ཀྲུང་གོ་གུང་ཁྲན་ཏང་ལ་མིག་སྔར་ཏང་ཡོན་ཁྲི8956.4དང་གཞི་རིམ་ཏང་རྩ་འཛུགས་ཁྲི457.2ཡོད།

        2018-07-05

    ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་སྤྱི་ཟླ6པའི་ཚེས30ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཏང་ནང་ཁུལ་གྱི་བསྡོམས་རྩིས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་དོན། 2017ལོའི་ལོ་མཇུག་བར་ཀྲུང་གོ་གུང་ཁྲན་ཏང་ལ་ཏང་ཡོན་ཁྱོན་བསྡོམས་ཁྲི8956.4ཡོད་པ་དེ་ལོ་གོང་མ་ལས་ཏང་ཡོན་ཁྲི11.7དངོས་འཕར་བྱུང་ཡོད། ཏང་གི་གཞི་རིམ་རྩ་འཛུགས་ཁྲི457.2ཡོད་པ་དེ་ལོ་གོང་མ་ལས་ཁྲི5.3མང་དུ་ཕྱིན་ཡོད། གྲངས་གཞི་ལས་མངོན་པར། དུས་བབ་གསར་པའི་འོག་གི་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་སྐོར་གྱི་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནུས་ལྡན་བྱས་པས། ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་ཟམ་མི་ཆད་པར་འཕེལ་ཡོད།

    ཏང་ཡོན་གྱི་སྤྱི་འབོར་བརྟན་པོའི་ཁྲོད་འཕར་བ་དང་ཏང་ཡོན་འཕེལ་རྒྱས་ཀྱི་སྤུས་ཚད་སྔར་བས་མཐོ་རུ་སོང་ཡོད། 2013ལོར་ཏང་ཡོན་འཕེལ་རྒྱས་ཀྱི་སྤྱི་འབོར་སྙོམས་སྒྲིག་ལག་བསྟར་བྱས་ཚུན་ཏང་ཡོན་གྱི་སྤྱི་འབོར་ལོར་ཆ་སྙོམས་དངོས་འཕར་བྱུང་ཚད་བརྒྱ་ཆ1.5ནང་ཚུན་དུ་ཚོད་འཛིན་བྱུང་ཡོད། 2017ལོར་རྒྱལ་ཡོངས་སུ་ཏང་ཡོན་ཁྲི198.2འཕེལ་རྒྱས་བཏང་བ་དེ་ལོ་གོང་མ་ལས་ཁྲི7.1མང་དུ་ཕྱིན་ཡོད། དེའི་ཁྲོད་ཐོན་སྐྱེད་དང་ལས་ཀའི་འཐབ་ས་དང་པོར་ཏང་ཡོན་ཁྲི100.6ཡོད་པ་དེས་བརྒྱ་ཆ50.8བཟུང་བ་དང་། ཆེད་ཚན་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ཏང་ཡོན་ཁྲི86.0ཟིན་པ་དེས་བརྒྱ་ཆ43.4བཟུང་བ། ལོ35དང་དེ་མན་གྱི་ཏང་ཡོན་ཁྲི161.3ཟིན་པ་དེས་བརྒྱ་ཆ81.4བཟུང་ཡོད། ཏང་ཡོན་དཔུང་ཁག་གི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་ཐེབས་ཡོད། ཏང་ཡོན་དཔུང་ཁག་ཁྲོད་ཆེད་ཚན་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ཏང་ཡོན་ཁྲི4328.6ལ་ཟིན་པ་དེས་བརྒྱ་ཆ48.3བཟུང་བ་དང་། བུད་མེད་ཏང་ཡོན་ཁྲི2388.8ཟིན་པ་དེས་བརྒྱ་ཆ26.7བཟུང་བ། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ཁྲི651.4ཟིན་པ་དེས་བརྒྱ་ཆ7.3བཟུང་ཡོད། གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་དཔུང་ཁག་གི་བྱང་ཚད་སྔར་བས་ལེགས་སུ་སོང་བ་དང་། གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཁྲི54.4ཡི་ཁྲོད་ཆེད་ཚན་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ཏང་ཡོན་གྱིས་བརྒྱ་ཆ17.4བཟུང་ཡོད། དེའི་ཁྲོད་ཕྱུག་འགྱུར་སྣེ་ཁྲིད་པས་བརྒྱ་ཆ46.1དང་། ཕྱིར་ལས་ཀར་བསྐྱོད་ནས་ཕ་ཡུལ་དུ་ལོག་པའི་མིས་བརྒྱ་ཆ6.8 གྲོང་གསེབ་ཀྱི་ཆེད་ལས་མཉམ་ལས་ཁང་གི་རྩ་འཛུགས་ཀྱི་འགན་འཁུར་བས་བརྒྱ་ཆ9.9 སློབ་ཆེན་ཐོན་པའི་གྲོང་དཔོན་གྱིས་བརྒྱ་ཆ0.5བཅས་བཟུང་ཡོད། སྡེ་ཁུལ་གྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཁྲི9.9ཡི་ཁྲོད་ཆེད་ཚན་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ཏང་ཡོན་གྱིས་བརྒྱ་ཆ59.9བཟུང་ཡོད།།


  • ལེ་ཚན་སྔོན་མ།:རིག་དངོས་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་ཤུགས་སྣོན་བྱས་ཏེ།སི་ཁྲོན་རིག་གནས་སྟོབས་ལྡན་གྱི་ཞིང་ཆེན་དུ་བསྐྲུན་པར་སྐུལ་འདེད་གཏང་དགོས།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱིས་སྔོན་ཐོན་བཟོ་སྐྲུན་གྱི་ལྡེ་མིག་དམ་པོ་བཟུང་བ།
  • དོ་སྣང་ཆེ་བའི་རྩོམ།