ཚངས་དབྱངས་རྒྱ་མཚོ་སྐུ་འཁྲུངས་ནས་ལོ་ངོ་335འཁོར་བར་དྲན་གསོ་ཞུས་པ།

    མི་དམངས་དྲ་བ།    2018-04-25

ཚངས་དབྱངས་རྒྱ་མཚོ་སྐུ་འཁྲུངས་ནས་ལོ་ངོ་335འཁོར་བར་དྲན་གསོ་ཞུས་པ།

     བོད་ཟླ་3ཚེས་1ནི་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་སྐུ་འཁྲུངས་ནས་ལོ་ངོ་335འཁོར་བའི་དྲན་གསོའི་ཉིན་མོ་ཡིན་ཞིང་། ལོ་རེའི་བོད་ཟླ་3ཚེས་1ཉིན་ལ་བོད་ལྗོངས་སུ་ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་འགོ་ཚུགས་པ་རེད།
     ཉེ་ཆར། ཚངས་དབྱངས་རྒྱ་མཚོའི་སྙན་ངག་ཞེས་པ་བརྗོད་གཞི་བྱས་ནས་ཡིག་གཟུགས་དང་ཐང་ག་འགྲེམས་སྟོན་བོད་རང་སྐྱོང་ལྗོངས་མང་ཚོགས་རིག་གནས་སྒྱུ་རྩལ་ཁང་དུ་གཟབ་རྒྱས་ངང་ཚོགས་པ་དང་། བོད་རྒྱ་ཡིག་གཉིས་ཀྱི་ཡིག་གཟུགས་ཡག་ཤོས་ཀྱི་བརྩམས་ཆོས་100འགྲེམས་སྟོན་བྱས་ཡོད་ལ། ཐེངས་འདིའི་འགྲེམས་སྟོན་གྱི་དམིགས་ཡུལ་ནི་དམངས་ཡོངས་ལ་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཀྱི་ནང་དོན་དང་དོན་སྙིང་གལ་ཆེན་ཤེས་བཅུག་པ་དང་། མང་ཚོགས་ཀྱིས་ཡིག་གཟུགས་དང་ཐང་གའི་བརྩམས་ཆོས་བརྒྱུད་ནས་ཚངས་དབྱངས་རྒྱ་མཚོའི་ངོ་མཚར་ཆེ་བའི་སྒྱུ་རྩལ་དང་རིག་གནས་ཀྱི་རིན་ཐང་མྱོང་ཚོར་ཐུབ་དུ་བཅུག་ཡོད་པ་རེད།

ཚངས་དབྱངས་རྒྱ་མཚོ་སྐུ་འཁྲུངས་ནས་ལོ་ངོ་335འཁོར་བར་དྲན་གསོ་ཞུས་པ།
     ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་གྱི་མུ་འབྲེལ་བྱེད་སྒོ་རུ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དང་། ཚངས་དབྱངས་རྒྱ་མཚོ་མུ་འབྲེལ་རིག་གནས་འཆད་ཁྲིད། སྐབས་གཉིས་པའི་ཚངས་དབྱངས་རྒྱ་མཚོའི་རིག་གཞུང་བགྲོ་གླེང་ཚོགས་འདུ་བཅས་འཚོག་རྒྱུ་ཡིན་པ་རེད།

  • ལེ་ཚན་སྔོན་མ།:བོད་རང་སྐྱོང་ལྗོངས་ཀྱི་དགེ་འདུན་པ་9ལ་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་པ།
  • ལེ་ཚན་རྗེས་མ།:ཡོངས་འཛིན་འཚོལ་བཤེར་གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་གྲུབ་འབྲས་འགྲེམ་སྟོན་སྐབས་དང་པོར་ཞུགས་པ།
  • དོ་སྣང་ཆེ་བའི་རྩོམ།