ལི་ཁེ་ཆང་གིས་རྒྱལ་ཡོངས་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་ལས་དོན་གྲོས་ཚོགས་ཐོག་གལ་ཆེའི་མཆན་བཀོད་མཛུབ་སྟོན་གནང་བ།

    མི་དམངས་དྲ་བ།    2018-05-02

  རྒྱལ་ཡོངས་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་ལས་དོན་གྲོས་ཚོགས་སྤྱི་ཟླ༤ཚེས༢༦ཉིན་ཀྲེ་ཅང་ཞིང་ཆེན་གྱི་ཨན་ཇིར་སྐོང་འཚོགས་བྱས་པ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གལ་ཆེའི་མཆན་བཀོད་མཛུབ་སྟོན་གནང་ཡོད་པ་རེད།
  མཆན་བཀོད་མཛུབ་སྟོན་ནང་། གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱེད་རྒྱུ་ནི་ཤང་གྲོང་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་གལ་ཆེའི་ལས་འགན་ཞིག་ཡིན་ལ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པ་བྱེད་པའི་གཞི་རྩའི་བླང་བྱ་ཡང་ཡིན་པས་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་སྐྱེ་ཁམས་གནས་སྡོད་ལ་འཚམས་པ་དང་མཛེས་སྡུག་ལྡན་པའི་ཤང་གྲོང་འཛུགས་སྐྲུན་ཡག་པོ་བྱེད་དགོས་པའི་སྐོར་གྱི་གལ་ཆེའི་མཛུབ་སྟོན་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱེད་པ། རྒྱུད་མཐུད་འབད་བརྩོན་བྱས་པ་བརྒྱུད་མངོན་བསལ་དོད་པའི་གཞན་ཆ་སེལ་མགྱོགས་སུ་གཏོང་བ། གྲོང་ཚོའི་རྣམ་པ་ལེགས་བཅོས་བྱེད་པ། གྲོང་གསེབ་ཀྱི་གནས་སྡོད་ཁོར་ཡུག་ཚད་གཞི་ཟམ་མི་ཆད་པར་མཐོ་རུ་བཏང་ནས་སྐྱེ་ཁམས་ཤེས་དཔལ་ལྡན་པ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་འཁོད་ཡོད་པ་རེད།


  • ལེ་ཚན་སྔོན་མ།:ཁྲོན་བོད་ལྕགས་ལམ་གཡག་རྔ་དང་ཁྲེང་ཏུའུ་བར་གྱི་ལམ་དུམ་གྱི་སྒྲོམ་གཞི་སྒྲིག་བཀོད་ལེགས་འགྲུབ་བྱུང་བ།
  • ལེ་ཚན་རྗེས་མ།:《མེ་ལོང་ཀུན་གསལ་》ཞེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱེད་པ།
  • དོ་སྣང་ཆེ་བའི་རྩོམ།