《གླིང་གེ་སར་སྒྲུང་ 》བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བར་གཡུར་ཟའི་གྲུབ་འབྲས་ཐོབ།

ཡེ་ཤེས་ཀྱིས་བསྡུས་བསྒྱུར་བྱས།        2018-06-22

    ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་ཚན་རིག་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འཛམ་གླིང་ཐོག་ཆེས་རིང་བའི་དཔའ་བོའི་ལོ་རྒྱུས་མཚོན་པའི་སྙན་ངག《གླིང་གེ་སར་སྒྲུང་》དེ་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བའི་ལས་གཞི་ལ་གྲུབ་འབྲས་ལེགས་པོ་ཐོབ་པ་དང་། 《རྟ་རྒྱུག་རྒྱན་འཇོག》དང་།《མདའ་མོ་དངུལ་རྫོང་》། 《མི་ཉག་གསེར་རྫོང་》། 《ལྷོ་ཐའེ་སུ་(སྟོད་ཆ)》། 《བྱེ་རིའི་བྱུར་རྫོང་(སྨད་ཆ)》བཅས་དཔེ་དེབ་ལྔ་ཉེ་ཆར་དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད་པ་རེད།

    དེ་ནས《གླིང་གེ་སར་སྒྲུང》བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བའི་ལས་གཞི་ཡིས་དཔེ་དེབ10དཔེ་སྐྲུན་བྱས་ཚར་ཏེ་ལས་གཞི་སྤྱི་གྲངས་ཀྱི་གསུམ་ཆ་གཅིག་ཟིན་པ་རེད།

    《གླིང་གེ་སར་སྒྲུང་》བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བའི་ལས་གཞི་ནི་བོད་རང་སྐྱོང་ལྗོངས་ཀྱི་གལ་ཆེན་བའི་རིག་གནས་ལས་གཞི་ཡིན་ཏེ། 2014ལོར་འགོ་བཙུགས་ནས་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི766བཏང་ཡོད། ལས་གཞི་དེ་སྒྲུང་དེབ45(དེབ48)ཀྱི་སྒྱུ་རྩལ་པ་བསམ་གྲུབ་ཀྱིས་ལེན་པའི་《གླིང་གེ་སར་སྒྲུང་》དེ་མ་དཔེ་བྱས་ཏེ། པེ་ཅིན་དང་ཀན་སུའུ། མཚོ་སྔོན། བོད་ལྗོངས་བཅས་ཀྱི་ཆེད་རམས་པ་མི50ཙམ་སྒྲིག་འཛུགས་བྱས་ཏེ་ཡིག་བསྒྱུར་བྱེད་པར་ཞུགས་ཡོད། 2017ལོར《ལྷ་གླིང་གབ་རྩེ་དགུ་སྐོར》དང་། 《འདན་མའི་ནས་རྫོང་》《མོན་གླིང་གཡུལ་འགྱེད》སོགས་ཚུད་པའི་ཚན་པ་དང་པོའི་དཔེ་དེབ་ལྔ་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་ནས་དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད། 2009ལོར《གླིང་གེ་སར་སྒྲུང་》དེ་འཛམ་གླིང་ཐོག་གི་གཟུགས་མེད་རིག་གནས་ཤུལ་བཞག་ནང་དུ་བདམས་ཐོན་བྱུང་བ་རེད།


  • ལེ་ཚན་སྔོན་མ།:བོད་རྒྱལ་མོ་ཚ་བ་རོང་ནས་ཕ་སྐད་གླུ་མ་འདི་འདྲ་ཞིག་ཐོན་བྱུང་།
  • ལེ་ཚན་རྗེས་མ།:བོད་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གར་གྱི་སྐྱེ་སྟོབས་སླར་ཡང་རྒྱས།
  • དོ་སྣང་ཆེ་བའི་རྩོམ།