སྐབས་བཅུ་དྲུག་པའི་ཀྲུང་གོའི་ནུབ་རྒྱུད་ཀྱི་དམངས་གཞས་འདུ་ཚོགས་འགོ་ཚུགས་པ།

    མི་དམངས་དྲ་བ།    2018-08-02

  མི་དམངས་དྲ་བའི་འཕྲིན། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཀྱིས་ནུབ་རྒྱུད་ཞིང་ཆེན་དང་རང་སྐྱོང་ལྗོངས(གྲོང་ཁྱེར)བཅུ་གཅིག་དང་དེ་བཞིན་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་རིག་གནས་ཁོངས་གཏོགས་དང་མཉམ་དུ་གཙོ་གཉེར་བྱས་པའི་སྐབས་བཅུ་དྲུག་པའི་ཀྲུང་གོའི་ནུབ་རྒྱུད་ཀྱི་དམངས་གཞས་འདུ་ཚོགས་ཉིན་དེའི་དགོང་མོ་ཉིང་ཞ་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་རེད། སྐབས་འདིའི་དམངས་གཞས་འདུ་ཚོགས་ནང་འགོ་ཚུགས་མཛད་སྒོ་དང་། དམངས་གཞས་ཀྱི་ཆེད་དོན་འགྲན་བསྡུར་གཉིས། གདོད་མའི་དམངས་གཞས་ཀྱི་ཆེད་དོན་འགྲན་བསྡུར་གཅིག མཇུག་འགྲིལ་མཛད་སྒོའི་བྱ་དགའ་སྤྲོད་པའི་མཛད་སྒོ་དང་ཕུལ་བྱུང་ལེ་ཚན་སྐོར་འཁྲབ་བཅས་ཁག་ལྔ་ལ་དབྱེ་ཡོད་པ་རེད། ཉིན་ལྔའི་རིང་བོད་རིགས་དང་། ཀྲོང་རིགས། ཧུད་རིགས། མེའོ་རིགས། དབྱིས་རིགས། ཧོར་རིགས། པའེ་རིགས། སོག་རིགས་སོགས་གྲངས་ཉུང་མི་རིགས་བཅུ་གྲངས་ཀྱི་གཞས་པ་བརྒྱ་ལྷག་ཙམ་གྱིས་སྔ་རྗེས་སུ་གླུ་གཞས་བླངས་ནས་གསེར་གྱི་རྟགས་མ་དང་། དངུལ་གྱི་རྟགས་མ། ཟངས་ཀྱི་རྟགས་མ་བཅས་དང་དེ་བཞིན“དམངས་གཞས་བརྒྱུད་གཏོང་གི་དམིགས་བསལ་ལེགས་སྐྱེས་བྱ་དགའ”དང“དམངས་གཞས་བརྒྱུད་གཏོང་གི་ལེགས་སྐྱེས་བྱ་དགའ” “དམངས་གཞས་བརྒྱུད་གཏོང་གི་གསར་ཐོན་མི་སྣའི་བྱ་དགའ”སོགས་བརྩོན་ལེན་བྱ་རྒྱུ་རེད།

  • ལེ་ཚན་སྔོན་མ།:ལི་ཁེ་ཆང་གིས་བོད་ལྗོངས་ལ་བརྟག་དཔྱད་གནང་བ།
  • ལེ་ཚན་རྗེས་མ།:ལི་ཁེ་ཆང་གིས་བོད་ལྗོངས་ཀྱི་བྱ་བར་རྟོག་ཞིབ་མཛད།
  • དོ་སྣང་ཆེ་བའི་རྩོམ།