2018ལོར་མཚོ་སྔོན་གྱིས་ཞིང་ཆེན་ཡོངས་སུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཁང་ཁྱབ་པ་བྱ་རྒྱུ།

    ཀྲུང་གོའི་་བོད་སྐད་རླུང་འཕྲིན་དྲ་བ།    2018-04-04

      ཉིན་ཤས་གོང་གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། མཚོ་སྔོན་གྱིས་རིམ་རྩིས་བྱས་ན་རྣམ་གྲངས་མ་དངུལ་སྒོར་ཁྲི་5128དོན་འཁྱོལ་བྱས་ནས་ཆ་རྐྱེན་ཚང་བའི་ས་ཁུལ་དུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཁང་400བསྐྲུན་པ་དང་འཛུགས་སྐྲུན་ཁྱབ་ཚད་92%ཟིན་ཡོད། 2018ལོར་ཞིང་ཆེན་ཡོངས་སུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཁང་ཁྱབ་པ་བྱ་རྒྱུ་རེད།

      ཤེས་རྟོགས་བྱུང་བར་གཞིགས་ན། 2013ལོ་ནས་བཟུང་ཀྲུང་དབྱང་ནོར་སྲིད་ཀྱིས་ཆེད་དོན་མ་དངུལ་བཀོད་སྒྲིག་བྱས་ཏེ་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བསྐྲུན་པའི་ཁྲོད་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ནད་བརྟག་སྨན་བཅོས་ཁུལ(ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཁང)གྱི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་གི་རྒྱབ་སྐྱོར་ཐད་སྤྱད་ཡོད་པ་རེད། “ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཁང”གི་འཛུགས་སྐྲུན་རྣམ་གྲངས་ཀྱི་དམིགས་ཡུལ་གཙོ་བོ་ནི་ཤང་གྲོང་རྡལ་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་ཁང་དང་། ནད་བརྟག་སྨན་བཅོས་ཁང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་སྦྱོར་ཁང་། སྨན་བསྐོལ་ཁང་སོགས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་གྱི་ཁོའོ་ཧྲེ་གཅིག་འདུས་ཐོག་བཀོད་སྒྲིག་བྱས་པའི་བརྒྱུད་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་བླང་བྱ་དང་མཐུན་པ་དང་། རང་རྐྱ་འཕེར་བའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་བཅོས་ཀྱི་ཁྱད་ལྡན་ནད་བརྟག་ཁུལ་ཞིག་ཆགས་པ་བྱ་ཆེད་རེད།

      མིག་སྔའི་བར་མཚོ་སྔོན་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་རྣམ་གྲངས་མ་དངུལ་སྒོར་ཁྲི་5128དོན་འཁྱོལ་བྱས་ནས་ཆ་རྐྱེན་ཚང་བའི་ས་ཁུལ་དུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཁང་400བསྐྲུན་པ་དང་འཛུགས་སྐྲུན་ཁྱབ་ཚད་92%ཟིན་པའི་ནང་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཁང་232བསྐྲུན་ཟིན་པ་རེད།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས།
  • ལེ་ཚན་རྗེས་མ།:ཁྲེང་ཏུའུ།—ཁྱུང་མཆུ།—ལྷ་ས་བཅས་བར་གྱི་མཁའ་ལམ་དངོས་སུ་སླར་གསོ་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།