ད་ལོར་བོད་ལྗོངས་ཀྱིས་ཀྲུང་དབྱང་གི་དངུལ་གཏོང་སྒོར་དུང་ཕྱུར466དངོས་འབེབས་བྱེད་རྒྱུ་རེད།

    ཀྲུང་གོ་བོད་ཀྱི་དྲ་བ།    2015-03-31

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པསབོད་ལྗོངས་ཀྱི་འཕེལ་རྒྱས་དང་བཅོས་བསྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་མཇུག་བསྡུ་བའི་ལོ་ཡིན་ཞིང་། རྣམ་གྲངས་དང་བྱ་བ་སོ་སོར་ཤུགས་སྣོན་བྱེད་པའི་གནད་འགག་གི་དུས་རིམ་ལ་བསླེབས་ཡོད། དེ་བས་བོད་ལྗོངས་ཀྱིས་རྣམ་གྲངས་ཐད་ཀྱི་དངུལ་གཏོང་དངོས་འབེབས་བྱ་བར་མི་མཐུད་དུ་ཤུགས་བསྣན་ཏེ། གཏན་འཇགས་རྒྱུ་ནོར་ཐད་ཀྱི་དངུལ་གཏོང་སྒོར་དུང་ཕྱུར1300ལས་བརྒལ་རྒྱུ་དང་། ཀྲུང་དབྱང་གི་དངུལ་གཏོང་སྒོར་དུང་ཕྱུར466དངོས་འབེབ་བྱས་ཏེ། རྣམ་གྲངས་འཛུགས་སྐྲུན་བྱ་བའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་ནས། རྣམ་གྲངས་གལ་ཆེན་སྐོར་ཞིག་ཞིབ་འཇུག་དང་འཆར་འགོད་ལེགས་པོ་བྱས་ཏེ། བོད་ལྗོངས་ཀྱི་རྨང་གཞི་སྒྲིག་ཆས་རྗེས་ལུས་ཡིན་པའི་རྣམ་པ་སྒྱུར་བར་ཁག་ཐེག་བྱ་རྒྱུ་རེད།

རྒྱུས་ལོན་ལྟར་ན། ད་ལོར། བོད་ལྗོངས་ཀྱིས་སྲིད་གཞུང་དང་དམངས་ཁྲོད་ཀྱི་དངུལ་གཏོང་བྱ་བར་ཤུགས་བསྣན་ཏེ། གཏན་འཇགས་རྒྱུ་ནོར་ཐད་ཀྱི་དངུལ་གཏོང་སྒོར་དུང་ཕྱུར1300ལས་བརྒལ་ཏེ20%འཕར་བར་བརྩོན་ལེན་བྱ་རྒྱུ་དང་། ཧུར་ཐག་གིས་འབྲེལ་གཏུགས་བྱས་ཏེ། རྒྱབ་སྐྱོར་བརྩོན་ལེན་བྱས་ནས། ཀྲུང་དབྱང་གི་དངུལ་གཏོང་སྒོར་དུང་ཕྱུར466དངོས་འབེབས་བྱས་ཏེ། ཀྲུང་དབྱང་གི་ཁེ་ལས་དང་འབྲེལ་གཏུགས་བྱས་པ་བརྒྱུད་དེ། ནུས་ཁུངས་དང་། གཏེར་ཁུངས། འཕྲིན་སྐྱེལ་སོགས་ཀྱི་འཆར་འགོད་རྣམ་གྲངས་དངོས་འབེབས་བྱེད་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་པ་དང་ཆབས་ཅིག དམངས་ཁྲོད་དངུལ་རྩ་དག་བོད་ལྗོངས་ཀྱི་སྤྱི་ཚོགས་ཞབས་ཞུ་ཁྱབ་ཁོངས་དང་། གྲོང་ཁྱེར་སྲིད་གཞུང་གི་སྤྱི་སྤྱོད་སྒྲིག་ཆས་ཁྱབ་ཁོངས། རྨང་གཞི་སྒྲིག་ཆས་གལ་ཆེན་གྱི་ཁྱབ་ཁོངས། ཐོན་ལས་འཕེལ་རྒྱས་གཙོ་བོའི་ཁྱབ་ཁོངས་ཀྱི་འཛུགས་སྐྲུན་དང་འཁོར་སྐྱོད་ཁྲོད་ཞུགས་པར་སྣེ་ཁྲིད་བྱས་ཏེ། དམངས་ཁྲོད་དངུལ་གཏོང་བྱ་བ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བར་མངོན་འགྱུར་བྱ་རྒྱུ་རེད།  །

  • ལེ་ཚན་སྔོན་མ།:༼སྐྱ་རེངས་མེད་པའི་དབྱར་ཁ༽ཞེས་པའི་གློག་བརྙན་དྲ་ལམ་དུ་བཏང་།
  • ལེ་ཚན་རྗེས་མ།:རྔ་བ་ཁུལ་གྱི་ཐོག་མའི་ཚོད་སྤྱོད་ཀློག་དེབ་བདུན་པར་དུ་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།