སི་ཁྲོན་གྱིས་རྒྱལ་ཁབ་ཀྱི་ཡིག་ཚགས་གལ་ཆེན་ཁྲི195ལྷག་ཉར་ཚགས་བྱས།

    གངས་ལྗོངས་ཉི་གཞོན་དྲ་བ།    2018-05-24

  ཉེ་ཆར། གསར་འགོད་པས་ཁྲེང་ཏུའུ་གྲོང་ཁྱེར་རུ་བསྡུ་འཚོགས་བྱས་པའི་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ཀྱི་ཡིག་ཚགས་གལ་ཆེན་སྲུང་སྐྱོང་དང་གསར་སྦོལ་རྣམ་གྲངས་བྱ་བའི་གསབ་སྦྱོང་ཚོགས་ཐོག་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན།   རང་རེའི་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་ཡིག་ཚགས་གལ་ཆེན་མྱུར་སྐྱོབ་དང་སྲུང་སྐྱོང་བྱེད་པའི་བྱ་བའི་ཐད་དུ་དུས་རིམ་རང་བཞིན་གྱི་ཕན་འབྲས་ཐོབ་ཡོད་ཅིང་།  ན་ནིང་ལོ་མཇུག་བར་དུ་སླེབས་དུས།   ཞིང་ཆེན་ཡོངས་ཀྱིས་རྒྱལ་ཁབ་ཀྱི་ཡིག་ཚགས་གལ་ཆེན་ཁྲི195ལྷག་ཉར་ཚགས་གང་ལེགས་བྱས་པས།  རྒྱལ་ཁབ་ཀྱི་ཡིག་ཚགས་གལ་ཆེན་སྲུང་སྐྱོང་དང་གསར་སྦོལ་བྱེད་པའི་རྣམ་གྲངས་ཁག་ཞིག་གོ་རིམ་ཡོད་པའི་སྒོས་ལག་བསྟར་བྱེད་བཞིན་ཡོད་པ་རེད། 
 རྒྱལ་ཁབ་ཀྱི་ཡིག་ཚགས་གལ་ཆེན་ནི་རང་རེའི་ཞིང་ཆེན་གྱིས་ཡིག་ཚགས་ཐོན་ཁུངས་ཉར་ཚགས་བྱེད་པའི་དངོས་རྫས་རྩ་ཆེན་ཡིན་པས།  དེར་མྱུར་སྐྱོབ་དང་སྲུང་སྐྱོང་།   གསར་སྦོལ་བྱ་རྒྱུ་རྣམས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་།  ཡིག་ཚགས་སྡེ་ཁག་བཅས་ཀྱི་གཙོ་གནད་བྱ་བའི་ཁྲོད་དུ་བཞག་ཡོད་སྟབས།  ཕན་འབྲས་ཡོད་པའི་སྒོས་སྐུལ་སྤེལ་བྱ་དགོས་ལ།  ཞིང་ཆེན་ཡོངས་སུ་ཏེང་ཞའོ་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཕན་ཀྲི་ཧྭ་ལ་རྟོག་ཞིབ་གནང་བའི་ཡིག་ཚགས་གལ་ཆེན་བསྡུ་ལེན་དང་གསར་སྦོལ།  ཆང་རིགས་ཀྱི་པར་རིས་ལ་བརྟེན་ནས་གནའ་བོའི་ཆང་རིགས་རིག་གནས་མངོན་པ་མཚོན་པའི་བསྟན་བཅོས།  ལྗར་འགོག་དམག་འཁྲུག་སྐོར་གྱི་ཡིག་ཚགས་ཕྱོགས་བསྒྲིགས་སོགས་རྣམ་གྲངས18རྒྱལ་ཁབ་ཀྱི་ཡིག་ཚགས་གལ་ཆེན་གསར་སྦོལ་ལས་འགན་ཁྲོད་དུ་བཞག་ཡོད་ལ།  རྒྱལ་ཁབ་ཀྱི་ཡིག་ཚགས་གལ་ཆེན་ཁྲི780ལྷག་གི་དཀར་ཆག་རྩོམ་སྒྲིག་གི་རྣམ་གྲངས་ལ་རྒྱལ་ཁབ་ཀྱི་ཆེད་སྤྱོད་མ་དངུལ་ཐད་ནས་རྒྱབ་སྐྱོར་ཐོབ་ཡོད་པ་རེད།   རྒྱལ་ཁབ་ཀྱི་ཡིག་ཚགས་གལ་ཆེན་གྱི་དཀར་ཆག་རྩོམ་སྒྲིག་བྱེད་པའི་རྣམ་གྲངས་གོང་ཞུ་བྱེད་པའི་ནང་གྲོང་ཁྱེར་དང་རང་སྐྱོང་ཁུལ21གི་རྫོང་དང་རྫོང་རིམ་པའི་གྲོང་ཁྱེར་དང་ཆུས་བཅས100ཡི་ཡིག་ཚགས་ཁང་དང་འབྲེལ་བ་ཡོད་པས།  མིག་སྔར་རྒྱལ་ཁབ་ཀྱི་ཡིག་ཚགས་གལ་ཆེན་ཁྲི400ལྷག་གི་དཀར་ཆག་རྩོམ་སྒྲིག་བྱས་ཚར་བ་རེད།།

  • ལེ་ཚན་སྔོན་མ།:པདྨ་རྫོང་ནས་གནའ་བོའི་བྲག་བརྐོས་རི་མོ་རྙེད་པ།
  • ལེ་ཚན་རྗེས་མ།:ཁམས་ཁོར་ཡུག་ཡག་པོ་ནི་ཀུན་ཕན་གྱི་དམངས་འཚོ་ཡིན།
  • དོ་སྣང་ཆེ་བའི་རྩོམ།