བོད་ཀྱི་བུ་མོ་4གནམ་གྲུའི་ནང་གི་ཞབས་ཞུ་མར་འགྱུར་ངེས་པ།

    མི་དམངས་དྲ་བ།    2018-05-15

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། "ལྔ་གཅིག"དུས་ཆེན་རྗེས་ཀྱི་གཟའ་འཁོར་དང་པོར། ལོ་20ལོན་པའི་མཚོ་སྔོན་མགོ་ལོག་བུ་མོ་ལྷ་དགེ་སྒྲོལ་མ་ལ་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་གཟུགས་པོ་བརྟག་དཔྱད་ཀྱི་བརྡ་ཐོ་འབྱོར་བ་རེད། ཁོང་མོ་དང་དོན་དགེ། བདེ་ཆེན་སྒྲོལ་མ། ཚེ་རིང་སྐྱིད་མཉམ་དུ་གནམ་གྲུའི་ནང་གི་ཞབས་ཞུ་མར་འགྱུར་བའི་རེ་བ་ཡོད་པ་རེད། 2015ལོར། གནད་སྨིན་དབུལ་སྐྱོར་གྱི"ཧྲང་ཧའེ---མགོ་ལོག་ལག་རྩལ་སློབ་གསོ་མཉམ་འབྲེལ"དབུ་བརྙེས་པ་དང་། མགོ་ལོག་གི་བུ་མོ་19ཐེངས་དང་པོར་ཕ་ཡུལ་ནས་ཐོན་ཏེ། ལེ་བ་སྟོང་གི་ཕ་རོལ་ཏེ་ཧྲང་ཧའེ་ཕུའུ་ཏུང་ཕྱི་དོན་སློབ་གྲྭར་སློབ་གཉེར་དང་འཚོ་བར་རོལ་བ་རེད། ད་ཆར། བུ་མོ་4ནི་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་བོད་ཀྱི་གནམ་གྲུ་ཞབས་ཞུ་མར་འགྱུར་ངེས་ཡོད་པ་རེད། 

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཝུན་ཁྲོན་ས་འགུལ་བརྒྱུགས་ནས་ལོ་འཁོར་བཅུ་ལོན་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་དང་སྐམ་ས་ཆེན་པོའི་ས་འགུལ་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་སྐབས་བཞི་བ་
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་དང་ཨ་ཀེན་ཐིན་གྱི་ཙུང་ཐུང་མ་ཁི་ལིས་རྣམ་གཉིས་ཀྱིས་ཕན་ཚུན་ལ་འཕྲིན་ཡིག་བསྐུར།
  • དོ་སྣང་ཆེ་བའི་རྩོམ།