བོད་ལྗོངས་ཀྱི་དབུས་རྒྱུད་དུ་གནའ་བོའི་བྲག་བརྐོས་རི་མོའི་དཔྱད་གཞིའི་རྒྱུ་ཆ་གསར་པ་རྙེད་པ།

    མི་དམངས་དྲ་བ།    2018-04-08

བོད་ལྗོངས་ཀྱི་དབུས་རྒྱུད་དུ་གནའ་བོའི་བྲག་བརྐོས་རི་མོའི་དཔྱད་གཞིའི་རྒྱུ་ཆ་གསར་པ་རྙེད་པ།

      ཉེ་ཆར་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གིས་ཁྱབ་བསྒྲགས་བྱས་པར། བོད་ལྗོངས་ལྷ་སའི་ཙི་ཙི་རོང་གྲོང་ཚོ་ནས་རྡོ་ཆས་གསར་མའི་དུས་རབས་དང་། ལྕགས་རིགས་སྔ་མའི་དུས་རབས། བོད་བཙན་པོའི་རྒྱལ་རབས་རྗེས་བཅས་དུས་རབས་གསུམ་རིང་གི་ཙི་ཙི་རོང་གི་བྲག་བརྐོས་རི་མོ་རྙེད་ཡོད་པ་རེད།
     གནའ་རྫས་རྟོག་ཞིབ་ཆེད་ལས་པས་ཚོད་དཔག་བྱས་པར་གཞིགས་ན། ལྕགས་རིགས་སྔ་མའི་དུས་རབས་དང་བོད་བཙན་པོའི་རྒྱལ་རབས་རྗེས་བཅས་དུས་རབས་གཉིས་རིང་གི་དུས་ཡུན་བརྒྱུད་ཡོད་པ་དེས་བོད་ལྗོངས་ཀྱི་དབུས་རྒྱུད་བྲག་བརྐོས་རི་མོའི་ཞིབ་འཇུག་ལ་དཔྱད་གཞིའི་རྒྱུ་ཆ་གསར་པ་བསྣན་ཡོད་ལ། བོད་ལྗོངས་ཀྱི་དུས་རབས་མི་འདྲ་བའི་དུས་ཀྱི་རིག་གནས་ཞིབ་རྟོགས་བྱ་བར་ཞིབ་འཇུག་གི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པ་རེད།
     ཙི་ཙི་རོང་གི་བྲག་བརྐོས་རི་མོ་ནི་ལྷ་སའི་ཤར་རྒྱུད་ཀྱི་ཐག་རིང་ལུང་ཁུག་ཙི་ཙི་རོང་གྲོང་ཚོའི་འཇོག་པོ་རིའི་ནུབ་ངོས་ཀྱི་བྲག་འོག་ནས་རྙེད། བོད་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གི་གནའ་རྫས་རྟོག་ཞིབ་ལས་མི་ཧོ་ཝེ་ཡིས་ངོ་སྤྲོད་བྱས་པ་ན། ཙི་ཙི་རོང་གི་བྲག་བརྐོས་རི་མོ་ལ་ད་ཡོད་རི་མོ་4ཡོད་དེ། དེར་རྟ་དང་ཤ་བ། ལུག ཁྱི། མི་ཧྲེང་། རྟ་རྒྱུག་མདའ་འཕེན། རྐང་འཁོར་བཞོན་པ། མདའ་འཕེན་པ། མཆོད་རྟེན། མཚོན་རྟགས་རི་མོ་སོགས་དང་བོད་ལྗོངས་ཀྱི་དབུས་རྒྱུད་ས་ཁུལ་ཉིང་ཁྲི་ནས་སྔོག་འཚོལ་བྱས་པའི་གསེར་ངོགས་བྲག་བརྐོས་རི་མོའི་ནང་དོན་དང་འདྲ་ཡང་། གསེར་ངོགས་བྲག་བརྐོས་རི་མོའི་མཚོན་བྱའི་ཆ་དང་བརྐོས་པའི་ལག་རྩལ་དེ་བས་ཀྱང་མངོན་པར་བྱང་བའི་ཆ་མཚོན་ཡོད་པ་རེད།

བོད་ལྗོངས་ཀྱི་དབུས་རྒྱུད་དུ་གནའ་བོའི་བྲག་བརྐོས་རི་མོའི་དཔྱད་གཞིའི་རྒྱུ་ཆ་གསར་པ་རྙེད་པ།
     ཧོ་ཝེ་ཡིས་ཙི་ཙི་རོང་གི་བྲག་བརྐོས་རི་མོའི་བྲག་རྡོའི་གནས་ཡུལ་ནི་བྱེ་མའི་བྲག་རྡོ་ཡིན་པས་བྲག་རིའི་ངོས་ལ་ཚད་མི་འདྲ་བའི་རང་བྱུང་གི་གས་ཁ་ཡོད། བྲག་བརྐོས་རི་མོ་ནི་ཚེག་རུབ་རུབ་དུ་བརྐོས་པ་དང་ཡང་སྐྱར་གྱིས་བརྐོས་པའི་ཐབས་གཙོ་བོར་མངོན་པས། པར་རིས་ནི་མཚོན་སྟངས་མི་འདྲ་བར་དབྱེ་ན་འདྲ་རིས་ཀྱི་རྣམ་པ་ཅན་དང་སྐྱ་ཐིག་གི་རང་བཞིན་ཅན་རིགས་གཉིས་ཡོད་ཅིང་། གཟུགས་བརྙན་གྱི་བརྗོད་བྱ་གཙོ་བོ་རྔོན་རྒྱག་པ་དང་ཟོག་འཚོ་བའི་ཚུལ་ཡིན་ལ། གཟུགས་བརྙན་མི་འདྲ་བའི་བར་ལ་གཅིག་ཐོག་གཅིག་གནོན་གྱི་འབྲེལ་བ་ཡོད་ཅེས་ངོ་སྤྲོད་བྱས་འོང་།
     གཟུགས་བརྙན་གཅིག་ཐོག་གཅིག་གནོན་གྱི་འབྲེལ་བ་དང་བརྙན་རིས་ཀྱི་ཉམས་འགྱུར། གཟོང་བརྐོས་ཐབས་ཤེས་ལ་བལྟས་ན། ཧོ་ཝེ་ཡིས་ཚོད་དཔག་བྱས་པར། ཙི་ཙི་རོང་གི་བྲག་བརྐོས་རི་མོ་ནི་ལྕགས་རིགས་སྔ་མའི་དུས་རབས་དང་བོད་བཙན་པོའི་རྒྱལ་རབས་རྗེས་ཀྱི་དུས་རབས་གཉིས་བར་རིང་གི་ཡིན་པར་མངོན་པས། དེས་གནའ་རྫས་རྟོག་ཞིབ་པས་བོད་ལྗོངས་ཀྱི་བྲག་བརྐོས་རི་མོའི་ཁྱབ་ཚུལ་ལ་ངོས་འཛིན་གསར་པ་རྙེད་ཡོད་པར་བརྗོད།

  • ལེ་ཚན་སྔོན་མ།:ཁྲེང་ཏུའུ།—ཁྱུང་མཆུ།—ལྷ་ས་བཅས་བར་གྱི་མཁའ་ལམ་དངོས་སུ་སླར་གསོ་བྱུང་བ།
  • ལེ་ཚན་རྗེས་མ།:སྤྱི་ཁྱབ་ཧྲུའུ་ཅིས་སྔོན་གཤེགས་དཔའ་བོར་རྗེས་དྲན་གནང་བའི་བཀའ་མོལ།
  • དོ་སྣང་ཆེ་བའི་རྩོམ།