང་ནས་དབུལ་གྲོལ་འགག་གྲོལ་ལམ་དུ་ཞུགས།
  • དོ་སྣང་ཆེ་བའི་རྩོམ།