མི་རིགས་ལག་རྩལ་གྱིས་ཕྱུག་འགྱུར་ལམ་བུ་གཏོད།

        2018-04-20

 

མི་རིགས་ལག་རྩལ་གྱིས་ཕྱུག་འགྱུར་ལམ་བུ་གཏོད།

  ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་བཀྲ་བསྟན་མི་རིགས་རིག་གནས་ལག་ཤེས་བཟོ་ལས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་ནི2014ལོར་བཙུགས་པ་ཞིག་ཡིན་ཞིང་། སྤྱི་གཉེར་ཁང་འདི་ཉིད་རི་བོ་ཆེ་རྫོང་ཐོན་ལས་གླིང་དུ་གནས་ཡོད་པ་དང་མིག་སྔར་སྤྱི་གཉེར་ཁང་གི་གཏན་འཇགས་རྒྱུ་ནོར་ཁྲི་སུམ་བརྒྱ་ལྷག་ཙམ་ཟིན་གྱི་ཡོད་པ་རེད། སྤྱི་གཉེར་ཁང་བཙུགས་པ་ནས་བཟུང་སྔ་རྗེས་སུ་རིན་པ་མི་དགོས་པར་ས་གནས་དེ་གའི་ཤང་དང་གྲོང་རྡལཡི་ཞིང་འབྲོག་པ་ན་གཞོན200ལྷག་ལ་ལག་ཤེས་བསླབས་ཡོད་ཅིང་། དེའི་ཁྲོད་ཁྱིམ་ཚང་དབུལ་པོའི་མི70ཡོད། ད་ལྟ་དགེ་ཕྲུག་མང་ཆེ་བ་སྤྱི་གཉེར་ཁང་ནས་སྦྱངས་པའི་ལག་ཤེས་ལ་བརྟེན་ནས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་བུའི་ཐོག་སྐྱོད་བཞིན་ཡོད། འདི་ནི་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་བཀྲ་བསྟན་མི་རིགས་རིག་གནས་ལག་ཤེས་བཟོ་ལས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གི་དགེ་རྒན་གྱིས་དགེ་ཕྲུག་ལ་ཐང་ག་བཞེངས་སྟངས་སློབ་བཞིན་བཞིན་པའི་ཚུལ་རེད།།

 


  • ལེ་ཚན་སྔོན་མ།:མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་མི་ཏ་ཞི་ཝས་ཀྲུང་གོས་དབུལ་པོ་སེལ་ཐབས་བྱས་པར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་ཅེས་གསུངས།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཧའེ་ནན་ཞིང་ཆེན་དུ་གཟིགས་ཞིབ་གནང་བ།
  • དོ་སྣང་ཆེ་བའི་རྩོམ།