རང་རྒྱལ་གྱི་གནམ་ཐང་གྲུ་གཟིངས་ཨང་གཉིས་པ་ཐོག་མར་རྒྱ་མཚོར་འགྲོ་བའི་ཚོད་ལྟ་བྱས།

ཀྲུང་གོ་བོད་ཀྱི་དྲ་བ།        2018-05-17

   ཟླ5ཚེས13ཉིན། རང་རྒྱལ་གྱི་གནམ་ཐང་གྲུ་གཟིངས་ཨང་གཉིས་པ་ཏ་ལེན་གྲུ་གཟིངས་བཟོ་གྲྭའི་གྲུ་ཁ་ནས་བསྐྱོད་འགོ་ཚུགས་ཡོད། འབྲེལ་ཡོད་མཚོ་ཁོངས་ཀྱི་མཚོ་ཐོག་ཏུ་ཚོད་ལྟའི་ལས་འགན་ལག་བསྟར་བྱེད་པར་བསྐྱོད་པ་དང་། གཙོ་བོ་སྒུལ་ཤུགས་མ་ལག་སོགས་སྒྲིག་ཆས་ཀྱི་བློས་འགེལ་རང་བཞིན་དང་བརྟན་པོའི་རང་བཞིན་ལ་ཞིབ་དཔྱད་ར་སྤྲོད་བྱས་ཡོད་པ་རེད།

   ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ཟླ4ཚེས26ཉིན་ཆུ་ལ་བསྐྱོད་ནས་བཟུང་། གནམ་ཐང་གྲུ་གཟིངས་ཨང་གཉིས་པ་བཟོ་བའི་ལས་དོན་འཆར་གཞི་ལྟར་གོམ་སྟབས་བརྟན་པོའི་ངང་སྐུལ་འདེད་བཏང་ནས། མ་ལག་སྒྲིག་ཆས་སྙོམས་སྒྲིག་ཚོད་ལྟ་དང་། གྲུ་ཆས་བཟོ་སྐྲུན་དང་འབྲེལ་ཡོད་གྲུ་ཚུགས་ཚོད་ལྟ་ལེགས་གྲུབ་བྱུང་ཡོད། མཚོ་ཐོག་ཏུ་ཚོད་ལྟར་སྐྱོད་པའི་ལག་རྩལ་གྱི་ཆ་རྐྱེན་འཛོམས་ཡོད་པ་རེད།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཐང་གྲུ་གཟིངས་ཐོག་མ་དེ་གྲུ་ཁ་ནས་ཁ་གྱེས།
  • དོ་སྣང་ཆེ་བའི་རྩོམ།