སི་ཁྲོན་གྱིས་སློབ་སྦྱོང་ཆེན་མོ་དང་བགྲོ་གླེང་ཆེན་མོ། རྟོག་ཞིབ་ཆེན་མོ་ཞེས་པའི་བྱེད་སྒོ་སྤེལ་རྒྱུ་རེད།

    གངས་ལྗོངས་ཉི་གཞོན་དྲ་བ།    2018-04-18

   ཞིང་ཆེན་ཏང་ཨུའི་ཐག་གཅོད་ལྟར། སྤྱི་ཟླ་4པའི་ཚེས་16ཉིན་ནས་སྤྱི་ཟླ་9པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་སུ་སློབ་སྦྱོང་ཆེན་མོ་དང་བགྲོ་གླེང་ཆེན་མོ། རྟོག་ཞིབ་ཆེན་མོ་ཞེས་པའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད། ཉེ་ཆར། ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིང་གིས་《ཞིང་ཆེན་ཡོངས་སུ་སློབ་སྦྱོང་ཆེན་མོ་དང་བགྲོ་གླེང་ཆེན་མོ། རྟོག་ཞིབ་ཆེན་མོ་ཞེས་པའི་བྱེད་སྒོ་སྤེལ་བའི་སྐོར་གྱི་བརྡ་སྦྱོར།》བཀྲམ་སྟེ་འབྲེལ་ཡོད་ལས་ཀར་བཀོད་སྒྲིག་བྱས།
  《བརྡ་སྦྱོར》ལས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སོ་ཁྲོན་ཀྱི་ལས་ཀའི་ཐད་བཏོན་པའི་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་བཅས་བྱས་ནས་ཞིང་ཆེན་ཡོངས་སུ་སློབ་སྦྱོང་ཆེན་མོ་དང་བགྲོ་གླེང་ཆེན་མོ། རྟོག་ཞིབ་ཆེན་མོ་ཞེས་པའི་བྱེད་སྒོ་སྤེལ་རྒྱུ་ནི་མིག་སྔར་ཞིང་ཆེན་ཡོངས་སུ་ཁྱོན་ཡོངས་དང་འབྲེལ་ཞིང་དགོས་གལ་ཆེ་བའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན་པས། ལས་དོན་འདི་དམ་འཛིན་ཡག་པོ་བྱས་ཚེ། གཉིས་སློབ་གཅིག་བྱེད་ཀྱི་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་རྒྱུན་མཐུད་ངང་སྐུལ་འདེད་དང་གོམ་གང་མདུན་སྤོས་སྒོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་“སི་ཁྲོན་ལེའུ”ཡི་ཤེས་རྟོག་དང་ངོས་འཛིན་གཏིང་ཟབ་ཏུ་བཏང་སྟེ་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོར་འདེགས་སུ་གཏོང་ཐུབ་པར་མ་ཟད། གནད་དོན་གྱི་ཕྱོགས་སྟོན་རྒྱུན་འཁྱོངས་བྱེད་པའི་ཐད་ལའང་ཉམས་མྱོང་ཕྱོགས་བསྡོམས་བྱེད་པའི་རྨང་གཞིའི་སྟེང་འབུར་དུ་ཐོན་པའི་གནད་དོན་འཚོལ་ཞིབ་བྱས་ཏེ། གོམ་གང་མདུན་སྤོས་ཀྱིས་བསམ་བློ་བཅིང་འགྲོལ་དང་ཞིང་ཆེན་གྱི་གནས་ཚུལ་ལ་ངོས་འཛིན་གཏིང་ཟབ་བྱེད་པ། སི་ཁྲོན་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ལ་ངོས་འཛིན། སི་ཁྲོན་དར་སྤེལ་དང་བཅོས་སྐྱོང་གི་འཐབ་ཇུས་ཇུས་ཆོད་དང་བྱེད་ཐབས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། དོན་དང་མཐུན་པར་ལས་བྱེད་པའི་སྤྱོད་ལམ་ལེགས་བསྒྱུར། “དྲང་གསུམ་ནན་གསུམ”གྱི་བླང་བྱ་ལྟར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཇུས་ཆོད་ཆེན་པོ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བ། སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་ཆེན་པོ་ལྡན་པ་རེད།།
