ཁྲུང་ཆིང་དང་བོད་ལྗོངས་ཀྱིས་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར16.3གྱི་བོད་ཁུལ་གྱི་གློག་ཁྲུང་ཆིང་དུ་གཏང་རྒྱུའི་གྲོས་མཐུན་ཡི་གེ་བཞག

གངས་སྐྱིད་ཀྱིས་བསྒྱུར།        2018-06-14

    ཞིན་ཧྭ་གསར་འགྱུར་ཁང་ཁྲུང་ཆིང་ནས་འབྱོར་བའི་གཏམ་གསར། རྒྱལ་ཁབ་གློག་དྲྭ་སྤྱི་གཉེར་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར16.3གྱི་བོད་ཁུལ་གྱི་གློག་དེ་ཁྲུང་ཆིང་དུ་འདྲེན་རྒྱུའི་སྒྲོམ་གཞིའི་གྲོས་མཐུན་ཡི་གེ་དེ་སྤྱི་ཟླ5པའི་ཚེས29ཉིན་ཁྲུང་ཆིང་དུ་བཞག་པ་རེད། གྲོས་མཐུན་ཡི་གེ་དེ་ནི་ད་ལྟའི་བར་བོད་ཁུལ་གྱི་གློག་ཕྱིར་གཏང་རྒྱུའི་གྲོས་མཐུན་ཡི་གེ་ཆེས་ཤོས་ཤིག་ཡིན་པ་རེད། 2018ལོ་ནས2020ལོའི་བར། བོད་ལྗོངས་ཀྱིས་ལོ་རེ་བཞིན་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར1.0དང་། ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར7.3 ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར8.0ཡི་བཙོག་མེད་དྭངས་གཙང་གི་གློག་ཤུགས་དེ་ཁྲུང་ཆིང་དུ་གཏང་རྒྱུ་ཡིན་པ་རེད།

    བོད་ཁུལ་གྱི་གློག་ཁྲུང་ཆིང་དུ་གཏང་རྒྱུའི་གྲོས་མཐུན་ཡི་གེ་བཞག་པར་ཕྱོགས་བཞིའི་ཐད་ནས་རོགས་རམ་ཐོབ་པ་སྟེ། གཅིག་ནི་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཁེ་ཕན་ཐོབ་སྟེ་ཁྲུང་ཆིང་གི་ཚད་ལྡན་རྡོ་སོལ་ཏུན་ཁྲི48.9དང་དབྱངས་གཉིས་སྲོལ་འགྱུར་ཏུན་ཁྲི162.5ཉུང་དུ་གཏོང་བར་སྐུལ་འདེད་གཏོང་ཐུབ། གཉིས་ནི་བོད་ཁུལ་གྱི་གློག་ཕྱིར་གཏོང་བའི་རྣམ་པ་གསར་པ་འཛུགས་སྐྱོང་བྱས་ནས་གཙོ་བོ་ཕྱིར་གཏོང་བའི་གློག་ལམ་སྔར་བས་གསལ་པོར་བརྟེན། ཕྱིར་གཏོང་བའི་ཚོང་ར་རྒྱུན་ཆད་མེད་པ་རྒྱ་སྐྱེད་གཏང་ཐུབ་པ་རེད། གསུམ་ནི་ས་གནས་ཀྱི་གློག་ཤུགས་འགན་སྲུང་ཇེ་དྲག་དང་གློག་ཤུགས་བརྒྱུད་ལམ་ཕུན་སུམ་ཚོགས་པོར་བྱུང་ནས་ཁྲུང་ཆིང་ས་ཁུལ་གྱི་གློག་སྤྱོད་རྒྱུ་མི་འདང་བའི་དཀའ་གནད་སེལ་ཐུབ། བཞི་ནི་ས་གནས་ཁེ་ལས་ཀྱི་དཔལ་འབྱོར་ཕན་ནུས་མཐོ་རུ་གཏོང་ཐུབ་པ་དང་། བོད་ལྗོངས་ཀྱི་གློག་འདོན་ཁེ་ལས་ཀྱིས་ཡོང་འབབ་སྒོར་དུང་ཕྱུར3.3བསྐྲུན་པར་རོགས་རམ་བྱ་ཐུབ་པ་རེད།

    2015ལོ་ནས་བོད་ཁུལ་གྱི་གློག་ཕྱིར་ཐེངས་དང་པོ་བཏང་བ་ནས 2017ལོའི་ལོ་མཇུག་བར། བོད་ལྗོངས་ཀྱི་གློག་ཕྱིར་གཏོང་ཚད་རིམ་རྩིས་བྱས་ན་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར21.9ལ་ཟིན་པ་རེད། 


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཛའ་བཤེས་དན་རྟགས་གནང་།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཧྲན་ཏུང་ཡན་ཐའེ་ཡི་བྱ་བར་རྟོག་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།