  《བརྡ་སྦྱོར》ལས་རིམ་པ་སོ་སོའི་ཏང་ཨུས་ཚད་མཐོན་པོའི་མཐོང་ཆེན་བྱས་ཏེ་སློབ་སྦྱོང་ཆེན་མོ་དང་བགྲོ་གླེང་ཆེན་མོ། རྟོག་ཞིབ་ཆེན་མོ་ཞེས་པའི་བྱེད་སྒོ་ཉིན་རྒྱན་གྱི་ལས་ཀའི་གྲོས་རིམ་ཁྲོད་བཞག་ནས་འགན་ཁུར་བློ་མཐུན་གཙོ་བོས་དངོས་སུ་དམ་འཛིན་བྱེད་པ་དང་། ཇུས་གཞི་གཏན་འབེབས་བྱས་ནས་སྒྲིག་འཛུགས་ཡོད་པའི་སྒོ་ནས་ལག་བསྟར་བྱ་དགོས་པ་དང་། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱས་ཏེ་དོན་དངོས་དང་ཟུང་འབྲེལ་སྒོས་སློབ་སྦྱོང་ཆེན་མོ་དང་བགྲོ་གླེང་ཆེན་མོ་སྤེལ་ནས་བདེན་འཚོལ་དོན་གཉེར་གྱི་སྤྱོད་ཚུལ་དར་སྤེལ་བཏང་སྟེ་རྟོག་ཞིབ་ཆེན་མོའི་ལས་དོན་སྤེལ་ནས་རྟོག་ཞིབ་ཞིབ་འཇུག་དེ་ཐབས་ཇུས་འགོད་སྒྲིག་དང་ལག་བསྟར་གྱི་བརྒྱུད་རིམ་ཡོང་སུ་ཁྱབ་ཏུ་འཇུག་དགོས་པ་དང་། ཁྱོན་ཡོངས་ནས་ཐོག་མའི་དཔྱད་གཞི་ཁོང་དུ་ཆུད་པ་དང་དངོས་ཐོག་བདེན་འཚོལ་གྱིས་གནས་ཚུལ་ཡར་ཞུ་བྱེད་པ། ཕྱོགས་བསྡུས་ཞིབ་འཇུག་ལ་ཡང་དག་པའི་སྡོམ་ཚིག་བཀོད་པར་ཤུགས་སྣོན་བྱ་དགོས། བྱ་བའི་སྒྲིག་ཁྲིམས་གཟབ་ནན་ཡིན་དགོས་ཏེ་ནན་ཏན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་དང་ཞིབ་སྲོལ་དགོངས་དོན་ལག་བསྟར། ཞིང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་གཏན་འབེབས་བཅུ་ལག་བསྟར་དང་ཞིབ་སྲོལ་དོན་འཁྱོངས་བྱས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་ཁྱད་གསོད་བྱས་ཏེ།  རིམ་པ་སོ་སོའི་འགོ་ཁྲིད་སྡེ་ཁག་དང་འགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་ཆེན་མོ་དང་བགྲོ་གླེང་ཆེན་མོ། རྟོག་ཞིབ་ཆེན་མོའི་བྱེད་སྒོའི་ཁྲོད་མིག་དཔེའི་ནུས་པ་འདོན་དགོས་པར་མ་ཟད། གཉིས་ཀ་མི་འཕྱུགས་པ་དང་གཉིས་པར་སྐུལ་འདེད་བྱེད་ཐུབ་དགོས། བྱེད་སྒོ་དང་རྒྱུན་ལྡན་གྱི་ལས་ཀ་ལེགས་པོར་བསྒྲུབས་པར་གཅིག་གྱུར་འཆར་འགོད་བྱས་ནས་སློབ་སྦྱོང་དང་བགྲོ་གླེང་། རྟོག་ཞིབ་ཀྱི་གྲུབ་འབྲས་ཀྱིས་ལས་ཀ་སྤེལ་བར་སྐུལ་འདེད་བཏང་ནས་བཅོས་བསྒྱུར་སྒོ་འབྱེད་གྱི་གྲུབ་འབྲས་ཀྱིས་བྱེད་སྒོའི་ཕན་འབྲས་ལ་དཔྱད་ཞིབ་བྱ་དགོས་པའི་བླང་བྱ་བཏོན།།


  • ལེ་ཚན་སྔོན་མ།:ཀྲུང་གོས་དབུལ་པོ་སེལ་ཐབས་བྱས་པར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ།
  • ལེ་ཚན་རྗེས་མ།:མངའ་རིས་གནའ་རྫས་རྟོག་ཞིབ་ལས་བོད་ཀྱི་བང་སོ་སྔ་ཤོས་རྙེད་པ།
  • དོ་སྣང་ཆེ་བའི་རྩོམ།